ལེགས་སྦྱར་སྐད་ནི་གནའ་བོ་རྒྱ་གར་གྱི་སྤྱི་སྐད་དང་། བྲམ་ཟེ་ཆོས་ལུགས་དང་ཧིན་རྡུ་ཆོས་ལུགས་ཀྱི་རྒྱུན་སྤྱོད་སྐད་རིགས་ཡིན། རྗེས་སུ་ཉམས་རྒུད་དུ་སོང་ནས་འཇིགས་ཉེན་གྱི་སྐད་ཡིག་ཅིག་ཏུ་གྱུར།ད་ལྟ་རྒྱ་གར་ཡོངས་ན་ལེགས་སྦྱར་སྐད་ཕ་སྐད་དུ་བཟུང་བའི་མི་གྲངས་ཁྲི་ཚོད་གཅིག་ཡས་མས་མ་གཏོགས་མེད།
སྒྲ་རིག་པ་ཟེར་དུས་སྒྲ་གཞུང་ཆེན་པོ་བཞི་བོ་ལ་གོ་དགོས། དེ་དག་ནི་སྒྲ་པ་ལུ་བ་དང་དེ་ལས་འཕེལ་བའི་ཀ་ཙན་དབྱངས་གསུམ་ཡིན།
ཀ་ཙན་དབྱངས་གསུམ་གྱི་ཁྲིད་རྒྱུན་ནི་གནའ་ནས་ད་བར་དུ་ཆད་མ་མྱོང་། འོན་ཀྱང་། སྒྲ་པ་ཎི་བའི་ཁྲིད་རྒྱུན་བར་སྐབས་ཞིག་ལ་ཆད་སོང་བ་ཡིན། རིག་གསར་མཇུག་རྫོགས་རྗེས། བླ་བྲང་དགོན་པའི་རྩིས་རམས་པ་ཤེས་རབ་ཆོས་འཕེལ་ལགས་པཎ་ཆེན་རིན་པོ་ཆེ་ཐུགས་འདུན་ལྟར་རྒྱ་གར་ལ་བྱོན་ནས་སྒྲ་པ་ཎི་བའི་ཁྲིད་རྒྱུན་ཆ་ཚང་གསན་ནས། སྒྲ་པ་ཎི་བའི་ཁྲིད་རྒྱུན་བསྐྱར་གསོ་བྱས།