འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ཆགས་བརྗོད་རྩོམ་ཡིག་དང་ཤེར་བརྗོད་རྩོམ་ཡིག་གི་ཁྱད་པར།

འདེམ་ཤོག 0

ཆགས་བརྗོད་རྩོམ་ཡིག་དང་ཤེར་བརྗོད་རྩོམ་ཡིག་གི་ཁྱད་པར།
 
       མགོན་སྣང་སྐྱེས།

རྩོམ་ཡིག་ལ་རྩོམ་རིག་གི་གཞུང་དང་ལོ་རྒྱུས་སུ་ནང་གསེས་དབྱེ་བ་མང་བོ་ཞིག་འདུག་ལ་དེ་དག་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པར་མ་ཟད་ཐུན་མོང་གི་འབྲེལ་བའང་དམ་པོར་ཡོད།རེད་དེ་གུས་པོ་ཉིད་ཀྱིས་དབྱེ་བ་གཉིས་སུ་བཞག་ཏེ་གནའ་དེང་གང་གི་ཆ་ནས་དར་ཁྱབ་ཆེ་བའི་རྩོམ་ཡིག་འདི་གཉིས་ཀྱི་ཁྱད་པར་ཟུར་ཙམ་བཤད་རྒྱུ་ཡིན།གནའ་དེང་རྩོམ་ལུས་ཀྱི་ཆ་ནས་བཤད་ན་རྩོམ་རྩལ་དང་ཐབས་རྩལ་བརྗོད་དོན་དང་དམིགས་ཡུལ་སོ་སོར་གནས་ཡོད་པ་རེད།དེའང་གཙོ་བོ་སྤྱི་ཚོགས་དང་རྩོམ་པ་པོའི་རྒྱུ་སྤུས་མ་འདྲ་བས་སྒོ་ནས་བྱུང་བ་རེད།ངས་འདིར་ཁ་སང་དེ་རིང་གི་རྩོམ་པོ་རྣམས་ཀྱིས་རིག་གཞུང་སྣ་མང་ཀློག་པ་དང་དེ་ལ་དཔྱད་པ་སོགས་ཚད་དམའ་མོ་རེད་ཅེས་ཐད་བརྗོད་བྱས་པ་མིན་ལ་དོགས་འདྲི་ཙམ་བྱས་སོ།།

ཤེར་བརྗོད་རྩོམ་ཡིག་ཟེར་ན་ཤེས་རབ་འཕེལ་བྱེད་ཀྱི་རྩོམ་ཡིག་ལ་ཟེར།སྤྱིའི་ཆ་ནས་ཤེར་བརྗོད་རྩོམ་ཡིག་ཅིག་ཡིན་ན་བརྗོད་བྱ་གཙང་ལ་དེ་འདྲའི་ཀློག་མཁན་གྱི་རྒྱུད་ལ།དགའ་བ་དང་སྤྲོ་བ་བྱམས་པ་དང་སྙིང་རྗེ་སོགས་སྐྱེ་ཐུབ་པར་མ་ཟད།རང་ཉིད་ཀྱིས་དཔྱོད་ཤེས་ན་བསམ་བློ་ཁྱད་པར་ཅན་རང་རྒྱུད་ལ་སྐྱེ་ཐུབ་པ་ཡིན།ནང་གསེས་ཤེར་བརྗོད་རྩོམ་ཡིག་ལ་དབྱེ་བ་མང་དུ་ཡོད།བྱེ་བྲག་ཤེར་བརྗོད་རྩོམ་ཡིག་ནི་མི་དང་མིའི་བར་ལ་ཀུ་ཡངས་ཀྱི་བློ་སྒོ་འབྱེད་བྱེད་ཅིག་ཡིན་ལ།མིའི་རིགས་མ་ཟད་སྲོག་ལྡན་ཀུན་ལ་བདེ་སྐྱིད་དང་ཞི་བདེ་འབྱུང་བའི་ཐར་ལམ་ཚུགས་བྱེད་ཀྱི་བརྗོད་དོན་འབར་བའི་རྩོམ་ཡིག་རང་སྐྱ་ཐུབ་པ་ཞིག་ཡིན་ནོ།།

