འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ཡིད་རེ་སྐྱོ། ས་དམར་འབྲུག་རྒྱལ་མཁར།

འདེམ་ཤོག 0

     ཡིད་རེ་སྐྱོ། 
                               
 ས་དམར་འབྲུག་རྒྱལ་མཁར།

ལྷ་ཁང་གསེར་ཁང་བཙན་པོ་དམག་གིས་སྲུང་།།
དད་ལྡན་འབངས་མིའི་ལག་ནས་མཇལ་རིན་བསྡུས།།
སྟོན་པའི་ན་བཟའ་གྱོན་ནས་གཞན་སེམས་སླུ།།
ངེས་འབྱུང་སྐྱེས་གཞིའི་ས་སྒང་ཡིད་རེ་སྐྱོ།།

ཕ་མ་ཁུར་བོར་འདོད་དེ་སྒོ་རུ་ཕུད།།
སྒོ་ཁྱི་གཅེས་སུ་བཟུང་སྟེ་གོས་ཀྱིས་རྒྱན།།
མོ་གསར་མཛེས་ཉམས་མངོན་ཆེད་ཕྱི་ལྭ་འཕུད།།
མགོ་མཇུག་ལོག་པའི་འཇིག་རྟེན་ཡིད་རེ་སྐྱོ།།

ཤེས་མེད་འགོ་ཁྲིས་ཡོན་ཅན་གཡོག་ཏུ་གྱུར།།
ཕྱུག་པོའི་དངུལ་ལོས་དབུལ་བའི་ཚེ་སྲོག་ཉོས།།
ཨུ་ཚུགས་འབྲོག་པས་ཚེ་སྲོག་རྩྭ་དང་བརྗེ།།
ངུ་མ་དགོད་ཀྱི་སྤྱི་ཚོགས་ཡིད་རེ་སྐྱོ།།

ཤེས་ཡོན་ཡོད་པར་འདོད་ནས་རིག་གནས་བཙོང་།།
སྐད་མང་ལབ་ཤེས་བསམ་བཞིན་ནེ་ཙོར་འགྱུར།།
སྒེག་ཉམས་ཡོད་པར་འདོད་དེ་རང་ལུས་བཙོང་།།
ར་མ་ལུག་གི་བྱ་སྤྱོད་ཡིད་རེ་སྐྱོ།།

མཛེས་པའི་སྤང་ཐང་བྱེ་མའི་རྡུལ་དུ་གྱུར།།
གཡོ་སྒྱུའི་སྟ་རེས་སྟུག་པོའི་ནགས་ཚལ་བཅད།།
ལྕགས་འཕྲུལ་རྣོ་པས་ལ་དང་ཀླུང་བ་རློགས།།
ས་གཞིའི་ངུ་འབོད་ཤོར་བ་ཡིད་རེ་སྐྱོ།།

རིག་རྟུལ་བླུན་པོས་གཡུ་བྱུར་རྒྱན་དུ་འདོད།།
ཤེས་ཆུང་ཀླ་ཀློས་པགས་རིགས་ཤོམ་དུ་རྩི།།
རང་རློམ་མཁས་བས་ནང་བསྟན་རྒྱང་དུ་དོར།།
མ་ཤེས་རྨོངས་རུ་ཚུད་པ་ཡིད་རེ་སྐྱོ།།

རིགས་མཐུན་སྤུན་གྱི་བར་ན་ཝ་ལྟར་ཁྲམ།།
གཡོ་སྒྱུའི་དཔོན་གྱི་སྔུན་ན་ཁྱི་བཞིན་ཞུམ།།
རྒྱུད་འཇམ་འབངས་མིའི་གོང་ན་སེང་ལྟར་འགྱིང་།།
སྲིད་དོན་རྫུན་གྱིས་སྐྱོང་བ་ཡིད་རེ་སྐྱོ།།


 

ཆེས་གསར་བའི་དྲི་བ། ཟླ 11 7, 2016 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,723 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...