འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
ཆེས་གསར་བའི་དྲི་བ། ཟླ 12 7, 2016 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

སྙན་གྲགས་སྤེལ་བྱེད་ཀྱི་ཐབས་ངན། གངས། རེབ་གོང་གསེར་མོ་ལྗོངས།

འདེམ་ཤོག 0

སྙན་གྲགས་སྤེལ་བྱེད་ཀྱི་ཐབས་ངན།
      
    གངས། རེབ་གོང་གསེར་མོ་ལྗོངས།

ཉེ་སྔོན་ངའི་བྲིས་པའི་འབོལ་རྩོམ་གསར་བ་ཆབ་སྲིད་མི་ཤེས་པའི་དགེ་ཆོས་དང་བོད་རྒན་པ་དོན་འགྲུབ་རྒྱལ་དང་ཞོགས་དུང་ཞེས་པ་ལ་གནས་ལུགས་མི་ཤེས་པའི་བོད་ཀྱི་ཞར་ར་འོན་པ་སྐོར་ཁག་འགའི་ང་ནི་སྙན་གྲགས་འཚོལ་མཁན་ཞིག་ཡིན་པས་ཉོག་གཏམ་འབའ་ཞིག་བསྒྲགས་པ་ལས་ཅི་ཡང་མ་མཆིས་སོ་ཞེས་ཟེར་ལ།རེད་དེ་ང་རང་སྙན་གྲགས་ལ་དགའ་བར་བདེན་ལ་སྙན་གྲགས་ཞེས་པའི་ཡིག་འབྲུ་འདི་དག་ལ་དགའ་མཁན་འང་ཧ་ཅང་མང་ངོ་།།ཡིན་དང་སྙན་གྲགས་རིག་གནས་ཀྱི་སྟེང་ནས་བཙལ་ན་དོན་སྙིང་དང་ལྡན་པ་ཡིན་མོད།དེ་ལ་བརྟགས་དཔྱད་མེད་པར་ཕ་རོལ་བ་དེ་མཁས་ཙམ་གྱིས་མགོ་སྒུར་བ་ཡིན་ན་ཁྱོད་རང་ལ་རིགས་པའི་གནས་ཤིག་སྦྱང་མཁན་ཞིག་གི་རྩལ་མེད་དོ།།དེ་བས་ང་རང་སྙན་གྲགས་ལ་དགའ་འང་ངས་གནས་ལུགས་ཀྱི་སྟེང་ནས་སྙན་གྲགས་བཙལ་བཞིན་ཡོད་ལ།དེའང་དཔྱད་པ་དང་སྙིང་སྟོབས་ཀྱི་གཤིས་ཀ་ལ་རྟེན་ཡོད་ལ་འདི་ལྟ་བུ་ཞིག་ལ་མ་རྟེན་པར་ང་རང་ལ་སྙན་གྲགས་ཐོབ་འང་དེ་ལ་སྤྲོ་ཙམ་ཡང་མེད་དོ།།འདིར་སྐབས་སུ་བབ་པ་སྙན་གྲགས་སྤེལ་བྱེད་ཀྱི་ལམ་གསར་བ་ཞིག་གི་ངོ་བོ་གླེང་བར་བྱ།སྐབས་འདིར་བོད་ལ་འཕེལ་རྒྱས་གསར་བ་ཞིག་འོང་གི་འདུག   དེ་ནི་དཔལ་འབྱོར་འཕེལ་རྒྱས་མ་ཡིན་ལ་སྐད་ཡིག་འཕེལ་རྒྱས་དེ་བས་ཀྱང་མ་ཡིན་ནོ།།འཕེལ་རྒྱས་གསར་བ་དེ་ནི་མི་གཤིས་ཀུན་སྤྱོད་བོར་ནས་གཞན་གྱིས་ངོ་གདོང་ལས་རང་ལ་སྙན་གྲགས་སྩོལ་པའི་འཕེལ་རྒྱས་ཤིག་ཡིན།གཅིག   