དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

རང་སྡེའི་རིགས་ལ་ཞེན་པ་དཀར་བོའི་མདངས།།

རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།།

རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།།

རང་གི་ནུས་པས་སྲི་ཞུ་ཅུང་ཙམ་སྒྲུབ།།

་་་་་་་་་མཁས་དབང་དགེ་ཆོས་ཀྱིས།།

སྙན་སྒྲོན།

ཆ་འཕྲིན་གྱི་འཕེལ་ཁ་མགྱོགས་པའི་དུས་རབས་འདིའི་ནང་།རང་གིས་ཀྱང་ལྷག་བསམ་དག་མ་ཅིག་གིས་ཀུན་སློང་གཞི་ནས་བསླངས་ཏེ།འདི་འདྲའི་དྲ་ཚིགས་ཤིག་རང་རེའི་སྤུན་ཟླ་ ཚོའི་སྤྱན་སྔར་བསྟར་བ་ནི།དགའ་བ་དང་སྤོབས་པས་ཁེངས་ཡོད་ཅིང་།དྲ་ཚིགས་འདི་ནི་རང་ཉིད་གཅིག་པུས་རྩོལ་བར་བརྟེན་ནས་ལེགས་འགྲུབ་བྱུང་བ་ཡིན་ཕྱིར།དེ་ལྟར་སྐྱོན་ཆ་ཅི་ མཆིས་ལ་དགོངས་འཆར་ལྷུག་པོར་བསྩོལ་བར་བཀའ་དྲིན་ཞུ།

དྲ་ཚིགས་འདིའི་སྤྱོད་སྒོ།

དྲ་ཚིགས་འདི་ལ་བཤེར་ལྟ་བྱེད་ཆོག་པ་ལས། གཞན་ད་དུང་QA2ཀྱི་མ་ལག་བོད་འགྱུར་ཡིན་རྐྱེན། ཉིད་ཀྱིས་ཐོག་མར་ཐོ་འགོད་བྱས་རྗེས་དྲི་བ་བཏོན་ཆོག་ལ་དྲིས་ ལན་ཡང་བརྒྱབ་ཆོག གཞན་གྱི་དྲི་བར་དཔྱད་གཏམ་སྤེལ་ཆོག་ལ་རང་གི་དོགས་གཞི་ཅན་གྱི་དྲི་བར་ཡང་ལན་གདབ་ཏུ་བཅུག་ན་ཆོག

ཁྱེད་ཀྱིས་ཤེས་དགོས་པའི་སྒྲིག་སྲོལ་འགའ།

༡ དྲ་མྱུལ་བ་སུ་ཡིན་རུང་། དྲ་ཚིགས་འདིའི་སྒྲིག་སྲོལ་ལ་བརྩི་སྲུང་བྱ་དགོས། ༢རྒྱལ་ཁབ་ཀྱི་སྲིད་ཇུས་དང་འགལ་བའི་དྲི་བ་དང་དྲིས་ལན་སྤེལ་མི་ཆོགགལ་ཏེ་རིགས་འདི་འདྲ་བྱུང་ཚེ་རང་འགན་རང་གིས་འཁུར་དགོས། ངེད་དྲ་བས་འགན་མི་ཁུར། ༣ དྲ་མྱུལ་བས་གཞན་གྱི་མཚན་སྙན་དང་ཁེ་ཕན་ལ་གནོད་པའི་རིགས་སྤེལ་མི་ཆོག ༤ རྒྱལ་ཁབ་དང་མི་རིགས། ཆོས་ལུགས་སོགས་ལ་དམའ་འབེབས་དང་སྐུར་འདེབས།སྒྲོ་བཏགས་སོགས་ཀྱི་བྱ་བ་མི་བྱེད་པར་མཁྱེན།
༥ ཉིད་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་སྨྱན་ཟློས་དང་།བརྡ་ཁྱབ།གླུ་གཞས་སོགས་སྤེལ་མི་རུང་།
༦རང་རེའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་འགལ་བའི་རིགས་ཅི་མཆིས་པ་ངེད་དྲ་བས་འགན་མི་འཁུར
༧མཐར་ལྗང་མདོག་གི་དྲ་བའི་ཁོར་ཡུག་ཅིག་བསྐྲུན་པར་བཀའ་དྲིན་ཞུ།


མི་ཤེས་དྲི་བ་སྤེལ་ས་དང་།།

གཞན་གྱི་དྲི་བར་ལན་སྤེལ་སའི།།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས།།

སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།།


ངེད་ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་དྲ་རྒྱར་བརྟེན་ནས་མི་རིགས་རིག་གནས་དར་སྤེལ་དང་བརྒྱུད་སྒྲོག་བྱེད།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...