འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

དང་སྒྲ་བཤད་པ། དྲིབ་82

འདེམ་ཤོག 0

དང་སྒྲ

དྲི་བ།    དང་སྒྲའི་སྡོམ་ཚིག

དང་ནི་སྡུད་འབྱེད་རྒྱུ་མཚན་དང་།།      ཚེ་སྐབས་གདམས་ངག་ལྔ་ལ་འཇུག

དྲི་བ།    དང་སྒྲ་དོན་གང་དག་ལ་འཇུག

ལན།  དང་སྒྲ་དོནལྔ་ལ་འཇུག(1) སྡུད་པ།  (2) འབྱེད་པ།  (3) རྒྱུ་མཚན།    (4) ཚེ་སྐབས།  (5) གདམས་ངག་ལྔའོ།།                                                                                                                                                                                                                                               

  •  སྡུད་པ་ནི་བསྡུ་བྱའི་གྲངས་ངེས་མ་ངེས་ཅི་རིགས་གཞི་གཅིག་ཏུ་སྡུད་པ་ཞིག་ཡིན།  དཔེར་ན།   ས་དང༌།    ཆུ་དང༌།   མེ་དང༌།    རླུང་བཅས་ནི་འབྱུང་བ་བཞིའོ།།
  •  འབྱེད་པ་ནི་དབྱེ་བར་བྱ་བའི་གྲངས་ངེས་མ་ངེས་ཅི་རིགས་གཞི་གཅིག་ལས་སོ་སོར་འབྱེད་པ་ཞིག་ཡིན།   དབང་པོ་ལྔ་ནི།    

མིག་དང༌།      སྣ་དང༌།    རྣ་དང༌།   ལྕེ་དང༌།   ལུས་རྣམས་སོ།།

  རྒྱུ་མཚན་ནི་རྒྱུ་མཚན་ནམ་གཏན་ཚིགས་སྟོན་པར་འཇུག་པ་ཡིན།   དཔེར་ན།  རྒྱུ་ཡོད་པ་དང་འབྲས་བུ་འབྱུང༌།   སྨན་ཟོས་པ་དང་ནད་དྲག

ཚེ་སྐབས་ནི་བྱ་བའི་དུས་སྟོན་པ་ཞིག་ཡིན།   དཔེར་ན།  ནམ་ལངས་པ་དང་སློབ་གྲྭར་འགྲོ།

  གདམས་ངག་ནི་དགེ་བ་སོཊ་ལ་བསྐུལ་བར་འཇུག་པ་ཞིག་ཡིན།  དཔེར་ན།བརྩོན་འགྲུས་རྩོམས་དང་མཁས་པར་གྱུར།

ཆེས་གསར་བའི་དྲི་བ། ཟླ 7 23, 2015 རིགས་གྲས།:སུམ་ཅུ་བའི་དྲི་བ་དྲིས་ལན། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,733 )
བཟོ་བཅོས་བྱེད་དུས ཟླ 7 23, 2015 སྤྱོད་མཁན།:གླིང་སྟག་ཕྲུག
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...