འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ས་དམར་འབྲུག་རྒྱལ་མཁར་ལགས་ཀྱི་སྙན་རྩོམ་བདམས་བཀོད།

འདེམ་ཤོག 0

ལས་བྱེད་མི་སྣའི་རང་མཚང་།
 

 ས་དམར་འབྲུག་རྒྱལ་མཁར།
སྲིད་ཇུ་ཉི་ཟེར་འདྲ་བོ་ཕྱོགས་བཅུར་ལ་འཕྲོས་ཀྱང་།།
རུལ་སུངས་སྤྲིན་ནག་བཞིན་དུ་ཕྱོགས་ཀུན་ལ་འཐིབ་ནས།།
མ་གསང་དྲང་བོར་མི་བཤད་རང་དབང་དང་བྲལ་བས།།
ལས་བྱེད་མི་སྣའི་རང་མཚང་ཕྱིར་མངོན་ལ་རན་འདུག།

གོང་གི་སྲིད་ཇུ་མི་ཤེས་རྨོངས་པ་ཡིས་སྟིམ་པའི།།
འབངས་ཀྱི་བདེ་སྡུག་མ་ཚོར་གཏི་མུག་གི་ཕག་ཅན།།
རང་གི་གླ་ཆའི་ཆེད་དུ་ཁྱི་སྡོམ་བཞིན་རྒྱུག་པ།།
ལས་བྱེད་མི་སྣའི་སྤྱོད་ཚུལ་དུད་འགྲོ་དང་འདྲའོ།།

ཡིག་ཆ་གཙང་མའི་བར་ནས་མ་ཡབས་རེ་བཙལ་ཏེ།།
མི་དམངས་མགོ་སྐོར་གཏོང་ནས་རྒྱུ་ནོར་རེ་གསོག་པ།།
འབངས་ཀྱི་ཟུངས་ཁྲག་འཐུང་བའི་ངང་ཚུལ་འདི་རིག་དུས།།
ལས་བྱེད་མི་སྣའི་འདུ་ཤེས་དྲི་མ་ཡིས་སྦགས་འདུག།

གོང་རིམ་འགོ་ཁྲིད་རྗེས་ན་ཧ་པ་བཞིན་རྒྱུག་པ།།
ཉམ་ཐག་འབངས་མིའི་ལས་དོན་གཡོ་ཁྲམ་གྱིས་འགྲུབ་པ།།
ཉིན་མཚན་ཀུན་ཏུ་གཡོ་སྒྱུ་ཁྲམ་གསུམ་ལས་འདའ་བ།།
ལས་བྱེད་མི་སྣའི་འཚོ་བ་བྲན་གཡོག་དང་གཅིག་མཚུངས།།

ཆེད་སྤྱངས་ཤེས་བྱའི་ལག་ལེན་བཀོད་ས་རུ་མེད་པས།།
མཐོ་སར་རྫུན་དང་དམའ་སར་རྫུན་རྐུབ་ཀྱིས་སྐྱེལ་བ།།
དུས་བཞི་དབྱེར་མེད་གོང་རིམ་ལྟ་རྟོག་ལ་སྒུག་པ།།
ལས་བྱེད་མི་སྣའི་དམིགས་འདུན་ཐ་ཤལ་འདི་སྐྱོའང་།།

འགོ་བ་འགོ་བའི་བར་ན་ལྟག་སྒོ་རེ་འབྱེད་པ།།
ལས་གྲོགས་ཕན་ཚུན་བར་ལ་གནོད་སེམས་ཀྱིས་ཁེངས་པ།།
འབངས་དང་ལས་བྱའི་བར་ན་གཡོ་སྒྱུ་ཡིས་འཁོར་བ།།
ལས་བྱེད་མི་སྣའི་ལས་དོན་རུལ་སུངས་ཀྱིས་བཀང་ཡོད།།

