འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
ཆེས་གསར་བའི་དྲི་བ། ཟླ 12 7, 2016 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

དད་གསུམ་ཀློང་ན་འབར་བའི་ཙོང་ཁ་པ། གངས།

འདེམ་ཤོག 0

དད་གསུམ་ཀློང་ན་འབར་བའི་ཙོང་ཁ་པ།


      གངས།
        
 གངས་ལྗོངས་ཚད་མའི་སྟོན་པ་ཆེན་མོ་རྗེ་བློ་བཟང་གྲགས་པ་དེ་ཉིད་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ལྔ་བརྒྱ་གོ་བདུན་པའི་རྗེས་དྲན་དད་པའི་ཚེ་འབར།              

ཁམས་གསུམ་ན་འབར་བའི་ཉོན་མོངས་ཀྱི་མེ་ལྕེས།།
འགྲོ་སེམས་ཅན་སེམས་པ་བསྲེགས་པ་ཡི་སྡུག་བསྔལ།།
གངས་རི་ཁྲོད་འཁྱམས་པའི་ཆོས་པ་ཁྱེས་མཐོང་ནས།།
བྱམས་ཆུ་ཡིས་གསོད་པའི་ངང་ཚུལ་དེ་བསམ་ན།།
དད་གསུམ་གྱིས་སྒྲོན་པའི་ཚེ་འབར་ཞིག་འབུལ་ཞོར།།
ཤེས་འཁོར་ལོ་བསྐོར་བའི་བླ་མ་ཁྱེད་དྲན་ནོ།།

ཐུབ་བསྟན་པའི་ཉི་མ་སྤྲིན་པ་ཡིས་གཡོགས་དུས།།
སྤྲིན་ཡལ་བར་དོར་བའི་ཤེར་རབ་ཀྱི་རླུང་བུས།།
ལུང་རྟོགས་པའི་དམ་ཆོས་ཆར་བ་ཡི་མེ་ཏོག།
སྲིད་གསུམ་ལ་གཏོར་བའི་ངང་ཚུལ་དེ་བསམ་ན།།
སེམས་སྨོན་པ་འཆོར་བའི་སྙན་ཚིག་ཅིག་ཕུལ་ཞོར།།
རྒྱལ་རྣམ་འདྲེན་བཞི་བའི་རྒྱལ་སྲས་ཁྱེད་དྲན་ནོ།།

བོད་མི་རིགས་རྨོངས་བའི་དོང་ཆེན་ལ་ལྷུང་དུས།།
སྙིང་རྗེ་བའི་བསམ་པ་ཚད་མེད་ཅིག་བསྐྱེད་ནས།།
ཐར་ལམ་ཡིག་མདོ་སྔགས་གསེར་ནག་གི་ནོར་བུས།།
མས་བུ་ཆུང་སྐྱོབ་པའི་ངང་ཚུལ་དེ་བསམ་ན།།
མིག་མཆི་མ་འཐོར་ནས་སྐྱབས་བཅོལ་རེར་ཞུ་ཞོར།།
སྤྱོད་ལྟ་སྒོམ་འཛོམས་པའི་སེམས་དཔའ་ཁྱེད་དྲན་ནོ།།

དམིགས་སྟོང་ཉིད་སྙིང་རྗེ་གཏེར་ཆེན་གྱི་སེམས་དཔའ།།
འཕགས་སྤྱན་རས་གཟིགས་དང་དབྱེར་མེད་ཀྱི་བླ་མ།།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
ཟབ་དྲི་མེད་རིགས་པའི་དབང་བོ་ཡི་གཏེར་མཛོད།།
རྒྱལ་ཡབ་གཅིག་འཇམ་དབྱངས་དབྱེར་མེད་ཀྱི་བླ་མ།།
དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།།
བདུད་དཔུང་ཚོགས་མ་ལུས་མཐུ་སྟོབས་ཀྱིས་འཇོམས་པ།།
ཕྱག་གསང་བའི་བདག་དང་དབྱེར་མེད་ཀྱི་བླ་མ།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
བོད་གངས་ཅན་མཁས་པའི་གཙུག་རྒྱན་གྱི་ནོར་བུ།།
སྨད་ཙོང་ཁའི་སྲས་པོ་ཁྱེད་ཉིད་ལས་མ་མཆིས།།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།


དགེ་བསྟན་པའི་མངའ་བདག་ཆོས་ཀྱི་ཡི་རྒྱལ་བོ།།
འཕགས་གྲུབ་ཆེན་བརྒྱད་ཅུའི་རྣམ་དཔྱོད་ཀྱི་འཁོར་ལོ།།
ཡུལ་དགའ་ལྡན་ཡིད་དགའ་ཆོས་འཛིན་ན་བཞུགས་པའི།།
རྗེ་བློ་བཟང་གྲགས་པ་འཇམ་དབྱངས་ཀྱི་རྣམ་སྤྲུལ།།
བུ་སྐྱབས་ཡུལ་དད་ཡུལ་ཁྱེད་ཉིད་ཅིག་ཡིན་པས།།
སེམས་དད་པ་མཚོན་པའི་མཆོད་ཕྱག་ཅིག་འཚལ་ལོ།།
             

༢༠༡༦ཧོར་ཟླ༡༠ཚེས༢༥ཉིན།

ཆེས་གསར་བའི་དྲི་བ། ཟླ 11 25, 2016 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,723 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...