འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༼སྦ་བཞེད་༽ཀྱི་རྩོམ་པ་པོ་སུ་ཡིན།

འདེམ་ཤོག 0

དྲིས་ལན་ 1 ཡོད།

འདེམ་ཤོག 0

《སྦ་བཞེད》ནི་སྦ་གསལ་སྣང་གི་བཞེད་པ་ཡིན་པར་གྲགས། དེའི་ནང་དུ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་རྒྱུས་དོན་རྐྱེན་རྣམས་ཐོ་འགོད་བྱས་ཡོད་པས། བོད་ཀྱི་ཡིག་ཆ་སྔ་ཤོས་ཀྱི་གྲས་ཡིན། བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་ཀྱང་དཔེ་ཆ་འདི་གཙིགས་ཆེན་དུ་བཟུང་ནས་སྒྲུབ་བྱེད་ལུང་དུ་འདྲེན་པ་མང་པས་དཔེ་ཆ་འདི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན་པའི་རིན་ཐང་གསལ་པོར་མཚོན་ཡོད།

《སྦ་བཞེད》གྱི་རྩོམ་པ་པོ་སྦ་གསལ་སྣང་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་ཆེན་ཞིག་སྟེ། དུས་རབས་བརྒྱད་པའི་དུས་དཀྱིལ་ནས་དུས་མཇུག་གི་མི་ཡིན། སྔར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་བཞིན་རྒྱ་གར་ནས་མཁན་ཆེན་བི་དྷི་སཏྭ་བོད་དུ་གདན་དྲངས། མཁན་པོས་གསལ་སྣང་ལ་ཡེ་ཤེས་དབང་པོ་ཞེས་པའི་མཚན་གསོལ། ཁོང་ནི་བོད་ཀྱི་རབ་བྱུང་ཐོག་མ་སད་མི་མི་བདུན་གྱི་ཡ་གྱལ་རེད། ཡང་ཁ་ཅིག་གིས་སྦ་བཞེད་ནི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་བརྩམས་པར་འདོད། ཁུ་སྟོན་ནི་བསྟན་པ་ཕྱི་དར་སྐབས་ཀྱི་མི་སྣ་གཙོ་བོ་ཞིག་ཡིན། ཁོང་གི་བླ་མ་ནི། བསམ་ཡས་ཁུལ་ལ་དབང་བསྒྱུར་མཁན་ཡེ་ཤེས་རྒྱལ་མཚན་བྱ་བས་མདོ་སྨད་དུ་མངགས་ནས་བླ་ཆེན་དགོངས་པ་རབ་གསལ་ལས་རབ་དུ་བྱུང་བའི་དྲི་མེད་ཚུལ་ཁྲིམས་འབྱུང་གནས་ཞེས་པ་དེ་ཡིན། ཁོང་གིས་ཇོ་བོ་རྗེའང་བླ་མར་བསྟེན་མྱོང་། ཡང་འགའ་ཞིག་གིས་ཁུ་སྟོན་གྱིས《སྦ་བཞེད་ཞབས་བཏགས་མའི》ཞབས་བཏགས་ཀྱི་ཆ་བརྩམས་པར་འདོད།

《སྦ་བཞེད》ལ་བྲིས་མ་མི་འདྲ་བ་མང་པོ་ཡོད།  དེའང་རྒྱས་འབྲིང་བསྡུས་གསུམ་དུ་ཕྱེ་ཡོད། བོད་ལྗོངས་ཡིག་ཚགས་ཁང་དུ་བྲིས་མ་མི་འདྲ་བ་ལྔ་ཡོད་ལ། མི་རིགས་རིག་གནས་ཕོ་བྲང་དུ་བྲིས་མ་གཅིག་ཡོད། 《སྦ་བཞེད》དུ་བཙན་པོ་ཁྲི་ལྡེ་གཙུག་བརྟན(704-755བར་ཁྲིར་བཞུགས)གྱི་སྐབས་སུ་བསྟན་པ་ཇི་ལྟར་དར་བའི་གནས་ཚུལ་ནས་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་པའི་བར་གྱི་ལོ་རྒྱུས་བྲིས་ཡོད། 《སྦ་བཞེད་ཞབས་བཏགས་མ》རུ་ཇོ་བོ་རྗེ་བོད་དུ་ཕེབས(སྤྱི་ལོ1038)ཚུལ་ལ་ཐུག་གི་བར་དུ་བྲིས་ཡོད། དེ་ཡང་དོན་དངོས་གཞིར་བཟུང་ནས་བྲིས་ཡོད་པས་བསྟན་བཅོས་འདི་ཉིད་བོད་ཀྱི་རྒྱལ་རབས་ཆོས་འབྱུང་དག་གི་ཕྱི་མོར་གྱུར་ཡོད།

སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་སྦ་སང་ཤི་ཡང་ལོ་རྒྱུས་འདི་མཛད་མཁན་དུ་བཞེད། སྦ་སང་ཤི་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སངས་རྒྱས་ཆོས་ལུགས་སྤེལ་བར་བྱས་རྗེས་ཆེ་བའི་བློན་ཆེན་ཞིག་ཡིན་ལ། རྒྱལ་པོའི་བཀའ་བཞིན་རྒྱ་ནག་ཏུ་ཆོས་ཞུ་བར་ཕེབས་མྱོང་།

བོད་ཀྱི་ལོ་རྒྱུས་ཡིག་ཚང་ལས་ཏུན་ཧོང་གཏེར་ཡིག་གི་འཕྲོར《སྦ་བཞེད》ནི་ཅུང་སྔ་བའི་ལོ་རྒྱུས་དེབ་ཐེར་དུ་བརྩིས་ཆོག རྒྱུ་མཚན་ནི། གོང་དུ་བཀོད་པའི་ལོ་རྒྱུས་དང་ཆོས་འབྱུང་དག་གིས《སྦ་བཞེད》ལས་དྲངས་པ་ལ་དཔག་ན། བསྟན་བཅོས་འདི་དུས་རབས་བརྒྱད་པའི་སྐབས་སུ་མཛད་པ་མིན་པའི་དབང་དུ་བཏང་ནའང་། མ་མཐའ་ཡང་དུས་རབས་བཅུ་གཅིག་པའི་ཡར་སྔོན་ལ་མཛད་པ་ཁག་ཐེག་བྱེད་ཐུབ།

《སྦ་བཞེད》དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་རྒྱུས་དོན་རྐྱེན་རྣམས་ཐོ་འགོད་བྱས་ཡོད་པས། བོད་ཀྱི་ལོ་རྒྱུས་ཡིག་ཆ་སྔ་ཤོས་ཀྱི་གྲས་ཡིན། དེབ་ཐེར་འདིའི་བརྗོད་པར་བྱ་བ་གཙོ་བོ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་རྒྱུས་ཅུང་ཞིབ་པ་ཞིག་ཡིན་ཏེ། རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་བོད་རྗེ་ཁྲི་གཙུག་ལྡེ་བཙན་གྱི་ཁབ་ཏུ་བཞེས་ནས་ཁྲི་སྲོང་ལྡེ་བཙན་སྐུ་བལྟམས་པ་དང་། མཁན་ཆེ་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་གདན་དྲངས་ནས་དམ་པའི་ཆོས་བོད་དུ་དར་སྤེལ་བཏང་བ། སྦ་སང་ཤིས་རྒྱ་ནག་ནས་གཙུག་ལག་ཞུས་པ། བན་བོན་གཉིས་ཀྱི་འཐབ་རྩོད། བསམ་ཡས་གཙུག་ལག་ཁང་བཞེངས་པ། སློབ་དཔོན་ཀཱ་མ་ལ་ཤཱི་ལ་དང་རྒྱའི་ཧྭ་ཤང་གཉིས་ཀྱི ཏྭོན་རྩེན་རྩོད་པ། མུ་ནེ་བཙན་པོ་རྒྱལ་སྲིད་ལ་བཀོད་ཚུལ། བཙན་པོའི་བཀའ་གཙིགས་བསྒྲགས་པ། སྒྲ་བསྒྱུར་བཙུགས་ཏེ་ཆོས་བསྒྱུར་བ་སོགས་སྐབས་དེའི་ཆབ་སྲིད་ལམ་ལུགས་དང་དཔལ་འབྱོར་རིག་གནས་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་ཅུང་གསལ་བོ་བཀོད་འདུག

དྲིས་ལན་ཆེས་གསར་བ། ཟླ 8 18, 2016 སྤྱོད་མཁན།: མདའ། (སྐར 213 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...