རྫུན་གྱི་འཁོར་ལོའི་ནང་ནས་མི་ཚེ་འདི་སྐྱེལ་བ།།
བྲན་གཡོག་འདུ་ཤེས་ངང་ནས་ལང་ཚོ་འདི་ཟད་པ།།
སེམས་ངན་སྤྱོད་ངན་བར་ནས་ཤ་རུས་འདི་རིད་པ།།
ལས་བྱེད་མི་སྣའི་བྱ་བ་རླབས་ཆེན་དུ་འདོད་དམ།།

མི་ཚོགས་འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་ནང་ན།།
རྫུན་དང་ཁྲམ་པའི་ཡིག་ཆ་མང་པོ་ཞིག་ཡོད་ཀྱང་།།
གྲོང་རྡུལ་ཆུང་ངུའི་ལས་སྲོལ་མིག་ལམ་དུ་མཐོང་ཚེས།།
ལས་བྱེད་ཟེར་བའི་བྱ་བ་ཉིང་བོ་ཞིག་མི་འདུག།

ལས་བྱེད་ཚང་མ་དེ་འདྲ་ཐ་ཤལ་ཞིག་གང་ཡིན།།
དགེ་རྒན་དང་ནི་སྨན་པ་ཕལ་བ་ཞིག་མ་གཏོགས།།
མཐོ་དམའ་དཔོན་རིགས་དང་ནི་ལས་བྱེད་པ་མང་ཤོས།།
འདི་ལས་མ་འདས་སྤྱི་ཚོགས་སྐྱོ་གཞི་རུ་གྱུར་ཡོད།།

མདའ་འདྲའི་དྲང་བོའི་གཏམ་འདི་མ་གསང་པར་བརྗོད་ན།།
རང་སྐྱོན་ཟིན་པའི་བློ་ལྡན་རེ་གཉིས་ཙམ་མ་གཏོགས།།
མང་ཤོས་སྙིང་ལ་ཕོགས་ནས་ན་ཟུག་རེ་ཡོད་པས།།
ང་ལ་མི་དགའི་རྣམ་འགྱུར་གང་མང་ཞིག་སྟོན་ངེས།

སྤྱི་ཚོགས་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ།
ས་སྒང་མི་རིགས་ཡོངས་ཀྱི་ཆོས་ཉིད་དུ་གྱུར་ཡོད།
སེམས་པའི་འདུ་ཤེས་དམན་པའི་མི་ཚོགས་འདི་བསམ་ན།།
ན་ཟུག་ཁྲི་མ་འབུམ་གྱི་གནར་གཅོད་ལས་མི་འདུག།

 སྤྱི་ལོ་2016ལོའི་ཟླ་10བའི་ཚེས་12ཉིན།


   སྒྱུ་མའི་ལུས་ཕུང་།
              
    ས་དམར་འབྲུག་རྒྱལ་མཁར།

སེམས་ན་སྙིང་རྗེ་མེད་པ་གཅན་གཟན་གྱི་ལུས་པོ།
རྒྱུ་དང་ནོར་ལ་ཧམ་པ་ཡི་དྭགས་ཀྱི་རྣམ་ཤེས།
གང་མཐོང་ཟས་སུ་གྱུར་བ་སྲིན་པོ་ཡི་གཟུགས་བརྙན།
ཡོད་ཚད་ཆོག་ཤེས་མེད་པ་ད་སྐབས་ཀྱི་དཔོན་ངན།

རྒྱུད་ན་ཤེས་རིག་ཉུང་བ་རི་སྤྱང་གི་སེམས་པ།
རྫུན་དང་གཡོ་ལ་མཁས་པ་ཝ་མོ་ཡི་རྒྱུད་པ།
རྒན་བཀུར་ཆུང་བྱམས་བྲལ་བ་སྨྱོན་པ་ཡི་སྤྱོད་ཚུལ།
ཉམ་ཆུང་ཕ་མའི་མདུན་ན་རྫིག་པོ་ཡི་བུ་ངན།

