འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ང་ཚོས་གཙང་སྦྲ་བྱ་དགོས།

འདེམ་ཤོག 0

ང་ཚོས་གཙང་སྦྲ་བྱ་དགོས།
     

 ཁྲོ•དུད་ཁ་དོང་སྤྲུག

དེ་ཡང་རང་ཉིད་མི་ཡུལ་དུ་ལང་ཚོ་བཞད་ནས་ལོ་འཁོར་མང་ཙམ་ལ་འཇིག་རྟེན་འཚོ་བའི་ཁྲོད་ཀྱི་མངར་སྐྱུར་སྣ་ཚོགས་རོ་མྱོང་བྱེད་ཟིན་པའི་མི་ཞིག་ཡིན་པས་ན།  ལོ་འཁོར་འདི་དག་འཚོ་བའི་ཉམས་མྱོང་གི་ཁྲོད་ནས་ཤེས་རྟོགས་བྱུང་བ་མང་པོ་ཞིག་བཤད་ན་འདོད།  ང་ཚོ་དགོན་པའི་སློབ་གྲྭ་དང་འབྲོག་པ་ཕོ་མོ་ཚོ་གཙོ་བྱས་ཏེ་གཙང་སྦྲ་མེད་ཅིང་།།   ཕྱི་འགྲིམ་སློབ་གྲྭ་དག་དང་རྫོང་ཐོག་གླ་པར་འགྲོ་མཁན་ཚོ་ནི་རྫས་ངན་བྱུག་ཆེ་དྲག་པས་དོན་དམ་པའི་གཙང་སྦྲ་བྱེད་མཁན་གྱི་བོད་པ་ཧ་ཅང་ཉུང་ལ། ང་ཡང་དེའི་ནང་གི་མི་ཞིག་ཡིན་སྲིད། འོན་ཏང་ང་ཚོ་གམ་པ་མཉམ་དུ་སྤོ་སྟེ།  གཙང་སྦྲ་ལ་འབད་དགོས་པའི་དུས་ལ་སླེབས་ཡོད།  སྔོན་མ་ང་ཚོ་གཙང་སྦྲ་མེད་པ་ནི་ས་མཐོ་བས་གཙང་སྦྲ་ལ་དཀའ་ངལ་འཕྲད་པའམ།   རང་བྱུང་སྨན་གྱི་འཇིག་རྟེན་ཡིན་པས་གཙང་སྦྲ་མ་བྱས་ཀྱང་ནད་ཆེན་པོ་འདྲ་བྱུང་ཡོད་ཚོད་མ་རེད་མོད།  ད་དེ་ལས་རྒལ་ནས་ནད་ཚ་ཆེན་འབྱུང་བཞིན་ཡོད་པ་ནི་མངོན་གསལ་དོད་པོ་ཡིན་ལ། མི་རིགས་གཞན་དག་དང་རྒྱལ་ཁ་གཞན་པས་ང་ཚོ་ལ་མཐོང་ཆུང་དང་། བརྙས་བཅོས། ཁྱད་གསོད་སོགས་བྱེད་པའི་རྒྱུ་མཚན་ནི་ང་ཚོས་གཙང་སྦྲ་མི་བྱེད་ཅིང་། ཀུན་སྤྱོད་དུས་རབས་དང་བསྟུན་མི་ཤེས་པ་ལས་བྱུང་བ་རེད་འདུག  སྤྱི་ཚོགས་ཀྱི་སྒྲིག་ལམ་བརྩི་མི་ཤེས་པ་སྒྲིག་འགལ་གྱི་བྱ་བའང་མང་པོ་བྱེད་བཞིན་འདུག   །མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས། འོན་ཀྱང་བོད་པ་མང་ཆེ་བ་ཏག་ཏག་སྤྱི་ཚོགས་སྒྲིག་ལམ་དང་གཏན་ནས་འགལ་ཞིང་། ཐ་ན་དེ་ཅི་ཡིན་སྙམ་པའི་འདུ་ཤེས་ཀྱང་མེད། ཅེས་གསུང་པ་བཞིན་སྤྱི་ཚོགས་དང་འགལ་བའི་བྱ་སྤྱོད་མ་བྱེད་ཅེས་མི་གཞན་གྱིས་ཁ་བརྡ་བྱས་ན་བྱེད་མཁན་ལ་ཁོང་ཁྲོ་བ་ལས་ཕན་སེམས་ཡིན་པ་ཤེས་མཁན་ཉུང་ཉུང་རེད།   འདི་ནི་རང་གིས་རང་ལ་བདག་སྐྱོང་བྱེད་མི་ཤེས་པ་ཞེས་པ་དེ་ཡིན་སྙམ།     དེའི་ཕྱིར་ངེས་པར་དུ་ཀུན་སྤྱོད་ལེགས་བཅོས་སུ་འབད་པ་དགོས། ནང་དམེ་བྱེད་རྒྱུ་དང་འུར་གཏམ་བཤད་པ་ལས་ད་སྐབས་འགྲོ་སྟངས་རྩ་བ་ནས་མི་ཤེས་པ་འདི་ཡིད་སྐྱོ་མོ་རེད། བཤད་ཀྱང་མི་ཉན་པ་འདི་དེ་བས་ཀྱང་ཡིད་སྐྱོ་བ་ཞིག་ག་ལ་ཡོད།  ཆོས་དང་འཇིག་རྟེན་ཡ་རབས་ལུགས་བཟང་ཞིག་འགྱུར་བ་ལ་ཐོག་མའི་གཞི་ལྟ་བུ་གཙང་སྦྲ་བྱེད་པ་འདི་ཤིན་ཏུ་གལ་ཆེན་རེད། མཁས་དབང་ཞིག་གིས་ཆུ་ལ་རིན་དགོས་པ་མ་རེད། འདག་ཆུ་དང་འདག་ཕྱེ་ཙམ་ལ་མི་ཁུག་རྒྱུ་ཅང་མི་འདུག  གྲོང་ཁྱེར་ནང་ནས་བོད་རྣམས་ལ་བཙོག་ཏུ་བལྟ་བ་རེད། མེ་འཁོར་ནང་དང་གཞན་ནས་ཀྱང་དེ་འདྲ་རེད། དེ་ལ་རྒྱུ་རྐྱེན་མེད་པ་མ་རེད་ཅེས་སོགས་གསུང་པ་བཞིན་རེད། སྨན་ཁང་ནང་ནས་ཡག་པོ་ཞིག་སྟོན་དགོས་ཚེ་ཡང་གཙང་སྦྲ་ལ་ཐུགས་ཡོད་དེ་གཙང་སྦྲ་མེད་ན་མྱུར་མོ་ཡོལ་ཐབས་ལས་ཡག་པོ་བལྟ་མ་རེད།   མེ་འཁོར་རླངས་འཁོར་མཁའ་གྲུ་ཅིའི་ནང་སོང་ཡང་ང་ཚོ་ལ་བཙོག་བལྟ་བ་རེད།   ན་ནིང་ཁ་ལོ་བ་ཞིག་གིས་འབྲོག་པ་རྒན་པོ་ཚོ་ཁུར་ཚར་རྗེས་མི་རིགས་གཞན་པ་ཚོ་ཁོའི་རླངས་འཁོར་ནང་འགྲོ་མཁན་མེད་པར་འགྱུར་བཞིན་འདུག་ཟེར་བ་དེས་ང་ཚོ་ལ་བརྡ་ཞིག་སྤྲོད་ཡོད། བོད་སྐད་རྒྱགས་པ་དང་བོད་ལ་གྱོན་པས་མཐོང་ཆུང་རྩ་བ་ནས་བྱེད་མ་རེད།  ངོ་དང་གོས་ལག་པ་རྐང་པ་ནག་པོ་བྱས་པས་བྱིན་རླབས་ནི་འབྱུང་རྒྱུ་མེད་ཅི་ཕྱིར་བྱེད།  