ཆགས་བརྗོད་རྩོམ་ཡིག་ཟེར་ན་ཉེ་རིང་ཆགས་སྡང་གིས་བསླུས་པའི་རྩོམ་ཡིག་ཅིག་ལ་ཟེར།རང་གིས་འདོད་པ་གཙོ་ཆེར་བརྗོད་པའི་མི་སྒེར་བསམ་བློ་མཚོན་ཐུབ་ཀྱི་རྩོམ་ཡིག་རང་དབང་བ་ཞིག་ཡིན།ཆགས་བརྗོད་རྩོམ་ཡིག་འབྲི་བཞིན་པའི་རྩོམ་པ་པོ་ཞིག་ལ་མཚོན་ན་ཐོག་མའི་ཀུན་སློང་ལ་རང་ཕན་གཞན་འགུགས་དང་གཞན་གནོད་རང་བདེ་ཡིས་བཅིངས་པའི་སེམས་ཤེས་ཕྲ་མོ་ཞིག་ཡོད།སྤྱིར་ང་ཚོའི་ཕལ་བ་སུ་ཡིན་ན་ཡང་ལྷན་སྐྱེས་སུ་འདི་འདྲིའི་བསམ་བློ་ཞིག་ཡོད་རེད།ཆགས་བརྗོད་རྩོམ་ཡིག་ལའང་ནང་གསེས་དབྱེ་བ་མང་བོ་ཡོད་ལ།དེང་གི་དུས་འདིར་དར་ཁྱབ་ཆེ་བའི་ཆགས་བརྗོད་རྩོམ་ཡིག་ལས་ཕོ་མོའི་བར་གྱི་འབྲེལ་བ་བརྗོད་པའི་ཆགས་རྩོམ་མང་དུ་ཡོད་ལ་དེ་ལ་ཞུགས་མཁན་གྱི་རྩོམ་པ་པོ་ཡང་ཧ་ཅང་མང་བོ་ཡོད།རྩོམ་ཡིག་འདི་ནི་མཐར་ཐུག་ན་སྡུག་བསྔལ་འབྱུང་བྱེད་ཀྱི་རྒྱུ་ཙམ་ཡིན་པ་ལས་རང་རྒྱུད་ལ་དཀར་པོའི་ཕན་ནུས་ཅི་ཡང་འབྱུང་གི་མ་རེད།དེ་བས་ཆགས་བརྗོད་རྩོམ་ཡིག་ནི་སྤྱིར་ང་ཚོའི་མཐར་ཐུག་གི་དམིགས་ཡུལ་འགྲུབ་བྱེད་ཅིག་མ་ཡིན་ནོ།།

དྲ་བའི་སྒང་འདིར་ང་ཚོས་མང་དུ་མཐོང་བའི་རྩོམ་ཡིག་ནི་ཆགས་བརྗོད་རྩོམ་ཡིག་ཡིན།ཀློག་པ་པོ་དང་ཀློག་གྲངས་ཀྱི་ཆ་ནས་ཆགས་བརྗོད་རྩོམ་ཡིག་གཅིག་གི་ཀློག་གྲངས་ཤེར་བརྗོད་རྩོམ་ཡིག་བཅུའི་ཀློག་གྲངས་ཡིན།དེང་གི་དུས་འདིར་མི་སྒེར་སོ་སོའི་སེམས་ངོས་སུ་རིན་ཐང་འབར་བའི་རྩོམ་ཡིག་དང་།དེ་ལ་འཇུག་མཁན་ཡང་རྦད་དེ་ཤེར་བརྗོད་རྩོམ་ཡིག་ལས་ཆགས་བརྗོད་རྩོམ་ཡིག་ཡིན།གྲྭ་གཞོན་ཕལ་ཆེ་བ་ཞིག་དང་ཕོ་མོ་དབྱེ་བ་མེད་པར་ཆགས་བརྗོད་རྩོམ་ཡིག་ལ་དགའ།དཔེར་ན་ཆགས་པ་བརྗོད་པའི་རྩོམ་ཡིག་ཞིག་དང་ཟབ་མོ་སྟོང་བ་ཉིད་བརྗོད་པའི་རྩོམ་ཡིག་གཉིས་ལྷན་གཅིག་ཏུ་དྲ་ཚིགས་གཅིག་གི་སྟེང་སྤེལ་བཞག་ན།ཉིན་གཅིག་ལ་སྟོང་ཉིད་བརྗོད་པའི་རྩོམ་ཡིག་གི་ཀློག་གྲངས་ཆིག་ཁྲི་ཡིན་ན་ཆགས་བརྗོད་རྩོམ་ཡིག་གི་ཀློག་གྲངས་ཁྲི་བཅུ་ཡིན།འདི་ནི་ང་ཚོ་ལ་ལྷན་སྐྱེས་སུ་ཡོད་པའི་དགའ་སྣང་དང་ཆགས་པ་དབང་བཙན་པོའི་སྟོབས་ལས་བྱུང་བའི་ཁྱད་པར་རེད།རིན་ཐང་འབར་བའི་ནོར་བུ་ལ་ནོར་བུ་ལྟར་མ་བཟུང་བར་སྐབས་ཐོབ་ཀྱི་བདེ་བ་ཞིག་ལ་གཅེས་འཛིན་བྱས་པས་རེད།རྒྱལ་བ་ཚངས་དབྱངས་རྒྱ་མཚོས༼ནོར་བུ་རང་ལ་ཡོད་དུས།།ནོར་བུའི་ནོར་ངོ་མ་ཤེས།།ནོར་བུ་གཞན་ལ་ཤོར་དུས།།སྙིང་རླུང་སྟོད་ལ་འཚང་བྱུང་།།༽ཞེས་གསུངས་པའང་བདེན་པ་བདེན་ངོར་ཤར་བློ་བྱུང་འདུག་གོ་སྙམ་མོ།།རིག་གཞུང་ཞིག་དར་བ་དང་རྒུད་པ་གཉིས་འདྲ་ཆོས་སུ་འགྲོ་བཞིན་པའི་སྐབས་འདིར།ང་ཚོས་བདེན་པ་བདེན་དྲང་གི་སྐད་ཆ་ཞིག་བཤད་རྒྱུ་དང་རང་ཕན་གཞན་ཕན་གྱི་རྩོམ་ཡིག་ཅིག་འབྲི་རྒྱུར་གལ་ཆེན་པོ་རེད་དོ།།


 

ཆེས་གསར་བའི་དྲི་བ། ཟླ 4 21, 2017 རིགས་གྲས།:འདོད་གཏམ་གྱི་སྐོར། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...