ན་གཟའ་རས་སུ་བརྩི་བ་བླུན་པོ་ཡི་སེམས་པ།
བཀའ་བསྟན་དངུལ་ལ་བརྗེ་བ་གདོན་འདྲེ་ཡི་སྤྱོད་པ།
ཏིང་འཛིན་རྒྱང་དུ་དོར་མཁན་བདུད་རིགས་ཀྱི་ལུས་ཕུང་།
བླ་མ་གཙིག་ཏུ་མི་བཀུར་གཤིས་ངན་གྱི་གྲྭ་བ།

མཐོན་པོ་དཔོན་གྱི་མདུན་ན་སྒོ་ཁྱི་ཡི་དཔེ་ཅན།
དམའ་མོ་འབངས་ཀྱི་གོང་ན་རི་སྤྱང་གི་ཉམ་ཅན།
དུ་ཆང་ལབ་གསུམ་འཛོམས་པས་དཔོན་འབངས་ཀྱི་འབྲེལ་ཐག།
མི་ཤེས་ཤེས་ཁུལ་བྱེད་མཁན་མ་རབས་ཀྱི་ལས་བྱེད།

སྣ་ཚོགས་ཚོན་གྱིས་རྒྱན་པ་ཁྲ་ཁྲ་ཡི་ལུས་པོ།
གཙང་མའི་ཕ་སྐད་མི་སྨྲ་ནེ་ཙོ་ཡི་སྤུན་ཟླ།
ཤེས་བྱའི་སྣེ་སྣ་མ་ཟིན་ཁྱི་ལྡོམ་གྱི་རྔ་མ།
ཐ་མག་ཆང་ལ་གོམས་པ་མ་རབས་ཀྱི་སློབ་མ།


  བརྩེ་བའི་དྲན་གདུང་།

 ས་དམར་འབྲུག་རྒྱལ་མཁར།

ལང་ཚོའི་གླུ་སྒྲ་རི་ལུང་ཀུན་ན་འཇིགས་པ་མེད་པས་སྟོབས་ཀྱིས་གྲགས།།
ཚེ་སྲོག་རི་མོ་ལོ་ཟླས་གསུབ་ནས་སྐྲ་ལོའི་མཚོན་མདངས་དངུལ་མདོག་འགྱུར།།
བྱམས་ལྡན་ཕ་མའི་གདོང་གཉེར་བར་ན་བུ་ལ་བཅངས་བའི་བརྩེ་བ་རྒོད།།
བུ་དང་བུ་མོའི་སྙིང་རླངས་དྲོན་མོ་མིག་ཏུ་མཛེས་པའི་མི་ལ་འཁོར།།
འཁོར་བའི་སྣང་ཚུལ་སེམས་སུ་འཆར་ན་མིག་ཀོང་སྡུག་གི་མཆི་མས་གང་།།
ཕོ་མོའི་བརྩེ་བ་ལོ་ཟླས་འཁོར་ཡང་དུངས་བའི་རྨ་ཁ་ནམ་ཡང་གཟེར།།
འཁོར་བའི་འཁོར་ལོ་རྒྱང་ལ་མ་སོང་དགའ་བའི་གྲོགས་མོ་གཉེན་ནས་སྐྱེས།།
ཡིད་སེམས་སྡུག་པས་རི་ལུང་བརྒལ་ཡང་སེམས་སུ་དགའ་མོའི་གཟུགས་བརྙན་འཆར།།
དྲན་པས་གདུང་ནས་ཤ་དང་རུས་པ་ལོ་ཟླས་ཟོས་ནས་རིད་པར་གྱུར།།
ཨ་ལ་འཚར་བའི་གཏམ་སྙན་འདི་དག་གཞན་གྱིས་གོ་ན་ངོ་རེ་ཚ།།
སྒྲོན་མེའི་འོད་གྱིས་དུངས་བའི་མུན་པ་ག་ས་གང་ནས་གསལ་བར་ཤོག།


 

ཆེས་གསར་བའི་དྲི་བ། ཟླ 11 2, 2016 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...