འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

འཕྲིན་མིང་། ས་དམར་འབྲུག་རྒྱལ་མཁར།

འདེམ་ཤོག 0

འཕྲིན་མིང་།

                              

ས་དམར་འབྲུག་རྒྱལ་མཁར།

ལེགས་བཤད་ནང་ན་དཔེ་ཞིག་ཡོད།
ཆུ་ཕྲན་རྟག་ཏུ་ཀི་ཅོ་ཆེ།
རྒྱ་མཚོས་ཀི་ཅོ་ག་ལ་གྲགས།
དེ་བཞིན་ད་སྐབས་ཆུ་ཕྲན་མང་།

གཙུག་ལག་བྱང་བའི་དགེ་གཤེས་དང་།
དཔྱོད་ལྡན་མཁས་པ་སྐར་མའི་གྲངས།
མཚན་སྙན་གནམ་མཁའི་མཐའ་ཁྱབ་ཡང་།
མིང་ལས་དོན་ལ་དུས་ཀུན་བརྩོན།

ཆུང་དུས་ཕ་མའི་གཅེས་མིང་དང་།
རྨོ་རྩིས་ལས་བབས་རྩིས་ཀྱི་མིང་།
ཆོས་སྒོར་ཞུགས་པའི་ཆོས་མཚན་སོགས།
དམ་པས་ནམ་ཡང་སྲོག་བཞིན་སྲུང་།

སྐད་ཆ་ཚིག་གསུམ་བཤད་ཤེས་དང་།
ཀ་ཁའི་འབྲི་ཀློག་ཙམ་ཤེས་པར།
རི་ལས་ཆེ་བའི་མིང་བཏགས་ན།
མི་ཐེག་སྒལ་ཚིགས་ཕུད་ལ་ཉེས།

ཁྱི་ལ་སེང་གེའི་མིང་བཏགས་པ།
ཕ་མའི་འགྲམ་གྱི་དཔའ་བོ་དང་།
མཐོང་རྒྱང་མེད་པའི་ཐབ་མི་ལས།
མིང་དོན་མཚུངས་པའི་ཆ་མི་འདུག

དོན་ཆེན་འགྲུབ་ན་མིང་ཆེན་ཐོགས།
འགོ་ཁྲིད་དཔོན་པོ་སྦྱིན་བདག་སོགས།
མཁས་པ་ལ་སོགས་བདག་སྒྲ་པ།
གཞན་གྱིས་བཏགས་ན་དོན་དང་ལྡན།

རང་རང་ཆེན་པོར་འདོད་པ་འདི།
ཁྲོམ་ནང་སྤལ་བའི་མཐོང་རྒྱ་ཡིན།
གང་གིས་རིག་ན་སྙིང་རྗེ་ལས།
ཡ་མཚར་སྐྱེས་པའི་ཡུལ་མ་རེད།

བོད་པ་དང་ནི་གངས་ཅན་པ།
མིང་འདི་བཏགས་པ་ཡ་མཚར་འདུག
བོད་མི་ཡིན་པ་ཀུན་གྱིས་ཤེས།
མིང་འདི་བཏགས་ནས་སུ་ལ་སྟོན།

དཔའ་རྒོད་རྒྱལ་ཁ་རིག་པའི་བུ།
འཕྲིན་མིང་འདི་དག་ངོ་ཚའི་གནས།
ཤོག་བུའི་སྟག་གི་དཔེ་མ་གཏོགས།
ཚེ་རབས་རྗེས་མར་གསོལ་བ་བཏབ།

ཉི་འོད་ཟླ་ཟེར་མེ་ཏོག་སོགས།
སྲོག་ལྡན་སྲོག་མེད་མིང་བཏགས་ལས།
མཐུ་དང་ནུས་པ་མཚར་སྡུག་སོགས།
འཕྲིན་མིང་ཙམ་གྱིས་སྟོན་མི་བྱ།

གཅན་གཟན་རི་དྭགས་བྱ་དང་བྱིའུ།
འབུ་སྲིན་སོགས་ཀྱི་མིང་གཡར་པས།
ཚེ་སྔོན་ལས་ནས་མི་སྐྱེ་རུང་།
མི་མིང་སྐྱུར་ནས་ཟོག་མིང་བོས།

འཕྲིན་ཕྲན་ནང་གི་འཕྲིན་མིང་ལ།
རྫིག་པོ་ཅན་དང་ནུས་མཐུ་ཅན།
སྲོག་ཆགས་བྱ་བྱིའུ་འབའ་འབུ་སོགས།
རྣམ་གྲངས་མང་པོས་མཛད་མཐའ་མེད།

མཁས་པས་རིག་ན་ངོ་ཚ་བ།
གཞན་གྱིས་ལྟོས་ན་ཧ་ལས་པ།
རང་གི་སེམས་ནས་དོན་ལྡན་པ།
འཕྲིན་མིང་དག་གི་གབ་ཚིག་ཡིན།

མིང་འདི་གཡར་ནས་སྤང་བླང་ལྡོག
མིང་འདི་ཁྱེར་ནས་གཞན་སེམས་སླུད།
མིང་འདིས་མི་རྣམས་འདྲེ་ལྟར་གྱུར།
མིང་འདིས་མི་ལས་དགུ་ལས་མེད།


 

ཆེས་གསར་བའི་དྲི་བ། ཟླ 12 17, 2016 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...