འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
ཆེས་གསར་བའི་དྲི་བ། ཟླ 12 7, 2016 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

དྲ་ལམ་ལ་ཞུགས་རྒྱུར་མང་དྲགས་པས་དགོངས་དག་ཞུ། གངས། རེབ་གོང་གསེར་མོ་ལྗོངས།

འདེམ་ཤོག 0

དྲ་ལམ་ལ་ཞུགས་རྒྱུར་མང་དྲགས་པས་དགོངས་དག་ཞུ།

                      

  གངས།  རེབ་གོང་གསེར་མོ་ལྗོངས།
 

   ཉེ་བའི་ལོ་འགའི་རིང་ལ་ང་རང་ཉི་མ་གཅིག་འང་དྲ་ལམ་ནས་ཕྱིར་འབུལ་བྱས་མ་མྱོང་།དེ་ལས་ཀྱང་སྐད་འཕྲིན་ཟེར་བ་འདི་ལས་ཕྱིར་འབུལ་བྱས་མ་མྱོང་།ཡིད་ཕམ་དགོས་པ་གཙོ་བོ་དེ་ནི་ང་རང་སྐད་འཕྲིན་ལ་དགའ་དྲགས་པས།དཔེ་ཀློག་གི་དུས་ཚོད་ཤོར་སོང་།མི་ཚེ་ཡི་རིན་ཐང་བོར་སོང་།ང་རང་སྐད་འཕྲིན་ལ་བརྩེ་འདང་ཟབ་དྲགས་པས།ཕ་མ་དང་ཕུ་ནུའི་བར་གྱི་བརྩེ་འདང་ཉམས་སོང་།སྐྱིད་ལ་དགོད་པའི་ཁ་བརྡ་བོར་སོང་།ང་རང་སྐད་འཕྲིན་ཁྲོད་ཀྱི་གྲོགས་པོ་ལ་ཡིད་ཆེས་ཆེ་དྲགས་པས།རང་གི་མི་གཤིས་གཙང་མ་ལ་བསླད་ཞུགས་སོང་།མིའི་ཀུན་སྤྱོད་དང་མི་ཆོས་གཙང་མ་བཅུ་དྲུག་བོར་སོང་།རེད་དེ་ཕྱིར་འདང་ཞིག་ཞིབ་ཀྱིས་རྒྱབ་ནས་རང་ཉིད་ཀྱི་ཡོད་ཚད་ལ་བསམ་བློ་ཞིག་བཏང་ན།སྐད་འཕྲིན་གྱིས་ང་ལ་ཕན་ནུས་ཅུང་ཙམ་ཞིག་བསྐྲུན་ཡོད་མོད།གཙོ་ཆེར་ང་ལ་རི་བོ་འབིགས་བྱེད་ལས་ཀྱང་ལྕི་བའི་གནོད་སྐྱོན་ཞིག་བྱིན་སོང་།དེ་བས་ཨ་ཕ་ལགས་ད་ནས་བཟུང་ངའི་སྐད་འཕྲིན་ཉུང་རྩེས་བྱེད་རྒྱུ་ཡིན།དེ་ལྟར་བྱས་ན་ང་ལ་ཕན་པ་ལས་གནོད་པ་མེད་པར་སེམས།ལོ་འདི་དག་གི་རང་ལ་ང་རང་སྐད་འཕྲིན་རྩེད་རྒྱུ་མང་དྲགས་པས།ཐག་རིང་གི་ཨ་ཕ་ལགས།ཁྱོད་ལ་སེམས་ཁྲལ་བྱེད་དུ་བཅུག་ཟིན།བུས་སེམས་གཏིང་ནས་དགོངས་དག་ཞུའོ།།ད་དུང་གར་སོང་ཆ་མེད་དུ་གྱུར་བའི་ཨ་མ་དང་ཕུ་ནུ་མིང་སྲིང་གི་ཆེད་དུ་བུ་ངས་འུ་ཚང་གི་ལ་རྒྱ་འཛིན་ཁོ་ཐག་ཡིན།སྟོབས་འབྱོར་མངའ་ཐང་རྒྱས་ཤིང་དུས་རྒྱུན་སྐད་འཕྲིན་ལ་གཡེང་གི་མེད་པ།རིགས་པའི་གནས་ལ་བརྩོན་པའི་ཁྱིམ་མཚེས་བཟང་བོ་དག་ལ་སློང་སྦྱོང་བྱས་སྟེ།ཁྱིམ་མཚེས་ངན་པ་དག་གིས་གཡོ་ཁྲམ་ལ་ཁ་མི་ཕྱོགས་ཁོ་ཐག་ཡིན་པས་ཨ་ཕ་ལགས་ཁྱེད་རང་ཐུགས་སེམས་སྐྱོ་མི་དགོས།དེ་རིང་བུ་ངས་ཆེད་དུ་ཨ་ཕ་ལགས་ང་རང་དྲ་ལམ་ལ་ཞུགས་རྒྱུར་མང་དྲགས་པས་ཁྱེད་ལ་དགོངས་དག་ཞུ་ཞེས་ཟེར་འདོད་པ་དེ་ཡིན།ད་རུང་དྲ་གྲོགས་ཚོ་ལའང་དགོངས་དག་ཞུའོ།།

ཆེས་གསར་བའི་དྲི་བ། ཟླ 11 7, 2016 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,723 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...