འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

འདོད་པའི་ལྷ་མོའི་འདོད་པ་འགྲུབ་ཤོག

འདེམ་ཤོག 0

འདོད་པའི་ལྷ་མོའི་འདོད་པ་འགྲུབ་ཤོག

        ལྷ་སྲས་དཀར་པོས།

འཇུ་མི་ཕམ་ཟེར་བའི་མཁས་ཆེན་ཞིག་གིས།།
ལུས་གྲྭ་ལྭ་གོན་ནས་འདོད་བསྟན་བྲིས་རུང་།།
དེར་མི་ཁ་མ་ཟད་མཐེ་བོ་སྒྲེང་གི།།
དེ་ཡིན་རུང་འཁྲིག་སྦྱོར་ཉམས་མྱོང་མེད་པའི།།
སྐྱེས་ཆེན་པོ་དེ་ཡི་འདོད་བསྟན་ཕྱོགས་ནས།།
ལུས་འདོད་པའི་འཁྲིག་པ་སྤྱོད་པའི་སྐབས་སུ།།
ལུས་བདེ་མོར་འགྲོ་བྱེད་ལེན་རྒྱུ་དཀའ་འོ།།
གངས་ཁ་བ་རི་བོའི་ཡུལ་ལྗོངས་འདི་ན།།
མཚན་སྙན་གྲགས་གཡུ་འབྲུག་བཞིན་དུ་ལྡིར་བའི།།
བློ་རིག་པ་གློག་དམར་བཞིན་དུ་འཁྱུག་པའི།།
མཚན་དགེ་ཞེས་བྱ་བའི་གྲྭ་ལོག་དེ་ཡིས།།
བློ་རིག་པའི་གནས་ལ་གོམས་པར་སྦྱངས་ཤིང་།།
མོ་བཅུ་གྲངས་ཤིག་ལ་འདོད་པ་སྤྱད་པའི།།
ཚེ་གཅིག་གི་ཉམས་མྱོང་གཅིག་ལ་བསྡུས་པའི།།
ཡུལ་གྲགས་པ་འབར་བའི་འདོད་པའི་བསྟན་བཅོས།།
སྐྱིད་འདོད་པར་རོལ་བའི་སྐྱེས་བོ་གང་གིས།།
ཚུལ་བཞིན་དུ་བླངས་ཤིང་སྤྱོད་པར་བྱས་ན།།
བུ་བུ་མོ་གཉིས་ཀར་བདེ་བ་འཕེལ་བ།།
ལག་སྨྱུ་གུ་བཟུང་བའི་རིག་སྨྲའི་སྡེ་ཡི།།
ཁྱིམ་བཟའ་ཚོ་ཕོ་མོ་སུ་ཡིས་མི་ཤེས།།
ལས་འཁོར་བ་སྐྱོང་བའི་ཁྱིམ་པ་རྣམས་པ།།
ལུས་བདེ་དགའ་རོལ་བྱེད་འདོད་པའི་བསྟན་བཅོས།།
ནུབ་མལ་སའི་སྔས་མགོར་དུས་རྒྱུན་བཞག་ལ།།
ཁོམ་ཡོད་དུས་ཙ་ཙིག་ལག་ཏུ་ལོང་ར།།
ཁྱེད་བཟའ་ཚོ་སྐྱིད་ཀྱི་གཞི་མ་ཡིན་ནོ།།
དེ་མ་ཐུབ་འདོད་པའི་ལྷ་མོས་བྲིས་བའི།།
བཅད་གསར་མའི་འདོད་བསྟན་འདི་ལ་ལྟོས་དང་།།
ལྟ་བདེ་བར་མ་ཟད་ལག་ལེན་སྟབས་བདེ།།
གོང་མཁས་པ་ཡིན་རུང་གསུང་སྤོབས་མེད་པའི།།
འོག་འདོད་ལྡན་ཡིན་རུང་སྒྲོགས་སྤོབས་མེད་པའི།།
བོད་ཁ་བ་ཅན་པོའི་འཁྲིག་སྤྱོད་རིག་པ།།
དུས་ད་ལྟ་གསར་བརྗེ་དགོས་པར་སྨྲ་བའི།།
གནས་རྨ་ཡུལ་སོག་རྫོང་འདོད་པའི་ལྷ་མོར།།
མི་ལ་ལས་སོག་རྫོང་ཁྱི་མོ་ཟེར་ལ།།
མི་ལ་ལས་སོག་རྫོང་སྨད་འཚོང་ཟེར་བ།།
ཡང་ལ་ལས་དེའི་ངན་དེའི་ཐུ་འབོད་མོད།།
སྟེང་མི་ཡུལ་འཇིག་རྟེན་ཁམས་ཀྱི་འཁྲིག་པས།།
ལས་ཉོན་མོངས་འབྱུང་ལྔ་གཅིག་ཏུ་བསྡུས་ནས།།
ནང་གཅུད་ཀྱི་སེམས་ཅན་ཁམས་འདི་ཆགས་ཤིང་།།
འདིའི་ཆགས་ལུགས་འདོད་ལུགས་སྦྱོར་ལུགས་ལ་སོགས།།
གོང་མཁས་པས་ཙ་ཙིག་གསུངས་བས་མ་ཚད།།
རྒྱུད་ཆེན་པོ་རྒྱུད་བཞིར་ཞིབ་དུ་གསལ་ལ།།
གསུང་གསེར་ནག་བཀའ་འགྱུར་རིན་ཆེན་ནང་དུ།།
མཚན་དགའ་བོ་མངལ་འཇུག་ཞེས་སུ་གསུང་བ།།
ཁྱོད་མཁྱེན་ལྡན་རྣམས་པས་གཟིགས་ཀྱང་ལོས་ཡོད།།
རྒྱུ་དེ་ཡི་འབྲས་བུའི་ཚུལ་དུ་སྨིན་པའི།།
སྟབས་བདེ་མོའི་ལག་ལེན་ཁ་གསལ་བཤད་པའི།།
མོ་འདི་ལ་དམའ་བབས་སྐད་ཆ་མ་བཤད།།
ཡུལ་ཁ་བའི་རིགས་མཐུན་སྤུན་ཟླ་རྣམས་པ།།
དེར་ཡི་རེངས་རྒྱབ་སྐྱོར་ཤུགས་ཆེན་ཡོད་ཞེས།།
གཏམ་ཚིགས་སུ་བཅད་པའི་སྦྱོར་འདི་དག།
དབུས་གྲུ་འཛིན་རི་བོའི་ཐང་ཆེན་འགྲམ་ནས།།
ས་ཀླུ་ཆུའི་ལྷ་སྲས་དཀར་པོར་འབོད་པས།།
རྨ་སོག་རྫོང་ལྷ་མོའི་ཕྱོགས་སུ་བསྐུར་ཡོད།།
                                         ༢༠༡༦-༡༢-༩ཉིན་ཉི་མའི་གྲོང་ནས།



                                       

ཆེས་གསར་བའི་དྲི་བ། ཟླ 5 4, 2017 རིགས་གྲས།:འདོད་གཏམ་གྱི་སྐོར། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...