འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

དེ་སྒྲ་བཤད་པ། དྲི་བ83

འདེམ་ཤོག 0

དེ་སྒྲ་བཤད་པ།

དྲི་བ།    དེ་སྒྲའི་སྡོམ་ཚིག

ལན།  མིང་གི་ཐོག་མའི་དེ་སྒྲ་ནི།།  ཐ་སྙད་འདས་མ་ཐག་པ་དང་།།རྣམ་གྲངས་གཞན་ཅན་གཉིས་ལ་འཇུག།

དྲི་བ།    དེ་སྒྲ་དོན་གང་དག་ལ་འཇུག་གམ། རེ་རེའི་གོ་དོན་དང་དཔེར་བརྗོད་ཕྲིས།

ལན།   དེ་སྒྲ་དོན་དགུ་ལ་འཇུག

1 ཐ་སྙད་ཀྱི་དབང་དུ་བྱས་ན་དོན་གསུམ་ལ་འཇུག་པ་སྟེ།     ཐ་སྙད་འདས་མ་ཐག་པ།       རྣམ་གྲངས་གཞན་བརྗོད་པ།     བརྗོད་བྱ་ལྷག་མ་འདྲེན་པ།

2དངོས་པོའི་དབང་དུ་བྱས་ན་དོན་བཞི་རུ་འཇུག་པ་སྟེ།  བདེན་པའི་དངོས་པོ།  གསང་བའི་དངོས་པོ།  བདག་གི་དངོས་པོ། གཞན་གྱི་དངོས་པོ། 

3དུས་ཀྱི་དབང་དུ་བྱས་ན་དོན་གཉིས་ལ་འཇུག་པ་སྟེ།   འདས་པའི་དངོས་པོ།    མ་འོངས་པའི་དངོས་པོ།

  ཐ་སྙད་འདས་མ་ཐག་པ་ནི་ད་ལྟ་འཆད་བཞིན་སྔོན་དུ་སོང་ཟིན་པའི་ཐ་སྙད་དེ༌། གོང་དུ་སོང་མ་ཐག་པའི་མིང་ཚིག་རྣམས་སླར་སྨོས་མི་

དགོས་པར། དེ་ཞེས་བརྗོད་པས་གོ་བར་ནུས་པའོ།།དཔེར་ན།  ཀ་བ་རིང་ངོ༌།།    དེ་སྲའོ།།   དེ་ལ་ཟུར་ཡོད་དོ།།མེ་ཏོག་པད་མ་ནི་དྲི་ཞིམ་མོ།།    དེ་དབྱིབས་མཛེས་སོ།།  དེ་ལ་ལོ་མ་མང་ངོ།།   འདི་ནི་རྒྱ་མཚོ་སྟེ།    དེ་གཏིང་ཟབ།     དེ་རྒྱ་ཆེ།       འདི་ནི་སློབ་གྲོགས་སྒྲོལ་མ་སྟེ།    དེ་སྤྱོད་པ་ཡག     དེ་ཡི་གེ་མཁས།   འདི་ནི་སློབ་གྲོཊ་སྒྲོལ་མ་སྟེ།     དེ་སྤྱོད་པ་ཡག     དེ་ཡི་གེ་མཁས།

རྣམ་གྲངས་གཞན་བརྗོད་པ་ནི་དེ་སྒྲའི་ཕྲད་དེ་ཚིག་དོན་སྔ་མའི་བརྗོད་བྱའི་དོན་དེ་ལས་གཞན་པའི་བརྗོད་དོན་གྱི་རྣམ་གྲངས་རྣམས་དེ་སྒྲས་སྟོན་པ་ཞིག་ཡིན། དཔེར་ན།  འདི་ནི་ཉི་མའོ།    འོད་སྟོང་ཅན་ཡང་དེ་ཡིན།      ཚ་ཟེར་ཅན་ཡང་དེ་ཡིན།     སྲིད་པའི་སྒྲོན་མེ་ཡང་དེ་ཡིན།  འདི་ནི་ས་གཞི་སྟེ།  ནོར་འཛིན་ཟེར་བ་ཡང་དེ་ཡིན།   རྒྱ་མཚོའི་གོས་ཅནཟེར་བ་ཡང་དེ་ཡིན།

བརྗོད་བྱ་ལྷག་མ་འདྲེན་པ་ནི་དེ་སྒྲའི་ཕྲད་དེ་ཚིག་དོན་སྔ་མའི་བརྗོད་བྱའི་ལྷག་མ་ཡོད་པར་སྟོན་པ་ལ་འཇུག་པ་ཞིག་ཡིན།