ཟ་མ་བཞེས་པའི་སྔོན་དུ་དང་། ཆབ་གསང་ཕེབས་པའི་རྗེས་སུ་དང་། ནངས་ནུབ་གདོང་དང་སོ་ཡི་དྲི་མ་ཡིན་ན་རེད། སེན་མོའི་བར་གྱི་དྲི་མ་དང་།  ཉལ་ཁར་རྐང་པ་བཀྲུ་དགོས་ཞེས་སྟོན་པ་སངས་རྒྱས་ཀྱིས་མདོ་ལས་རྒྱས་པ་གསུང་ཡོད་རེད།  སྟོན་པས་གཙང་སྦྲ་བཀག་བཞག་སྣང་ཤར་མཁན་ཡོད་མོད། དེ་ནི་ང་ཚོ་ནང་ཆོས་པ་ཚོ་ལ་གཙང་སྦྲ་མེད་པས་རེད་མ་གཏོགས་འདུལ་བའི་གཞུང་ལུགས་དང་སྔགས་སོགས་ལས་རྩལ་འདོན་ཆེན་པོས་གཙང་སྦྲ་དགོས་པ་གསུང་འདུག   དེང་དུས་གསོ་རིག་པ་མཁས་ཆེན་མང་པོས་རྐང་པ་བཀྲུས་ན་ལུས་དང་མིག་ལ་ཕན་པ།    སོ་དང་སེན་མོ་བཀྲུས་པས་འབུ་ནད་མང་པོ་ལས་གྲོལ་ཐུབ་པ་གསལ་པོ་གསུང་ཡོད་པ་འདི།  སྟོན་པས་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་གསུང་བཞག་པ་དེ་དང་མ་གྲོས་གཅིག་མཐུན་བབས་སོང་བ་རེད།  ཆོས་པ་ཞིག་ལ་མཚོན་ན་ལག་པ་མ་བཀྲུས་ནས་ལྷ་མདུན་མཆོད་པ་འབུལ་བ། གཞན་ལ་ཟས་བྱིན་པ། གསུང་རབ་ཆོས་དཔེ་ཀློག་པ།   འཁོར་ལོ་སྐོར་ན་འདྲ། ཕྲེང་བ་བགྲང་ཀྱང་རུང་ཆོས་ལ་མ་གུས་པ་ཚབ་ཆེན་ངོ་མ་རེད། ཁ་དང་མགོ་སྐྲ་རྐང་པ་ལུས་པོ་རྔུལ་ཆུ་དྲི་མ་ཤ་རེ་ལྷ་ཁང་དང་ཆོས་ཞུ་ས།  ཆོས་མཐུན་ལྷན་འདུས་སོགས་སུ་སོང་བ་ན། ཉེས་པ་ཚབས་ཆེན་བསགས་པ་རེད། འཇིག་རྟེན་དབང་དུ་བྱས་ན་ནད་རིགས་སྡང་བས་ཚེ་སྲོག་ལ་གནོད་ཅིང་། རང་རིགས་མགོ་རྣ་བརྫད། རིག་གནས་མེད་པར་མཚོན་ངེས། རྒན་པོ་ཚོས་གཙང་སྦྲ་བྱེད་པར་འགོག་མཁན་ཡོད་རེད། དེ་སྲོལ་རྒྱུན་བཟང་པོ་འདྲ་གང་ཡང་མ་ཡིན་ཏེ། སྔོན་གྱི་སྲོལ་རྒྱུན་སྨྲ་བའི་གསོ་རིག་པས་རྒྱུད་བཞི་སོགས་སྨན་གཞུང་ལས་གཙང་སྦྲ་དགོས་པ་གསུངས་ཤིང་། སངས་རྒྱས་ཆོས་ནང་དུ་ཡང་གཙང་སྦྲ་དགོས་པ་མང་ཙམ་གསུང་ཡོད།  