འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

བཅོས་མིན་སེམས་ཀྱི་མཛུབ་སྟོན། ས་དམར་འབྲུག་རྒྱལ་མཁར།

འདེམ་ཤོག 0

བཅོས་མིན་སེམས་ཀྱི་མཛུབ་སྟོན།
 
 ས་དམར་འབྲུག་རྒྱལ་མཁར།

 

ཀ་མད་སུམ་ཅུའི་ཀློག་འདོན་མི་ཤེས་པའི།།
ཁ་བ་ཅན་གྱི་རིགས་མཐུན་ལོ་ཆུང་ཚོ།།
ག་བྱེད་འདི་བྱེད་མེད་པའི་ཚུལ་མཐོང་ཚེས།།
ང་ཡང་བོད་པ་ཡིན་པ་བརྗེད་ལ་ཉེ།།

ཅ་ཅོ་འུར་སྒྲས་ཁེངས་བའི་ན་གཞོན་ཚོ།།
ཆ་མིན་ལུགས་མིན་རྗེས་ལ་མི་འབྲང་བར།།
ཇ་མིན་ཆང་ལས་ཉིན་མཚན་འདའ་བ་འདི།།
ཉ་ཉོག་བཤད་མཁན་བླུན་པོ་ཡིན་ཡང་སུན།།

ཏ་ལའི་བསྟན་ལ་ཞུགས་པའི་སེམས་མེད་ཀྱང་།།
ཐ་ཤལ་མི་ཡི་རྗེས་འཇུག་མ་བྱེད་ཅིག།
ད་ལྟ་དུས་རབས་གསར་བའི་རྗེས་འབྲངས་ན།།
ན་མཉམ་རིགས་གཞན་དག་ལ་མིག་རྒྱང་ལྟོས།།

པ་ཏྲའི་རི་མོ་ཕྱི་ལ་གོན་ན་ཡང་།།
ཕ་མ་བཟང་བོའི་གོམས་གཤིས་མ་བརྗེད་ཅིག།
བ་གླང་ཁྲོད་ནས་མི་ཚེ་ཟད་ན་ཡང་།།
མ་ཤེས་ལོ་ལོན་རྣམས་ལ་ཡང་ཡང་དྲིས།།

ཙ་རིར་སྐོར་ལམ་འདྲ་བའི་དམིགས་འདུན་ཞིག།
ཚ་ཚ་འུར་འུར་ལྡན་པའི་མི་ཚེ་ཞིག།
ཛ་དྲགས་ཅན་གྱི་སྒང་བ་བོད་པ་གཅིག།
ཝ་ལེར་བསམས་ནས་རང་གིས་ཧུར་བརྩོན་བྱོས།།

ཞ་སྨྱུག་འཛིན་པའི་གོ་སྐབས་མ་རེག་ཀྱང་།།
ཟ་སྲོལ་གོན་སྲོལ་གཤིས་བཟང་དམ་དུ་བཟུང་།།
འ་ཅག་རྣམས་ལ་མཁོ་བའི་སྲོལ་བཟང་འདི།།
ཡ་མ་ཟུང་ཞིག་མིན་པ་སེམས་ལ་བཟུང་།།

ར་མ་ལུག་གི་རྗེས་འབྲང་མི་བྱེད་པར།།
ལ་ལུང་འགྲིམ་པའི་ཉམས་མྱོང་མི་ལ་དྲིས།།།
ཤ་ཆང་ཁྲོད་ཀྱི་བཟི་གཏམ་མ་ཡིན་པར།།
ས་གནས་གཅིག་པའི་སྤུན་གྱི་སྙིང་གཏམ་ཡིན།།

ཧ་ཅང་གོ་རྒྱུ་མེད་ན་དེ་ལྟར་བྱ།།
ཨ་ལ་ལ་མོའི་ལེན་བཞིན་མ་འཕྱ་ཞིག།
ཧ་ལམ་དེ་འདྲ་རེད་ཅེས་བསམ་ཡོད་ན།།
ཨ་མའི་བུ་ལོ་མ་གཡེང་སེམས་ལ་བཟུང་།།


 

ཆེས་གསར་བའི་དྲི་བ། ཟླ 10 30, 2016 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,633 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...