འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
ཆེས་གསར་བའི་དྲི་བ། ཟླ 10 16, 2017 རིགས་གྲས།:བརྡ་ཁྱབ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,733 )
འདེམ་ཤོག 0
དྲིས་ལན 0
ཆེས་གསར་བའི་དྲི་བ། ཟླ 2 11, 2017 རིགས་གྲས།:བརྡ་ཁྱབ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

སྒར་བྲིས་བརྒྱུད་འཛིན་པ་ཀར་ཤོད་ཤོག་མཁན་ཚང་གི་ལྷ་བྲིས་པའི་ངོ་སྤྲོད།

འདེམ་ཤོག 0

སྒར་བྲིས་བརྒྱུད་འཛིན་པ་ཀར་ཤོད་ཤོག་མཁན་ཚང་གི་ལྷ་བྲིས་པའི་ངོ་སྤྲོད།

 རི་མོའི་བྱུང་བ་མདོ་ཙམ་བརྗོད་ན།  སྤྱིར་འཛམ་བུ་གླིང་འདིར་འགྲོ་བ་མིའི་རིགས་ཐོག་མར་བྱུང་བ་ནས་བཟུངརིག་པའི་གནས་རྣམས་དར་འགོ་ཚུགས་པ་དང་སྦྲག་མི་རྣམས་ཀྱི་ཚེ་ལོ་འབུམ་ཕྲག་ལས་བྲི་བའི་སྐབས་རྒྱལ་པོ་འཇིགས་ཐུལ་ཞེས་བྱ་བ་ལ་བྲམ་ཟེ་གཞོན་ནུ་དུས་མིན་འཆི་བ་ལས་སྐྱོབ་ཆེད་འདྲ་རིས་ཚངས་པས་འབྲི་རུ་གཅུག་པ་ལས་རི་མོ་ཐོག་མར་བྱུང་བ་རིག་བྱེད་གཏམ་རྒྱུད་ལས་བཤད་པས་རིམ་བཞིན་རི་མོའི་སྒྱུ་རྩལ་བྱུང་བ་དང་དུས་མཚུངས་རང་རེ་ཁ་བ་གངས་རིའི་ལྗོངས་འདིར་ཡང་སྤྱི་ལོའི་སྔོན་གྱི་ལོ་རབས་སྟོང་ཕྲག་དུ་མའི་སྔོན་ནས་ཀྱང་རི་མོའི་སྒྱུ་རྩལ་འཐུས་ཚང་ཞིག་ཡོད་པར་མངོན་ཏེ།  དེ་ཡང་རུ་ཐོག་རྫོང་ནས་མི་ལོ་ཁྲི་ཕྲག་ཡན་གྱི་ལོ་རྒྱུས་དང་ལྡན་པའི་བྲག་རྐོས་རི་མོ་དང་ཆབ་མདོ་ཁ་རུབ་གནའ་ཤུལ་ནས་ལོ་ངོ་བཞི་སྟོང་ཡན་གྱི་རི་མོ་སྣ་ཚོགས་དང་ལྡན་པའི་རྫ་མའི་རིགས་རྙེད་པ་སོགས་ཀྱིས་ངང་གིས་ཤེས་ནུས།  གཞན་ཡང་སངས་རྒྱས་ཆོས་ལུགས་དང་འབྲེལ་བའི་རི་མོའི་ཐོག་མ་ཡང་སྐལ་བཟང་རྣམ་འདྲེན་གསུམ་པ་སངས་རྒྱས་འོད་སྲུང་གི་བསྟན་པའི་སྐབས་སུ་བྱུང་བར་གསལ་ཏེ་སྐབས་དེ་དུས་ཀྱི་བཟོ་བོས་བྱས་པའི་རྩེ་ཕོ་བྲང་གི་གསང་འདུས་འཇམ་རྡོར་སོགས་རང་རེའི་འདྲེན་བྱེད་ཀྱི་ལམ་དུ་མངོན་པར་གསལ་བས་གྲུབ་ལ། ཕྱིས་སུ་རྣམ་འདྲེན་བཞི་པ་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ་མཚོན་ན་སྤྱི་ལོའི་སྔོན་གྱི་ལོ་༦༠༠ ཡར་མར་དུ་སྟོན་པ་རང་ཉིད་ཞལ་བཞུགས་སྐབས་སུ་རྒྱལ་པོ་གཟུགས་ཅན་སྙིང་པོས་རྒྱལ་པོ་ཨུ་ཊ་ཡ་ནར་སྐྱེས་སུ་བསྐུར་བར་བཞེངས་པའི་ཐུབ་པ་བྲིས་སྐུ་ཆུ་ལོན་མའམ། ཆུ་བྲིས་མ་དེ་ནི་ནང་བསྟན་གྱི་བྲིས་སྐུའི་ཐོག་མ་ཡིན་པར་གྲགས་སོ། ། བྱེ་བྲག་སྒར་བྲིས་ཀྱི་བྱུང་བ་དང་བརྒྱུད་འཛིན་པ་བཤད་པ་ནི། བོད་འདིར་མངའ་བདག་ཁྲི་རལ་གྱི་དུས་སུ་བལ་པོའི་ལྷ་བཟོ་བོས་ཏེ་བཀྲ་ཤིས་དགེ་འཕེལ་གྱི་ལྷ་ཁང་དུ་ནང་བསྟན་སྐུ་བརྙན་རྣམས་བསྐྲུན་པས་རི་མོའི་སྲོལ་ཐོག་མར་བྱུང་བ་ལས་དེ་ལའང་སྨན་རིས་གསར་རྙིང་དང་། མཁྱེན་ལུགས་རི་མོ། ཀརྨ་སྒར་བྲིས་བཅས་ཀྱི་བཟོ་རྒྱུན་གྱི་རི་མོའི་རིགས་འགའ་བྱུང་བ་ལས་སྐབས་དོན་གྱི་བཤད་པར་བྱ་བ་སྒར་བྲིས་ཆེན་མོ་ནི།  དེའི་སྲོལ་འབྱེད་བཀྲ་ཤིས་རྣམ་གསུམ་ལས་བྱུང་བ་ཡིན་ལ།  བཀྲ་ཤིས་རྣམ་གསུམ་གྱི་ཡ་གྱལ་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ནི། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་དངོས་སློབ་ཡིན་ཞིང་།  རྗེ་ཉིད་ཀྱིས་འཕྲིན་ལས་ཀྱི་བྱེད་པོར་ལུང་བསྟན་པ་ལྟར།  སྐུ་ན་ཆུང་ངུའི་དུས་ནས་སློབ་དཔོན་དུ་མར་བསྟེན་ནས་བཅུ་ཕྲག་རིག་གཞུང་ལ་སྦྱངས་པ་མཛད་པ་དང་། ལྷག་པར་རི་མོའི་གནས་ལ་མཁས་པར་གྱུར་ནས་སྔོན་གྱི་རི་མོ་འགའ་ལ་དཔེ་བྱས་ཏེ། སྐུ་ཚུགས་རྒྱ་གར་དང་མཐུན་པ། མཚོན་མདངས་རྒྱ་ནག་དང་མཐུན་པ། ཡུལ་བཀོད་བོད་ལུགས་སུ་གྲགས་པ། ཡུལ་ཆེན་པོ་གསུམ་གྱི་ཡོན་ཏན་དག་ཕྱོགས་གཅིག་ཏུ་འདུས་པའི་ཀརྨ་སྒར་བྲིས་ཉིད་ཀྱི་སྲོལ་ཐོག་མར་ཕྱེས་པའོ། ། ཆོས་བཀྲ་ཤིས་ནི། དེའུ་དམར་དགེ་བཤེས་ཀྱི་ཞལ་སློབ་ཅིག་ཡིན་ལ། ཁམས་པ་སྒར་དུ་ཁམས་པ་ཀུན་དགའ་བསྟན་འཛིན་གྱིས་ཞལ་བཀོད་ལྟར་བཀའ་བརྒྱུད་གསེར་ཕྲེང་གི་ཞལ་ཐང་སོགས་མང་དུ་བཞེངས་བར་བཤད་པས། མདོར་ན་མཁས་དབང་དེ་ཉིད་རྫ་རྒྱུད་ཀྱི་ཕྱོགས་སུ་སྒར་བྲིས་འཛིན་སྐྱོང་སྤེལ་བའི་སྲོལ་འབྱེད་ལྟ་བུར་གྱུར་ཏོ། །