དཔེར་ན།  བསྡད་དེ་བྲིས།    འཁྲིད་དེ་འགྲོ།       ཤིང་བཅད་དེ་ཆད།          དགྲ་བསད་དེ་ཤི། 

བདེན་པའི་དངོས་པོ་ནི་དངོས་པོ་དེའི་གནས་ཚུལ་དེ་ག་རང་ཡིན་པའམ་དྲང་པོ་ཡིན་པར་སྟོན་་་་པའི་ཕྱིར་དུ་དེ་སྒྲ་སྦྱར་བ་ཞིག་ཡིན།

དཔེར་ན།     དཔེ་དེ་བཞིན་ནོ།      ཇི་སྐད་སྨྲ་བ་དེ་ལྟར་བྱེད།      དེ་ལྟར་བྱེད། 

  གསང་བའི་དངོས་པོ་ནི་གཞན་གྱིས་ཤེས་སུ་མི་རུང་བའམ་ཐོས་སུ་མི་རུང་བའི་དངོས་པོ་དེའི་བརྡ་སྔར་སོང་ཟིན་པས་གང་ཟག་ལ་གསང་བྱ་དེ་ཤོད་ཚེ། གསང་བྱའི་རང་མིང་མི་སྨོས་པར།  དེ་ཞེས་བརྗོད་པ་ཞིག་ཡིན།      དཔེར་ན།    ཡི་གེ་དེ་གཞན་ལ་མ་སྟོན།      སྐད་ཆ་དེ་གཞན་ལ་མ་བཤད།     དོན་དེགཞན་ལ་མ་བསྒྲགས།  

བདག་གི་དངོས་པོ་ནི་རང་ཉིད་ལ་དབང་བའི་དངོས་པོ་ལ་དེ་ཞེས་སྦྱར་ནས་དངོས་པོ་དེ་རང་ཉིད་ཁོ་ནའི་ཡིན་པ་ལྟར་སྟོན་པ་ཞིག་ཡིན།  དཔེར་ན།   ངའི་དཔེ་དེབ་དེ།      བདག་གི་ལས་དོན་དེ།         ངའི་ཡི་གེ་དེ།

གཞན་གྱི་དངོས་པོ་ནི་གཞན་ལ་དབང་བའི་དངོས་པོ་སོགས་ཕ་རོལ་པོ་ལ་ཡོད་པའི་དངོས་པོ་ལ་དེ་ཞེས་སྦྱར་བ་ཞིག་ཡིན།

དཔེར་ན།    ཁྱོད་ཀྱི་དཔེ་ཆ་དེ།        བོད་ཀྱི་ཆ་ལུགས་དེ།       ཁྱེད་ཀྱིས་བཀའ་གནང་བ་དེ། 

འདས་པའི་དངོས་པོ་ནི་ད་ལྟ་ཕན་ཆད་ཀྱི་འདས་པའི་དོན་ལ་སྦྱར་བ་ཞིག་ཡིན།   དཔེར་ན།   ལོ་སྔོན་མ་དེ།    བོད་ཀྱི་ཆ་ལུགས་དེ།    ཁྱེད་ཀྱིས་བཀའ་གནང་བ་དེ།

མ་འོངས་པའི་དངོས་པོ་ནི་ད་ལྟ་ཕན་ཆད་ཀྱི་མ་འོངས་པའི་དངོས་པོ་སྟོན་པ་་ཞིག་ཡིན། དཔེར་ན།  སང་གི་ཉིན་མོ་དེ།  ཟླ་བ་རྗེས་མ་དེ

དྲི་བ།    འདི་སྒྲའི་འཇུག་ཚུལ།འདི་སྒྲ་དོན་གང་དག་ལ་འཇུག་པ་ཡིན

ལན།  འདི་སྒྲ་དོན་གསུམ་ལ་འཇུག་པ་ཡིན།   (1) འདི་སྒྲ་དུས་ད་ལྟ་བ་འཇུག་པ།     དཔེར་ན། ལོ་འདི་ལ།    (2) འདི་སྒྲ་ཉེ་བའི་དངོས་པོ་ལ་འཇུག་པ།   དཔེར་ན།  ངའི་ཁྱིམ་མཚེས་འདི།   རི་བོ་འདི།    (3)འདི་སྒྲ་མངོན་སུམ་ལ་འཇུག་པ། དཔེར་ན། མདུན་གྱི་དཔེ་དེབ་          འདི། མདུན་གྱི་སློབ་མ་འདི།         

ཆེས་གསར་བའི་དྲི་བ། ཟླ 7 23, 2015 རིགས་གྲས།:སུམ་ཅུ་བའི་དྲི་བ་དྲིས་ལན། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,733 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...