ང་སྔོན་མ་གསང་སྔགས་སྒྲུབ་དུས་བན་རྒན་ཞིག་གིས་ཁ་ལག་ཁྲིད་མི་རུང་བར་དང་གཙང་སྦྲ་བྱེད་མི་རུང་བ་གསུང་བྱུང་། འོན་ཀྱང་བསྙེན་ཐབས་ནང་གཙང་སྦྲ་དགོས་པའི་རྒྱུ་མཚན་བཅས་མང་པོ་གསུང་འདུག་པས། དེ་ཆོས་པའི་ཉམས་ལེན་ཀྱང་རེད་མི་འདུག །ནང་ཆོས་ཀྱིས་བོད་རྗེས་ལུས་ཡིན་པར་མཚོན་པ་མི་ཤེས་མོད། གཙང་སྦྲ་མི་ཤེས་པས་མི་རིགས་རྗེས་ལུས་ངོ་མ་མཚོན་ཐུབ་འདུག  དེ་ཕྱིར་གཙང་སྦྲ་ཕྱོགས་ལ་ཀུན་གྱིས་གཟབ་དགོས་ཚོད་རེད་འདུག   །ང་ཚོ་མ་འོངས་པའི་ཆེད་དུ་རྗེས་རབས་པའི་དོན་དུ་གློག་རྫས་གོས་རྙིང་ལྷམ་རྙིང་ཆུ་ཤོག་འགྱིག་དམ་ཁྱིམ་ལུད་གད་སྙིགས་གང་བྱུང་དུ་མི་གཏོར་བར་གད་སྙིགས་སྒམ་དུ་དོར་རྒྱུ་ཧ་ཅང་གལ་ཆེ་སྟེ་ས་དང་ཆུ་སོགས་དུག་གིས་ཁྱབ་པར་གྱུར་ན་ང་ཚོ་ནད་སྣ་ཚོགས་ཀྱིས་མནར་ངེས་ཡིན་པས་སོ། །སྣབས་དང་ཁ་ལུད་གང་བྱུང་འཕེན་པ་དང་གཅིན་སྐྱག་གང་སར་གཏོང་སྟེ་བརྩོག་པས་བརྫད་པ་དེ་སྟོན་པས་ལྷག་པ་དུ་དགག་ཡོད་རེད། ཆང་རག་སོགས་བཏུང་ཆུ་བཏུང་བ་ནི་མི་དང་དུད་འགྲོའི་ལུས་ལ་གནོད་པ་དང་། ཉོད་ལུད་ཀྱི་འབྱུང་ཁུངས།  ནད་རིགས་ཀྱི་སྐྱེ་ས་ལྟ་བུ་གྱུར་ཡོད་སྟབས།  མཁན་ཆེན་འཇམ་དབྱངས་བློ་གྲོས་ཀྱིས་གསུང་པ་བཞིན་རབ་ན་སྤོང་ཐུབ་པ།  འབྲིང་ན་འཐུང་ཇེ་ཉུང་གཏོང་བ།  མཐའ་ན་ཉོད་ལུད་གང་ས་མི་གཏོར་བའི་རེ་བ་ཡོད། མདོར་ན་གཅེས་པར་འོས་པའི་ཕྱི་ནང་ཁོར་ཡུག་ཀུན་ལ་གཏོར་བརླག་མི་གཏོང་བ་སྲུང་སྐྱོབས་འགན་ཁྲི་དེ་ཐམས་ཅད་ཡོད་པས་དང་ལེན་མི་བྱེད་ཐབས་མེད་གཅིག་རེད།  རྩོམ་པ་པོ་དང་།  སློབ་གསོ་བ།   རིག་གནས་པ།   བསམ་བློ་བ་ཡོད་ཚད་ཀྱིས་འདིར་སྨྱུག་ཁ་སྐོར་རྒྱུ།  སློབ་བཤད་བྱེད་རྒྱུ་སོགས་ངོ་མ་རན་འདུག།   རྗེས་སུ་ཅི་འོང་མི་ཤེས་དེས་ན་བཟབ་འཚལ་ལོ།།


 

ཆེས་གསར་བའི་དྲི་བ། ཟླ 3 17, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...