 ཀར་ཤོད་ཀརྨ་བཀྲ་ཤིས་ནི་རྒྱལ་མཆོག་བཅུ་གཉིས་པ་དང་སི་ཏུ་ཆོས་ཀྱི་འབྱུང་གནས་རྣམས་ཀྱི་སྐུ་དུས་སུ། མདོ་ཁམས་ཀར་ཤོད་ལུང་པར་སྐུ་འཁྲུངས། ཀརྨ་དགོན་དུ་གྲྭ་པ་བྱས་ཤིང་ཁོང་གི་རི་མོའི་སྒྱུ་རྩལ་ལས་སྐྱེས་རབ་དཔག་བསམ་འཁྲི་ཤིང་གསར་འབྲི་གནང་བ་སོགས་ཀྱི་མཛད་པས་ཀརྨ་སྒར་བྲིས་ཀྱི་སྲོལ་ཆེས་ཆེར་གསལ་བར་མཛད་དོ།།འདི་གསུམ་ལ་བཀྲ་ཤིས་རྣམ་གསུམ་ཞེས་ཡོངས་སུ་གྲགས་ལ། དེ་ཡང་ཤེས་བྱ་ཀུན་ཁྱབ་ལས།  ཀར་ཤོད་ཀརྨ་བཀྲ་ཤིས་ཀྱི་
རྒྱུད་ད་ལྟའང་གནས་ཞེས་གསུང་པ་ལྟར། ཀརྨ་སྒར་བྲིས་ཀྱི་བརྒྱུད་འཛིན་པ་ཤོག་མཁན་འཇམ་དབྱངས་ནམ་མཁའ་ནི་སྤྱི་ལོ་༼༡༩༧༢༽ཀར་ཤོད་གདུང་གྲུ་གྲོང་དུ་སྐུ་འཁྲུངས།  ཁོང་སྐུ་ན་གཞོན་དུས་ནས་༼༡༩༨༤༽ཡབ་བདེ་ཆེན་འགྱུར་མེད་ལས་རི་མོ་དང་ཐིག་རྩ་ལ་སླབས་ཤིང་རིང་པོར་མ་ལོན་པར་ལྷ་བྲིས་ལ་མཁས་པར་གྱུར།༼༡༩༨༨༽ལོར་ཀརྨ་པའི་གདན་ས་འོག་མ་སྟོད་ལུང་མཚུར་ཕུ་རུ་བསྒྲུབ་དཔོན་བདེ་ཆེན་རིན་པོ་ཆེ་མཆོག་གི་བཀས་སྐུལ་བ་ལྟར་གུ་རུ་མཚན་བརྒྱད་ཀྱི་ཞལ་ཐང་སྒར་བྲིས་ལུགས་སུ་གསར་གཏོད་གནང་ཞིང་སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་དང་བཀའ་བརྒྱུད་གོང་མ་རྣམ་ལྔ་སོགས་ལྡེབ་རིས་དང་ཐང་ཀ་མང་པོ་བྲིས་པས་དབུ་མཛད་ཀྱི་འགན་བཞེས་ཏེ།  ཀུན་གྱིས་བསྟོད་བསྔགས་ཐོབ།   ༼༡༩༩༠༽ལོར་འཛི་སྒར་དགོན་དུ་བརྒྱུད་སྡེ་དང་མཛད་བཅུ་སོགས་འབྲི་བའི་དབུ་མཛད་གནང་བ་དང་༼༡༩༩༤༽ཡོར་ལྷ་སྟེང་དགོན་དུ་ལྡེབ་བྲིས་སོགས་འབྲི་བའི་འགན་ཡང་བཞེས། ༼༡༩༩༥༽ཀརྨ་པ་དུས་གསུམ་འཁྱེན་པའི་གདན་ས་བར་པ་ཀརྨ་དགོན་དུ་ལྡེབ་རིས་འབྲི་བའི་འགན་བཞེས་པ་དང་།༼ ༡༩༩༧༽ལོར་སྡེ་དགེ་བ་དཀོན་མཆོག་བཀྲ་ཤིས་ལ་གནས་བརྟེན་གྱི་ཐང་ཀ་ཉེར་གསུམ་མ་སོགས་བྲིས་པ་ལ་བརྟེན་ནས་མདོ་ཁམས་ལྷ་སྐུའི་གླིང་དབུ་ཚུགས་པའི་བདག་རྐྱེན་དུ་གྱུར།༼༢༠༠༠༽ལོར་ལྷ་མོ་བླ་མཚོ་ཐང་ཀའི་རྒྱུ་རྩལ་གླིང་དུ་ཐང་ག་འབྲི་བའི་འགན་ཡང་བཞེས།  ༼༢༠༠༤༽ལོར་གེ་སར་སྟོང་ཐང་འབྲི་སྐབས་ཐང་ཀ་བརྒྱ་ལྷག་གིས་དབུ་མཛད་ཀྱིས་མགན་བཞེས་གནང་བ་དང་། ༼༢༠༡༢༽ལོར་སྡེ་དགེ་བཀྲ་ཤིས་འཁྲི་གླིང་དགོན་དུ་གུ་རུའི་རྣམ་ཐར་ལྡེབ་རིས་སུ་བྲིས།   ༢༠༡༤ལོར་བསྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་ཀྱི་ཞལ་ཐང་སྒར་ལུགས་སུ་གསར་གཏོད་གནང་།   ད་དུང་རང་ཡུལ་གྱི་བུད་མེད་ཀྱི་རི་མོ་བའི་དགེ་རྒན་ཐོག་མ་དེའང་ཆགས་ཡོད།   噶玛嘎孜画派传承人加永郎卡简介
噶玛嘎孜画派属于藏族唐卡的三大流派(勉唐画派丶钦泽画派丶噶玛嘎孜画派)之一,流行于藏区东部,和西藏昌都为中心,相传在16世纪由南喀扎西活佛创建,以噶巴法会而得名,又译“嘎玛嘎赤画派”,亦简称“噶孜派”。噶玛嘎孜画派及其绘画技术艺与颜料配置己于2006年被列入第一批国家一级非物质文化遗产名录,显示其独特的文化含金量和重要的艺术价值。
噶玛嘎孜画派传承人加永郎卡于1972降生在嘎学冻中村, 幼年时(1984)在其父亲著名的德庆居美膝下学习绘画,不久成名于世,创造出许多优秀作品,为绘画技艺做出了巨大的贡献。1988年,在噶玛嘎孜画派寺院一沃玛多隆寺按主持大师的嘱托完成噶玛嘎孜画派《莲花生八号》、《八大法行》、《五大法师》等多个唐卡画的绘制,获得不少人士的赞赏,并任其寺院的令诵师。1990又前往紫噶寺院带领完成唐卡《续部》和《十行》的创作。1994又前往拉登寺负责完成该寺院的壁画。1995年在噶玛杜松钦巴创建的寺院噶玛丹萨寺,负责完成该寺院的壁画。1997年又完成了纳木拉措唐卡艺术院的唐卡绘制工作。2004年在噶玛波希公司启动格萨尔千幅唐卡画绘制工作时,他负责绘制百幅唐卡画的工作,2014年在德格扎西慈岭寺院负责绘制莲花传记的壁画,他还担任过故乡妇绘画的第一任导师。成绩如此卓越的他,是因为获得了其爷爷和父亲的真传;他的爷爷是二十世纪初家喻户哓的噶玛嘎孜画派画家泽仁翁迦,泽仁翁迦精通噶孜派绘画,其主要弟子有他的儿子丹曾多吉,中期有周扎 仁咤多迦,至今还健在的专家戛学噶玛德勒等诸多弟子,他继承和发扬了其爷爷泽作翁迦和父亲德庆居美的祖传绘画艺术。他们祖祖辈辈传承并保护着被列入第一批国家非物质文化遗产名录的绘画技艺。在动荡年间,藏文化以及文物古迹不幸遭遇破坏时,加永郎卡的祖辈们不怕艰险,千辛万苦保护了以噶举派黄金珠原本为主的许多文物古迹,为保护民族文化做出了巨大的贡献。滚滚㓋流之后,又恢复了宗教信仰自由,祖辈们保护下来的这些文物,加永郎卡将其一一奉献给了噶玛派大寺院噶玛寺院,其中有噶举派黄金珠原本,大明皇帝赐予噶玛巴的附有汉字的刺绣绘画等,这些文物价值连城,这些文物的归来使噶玛寺院又恢复了当年的辉煌。
མཇུག་མཐར།
མཁས་དབང་དམ་པ་རྣམས་ཀྱིས་འཇམ་དབྱངས་ནམ་མཁའ་དང་ཡེ་ཤེས་ཀུན་ཁྱབ་གཉིས་ཀྱིས་བྲིས་པའི་རི་མོ་དེ་དག་ལ་དགོངས་འཆར་དང་ཐུགས་ཁུར་གནང་བར་རེ་འབོད་བཅས།
མེ་སྤྲེལ་ལོའི་ཟླ་ཚེས་བཟང་པོའི་ཉིན།
འབྲེལ་ལམ།  13989951511   18189009023


 

ཆེས་གསར་བའི་དྲི་བ། ཟླ 8 24, 2016 རིགས་གྲས།:བརྡ་ཁྱབ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...