ཚེ་ཐར་སྲོག་བླུ་ཞེས་པ་དེ་ཡིན་ལ།ཚེ་ཐར་སྲོག་བླུ་བྱེད་མཁན་ཚོ་ལ་དོན་གྱིས་སྙན་གྲགས་ཤིག་དགོས་འདོད་པ་ཡིན་ལ།དེ་ནི་སྒོར་མོ་མང་བོ་བྱིན་ཏེ་ཉོས་དེ་ནས་དྲ་ལམ་དང་གསར་འགྱུར་ཁག་ལ་བསྒྲགས་འདོད་པའི་འདུན་པ་སྟེ།སེམས་ནང་ན་མེ་ལྕེ་ལྟར་འབར་བཞིན་ཡོད་ལ།དཔེར་ན་ཉེ་སྔོན་ལུག་གཅིག་ལ་སྒོར་༨༠༠བྱིན་པ་ལྟ་བུ་ལས་དཔག་ཐུབ།ཁོ་ཚོས་སྙན་གྲགས་གཙོས་ལུག་ཚེ་ཐར་དུ་བཏང་ན་དགེ་བ་འདུག་བསམ་པའི་འདུ་ཤེས་ཁོ་ནའི་དབང་དུ་སོང་བས་ན།དེའི་རྒྱབ་ལྗོངས་ཀྱི་སྐྱོན་དང་སྐྱོན་ཆེན་པོ་ལ་བསམ་བློ་གཏོང་མ་ཐུབ་པ་ཡིན།མདོར་བསྡུས་ན་ཁྱེད་ཚོ་ལ་སྙན་གྲགས་དགོས་ན་འདི་ལྟ་བུའི་ལས་ལ་འབད་དང་སྙན་གྲགས་སྤེལ་བྱེད་གསར་བ་ཡིན་ལ་འབད་བརྩོན་ཆེན་པོ་བྱས་མི་དགོས་པར་ལས་སླ་བའི་སྒོ་ནས་སྙན་གྲགས་ཐོབ་ཐུབ་པ་ཡིན།གཉིས།བོད་ཁུལ་གྱི་འབྲོག་པ་སྐོར་གཅིག་ལ་གྱོན་གོས་སོགས་ཀྱིས་རོགས་བྱས་པ་ལ་རྟེན་ནས་སྙན་གྲགས་འཚོལ་མཁན་མང་བོ་ཡོད།འདིའི་རིགས་གཙོས་ཆེ་བ་རྒྱ་བླ་དང་གླུ་བ་གླུ་མ་ཡིན།ཁོ་ཚོའི་སྒོར་ཁྲི་ཕྲག་འགའ་ཕུད་དེ་ཆེད་དུ་བོད་ཁུལ་གྱི་འབྲོག་སྡེ་སྐོར་གཅིག་ལ་ཡོང་ནས་རང་གི་སྙན་གྲགས་སྤེལ་འདོད་པ་ཡིན་ལ།དེའང་དྲ་ལམ་དང་གསར་འགྱུར་ཁག་ལ་གཏོང་རྒྱུར་དགའ་བོ་ཡོད།དེ་ལྟར་མ་བྱས་ན་ཁོ་ཚོའི་དམིགས་ཡུལ་སྙན་གྲགས་འགྲུབ་ཀི་མི་འདུག   འདི་ནི་སྦྱིན་པ་ཞིག་རྩ་བ་ནས་མ་ཡིན་ནོ།།རྒྱུ་མཚན་གང་གིས་ཕྱིར་ན་སྦྱོར་བ་སྦྱིན་པ་ཡིན་ཡང་ཀུན་སློང་སྙན་གྲགས་ཡིན་པས་སོ།།དེ་བས་ང་ཡི་བོད་དང་འབྲོག་མི་ད་དུང་སྐད་ཡིག་ཁྱོད་ཀྱི་སྙན་གྲགས་སྤེལ་བྱེད་མ་ཡིན་ལ་ཚོང་རྫས་གཏན་གནས་མ་ཡིན་ནོ།།སྐབས་འདིར་བོད་ཀྱི་ས་སྒང་གཏོར་དགོས་ཀྱང་བོད་ཅེས་པའི་མི་གཤིས་དོར་མི་རུང་།སྙན་གྲགས་སྤེལ་བྱེད་ཀྱི་ཐབས་ངན་འདི་དག་དོར་བར་བྱའོ།།ཀུན་སློང་གཙང་མའི་ལས་དང་བརྩོན་འགྲུས་རྒྱུན་སྲིང་གི་འབྲས་བུ་ལ་སེམས་ནས་དགའ་བར་བྱའོ།།


 

ཆེས་གསར་བའི་དྲི་བ། ཟླ 11 1, 2016 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...