འབྲེལ་ཡོད་དྲི་བ།

འདེམས་ཤོག –1
དྲིས་ལན 0
འདེམས་ཤོག –1
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན། 1
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

བརྡ་སྤྲོད་པ་ཆེན་མོ་སུམ་ཅུ་པ་ལས་དབྱངས་ཡིག་གི་ངོ་བོ་ལ་དཔྱད་པ།

འདེམ་ཤོག 0

བརྡ་སྤྲོད་པ་ཆེན་མོ་སུམ་ཅུ་པ་ལས་དབྱངས་ཡིག་གི་ངོ་བོ་ལ་དཔྱད་པ། 


དེ་ཡང་བོད་ཀྱི་ཡི་གེ་ཞེས་པ་ནི་བོད་མིའི་ངག་སྦྱོར་ལས་གྲུབ་པའི་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་བ་ཞིག་ལ་ངོས་འཛིན་བྱས་ཡོད་པ་ནི་སྲོལ་རྒྱུན་རིང་ལུགས་པ་མཁས་པའི་དབང་པོ་དག་གིས་གཅིག་མཐུན་དུ་དགོངས་ཡོད།  
ཡི་གེའི་ངོ་བོ་ནི་དབྱངས་གསལ་གཉིས་ལས་ལོགས་སུ་མེད་ལ། 
དེ་ཉིད་ལ་དབྱེ་ན་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་ངེས་པར་མཁན་པོས་གསུངས་སོ། །  
ཇི་ལྟར་གསུངས་ཡོད་ཅེ་ན། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ལས། 
"ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །"    ཞེས་པས་སྤྱིར་ཡི་གེའི་ངོ་བོ་བསྟན་པ་དང་། 
"ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །   ཀཱ་ལི་སུམ་ཅུ་ཐམ་པའོ། ། 
ཞེས་རྐང་པ་སྔ་མས་དབྱངས་ཀྱི་གྲངས་ངེས་དང་དེའི་ངོ་བོ་བསྟན་པ་ཡིན་ནོ། །     

འདིར་སུམ་འགྲེལ་ཕལ་མོ་ཆེས།   དབྱངས་ཡིག་གི་གྲངས་ངེས་ཐད་ཀྱི་དགོངས་སྟངས་ལ་རྣམ་པ་མི་འདྲ་བ་ཡོད་དེ། 
དཔེར་ན། ས་པཎ་གྱིས་མཛད་པའི་མཁས་པའི་ཁ་རྒྱན་དང་། 
དཔལ་ཁང་ལོ་ཙཱ་བའི་དག་ཡིག་ངག་སྒྲོན།    
ས་སྐྱ་ཨ་མྱེས་ཀྱི་མི་དབང་རབ་གསལ་རྣམས་ལས། 
དབྱངས་རྣམས་ནི་ལྔའོ། ། ཞེས་དང་། "དབྱངས་ལྔ་ཡ་ར་ལ་ཝའི་འདོགས།།"
ཞེས་སོགས་གསུངས་བ་དང་། 

ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་སྐལ་ལྡན་ཡིད་ཀྱི་པདྨ་འབྱེད་པའི་སྣང་མཛོད་ལས། 
"ཨི་ཨུ་ཨེ་ཨོ་དབྱངས་བཞི་ལ། ། ཞེས་དང་། 
གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་སུམ་རྟགས་མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ལས། 
"ཨི་ལ་སོགས་པ་བཞི་ཡིན་ཏེ།"    ཞེས་པ་སོགས་འདི་དང་འདི་ལྟ་བུའི་མཁས་པ་མང་པོ་ཞིག་གི་དགོངས་ཚུལ་མི་འདྲ་བ་ཡོད་པར་ལགས་ཀྱང་། 

འདི་ན་ཁོ་བོས་དཔྱད་འདོད་པ་ནི། 
བོད་སྐད་ལས་གྲུབ་པའི་དབྱངས་ཀྱི་ངོ་བོ་ལ་རགས་ཙམ་ཞུ་སྙམ་པ་དེ་ཡིན་ན།     ལ་ལས་འདི་བཞིན་སྨྲས་པར་ཐོས་ཏེ།      དབྱངས་གསལ་གཉིས་ཀྱི་ཡ་གྱལ་གཏོགས་པའི་དབྱངས་ཞེས་པ་འདིའི་མཚན་ཉིད་ལ། 
(གསལ་བྱེད་གཞན་ལ་མ་ལྟོས་པར་རང་ཁོ་ན་བརྗོད་དུ་མེད་པའི་ཡི་གེ)
ཞེས་དང་། 
(གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་སྒྲ་དང་སྐད་ཀྱི་ང་རོའི་གདངས་ཙམ་ལ་ནི་དབྱངས་སོ། །) ཞེས་གསུངས་པར་ལྟས་ན། 
དབྱངས་ཀྱི་ངོ་བོ་ནི་དབྱིབས་ཀྱི་ཆའམ་གཟུགས་ལ་དགོངས་པར་ཡིན་ཚོད། 
དཔེར་ན།  མིང་ཚིག་སོགས་གང་རུང་གྲུབ་པའི་ཆ་ཤས་སུ།  
གུག་པའི་ཆའམ་(  ི) འདི་དང་། 
སྨད་པའི་ཆའམ། (ུ)འདི།
བསྒྲེང་བའི་ཆའམ། (  ེ) འདི་དང་།    
བསྟོད་པའི་ཆའམ། (  ོ) འདི་ལྟ་བུའི་བཞི་བོ་རྐྱང་པ་ལ་དགོངས་ཡོད་པ་འདྲ་སྟེ་མཚན་ཉིད་ཀྱི་ཟུར་དག་ལ་གཞིག་ན།  དེ་ལས་དམིགས་བསལ་བ་ཞིག་ཐོན་གྱིན་མི་འདུག
ཡང་ལ་ལས།     ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །   ཞེས་པའི་རྩ་ཚིག་རྒྱབ་ལྗོངས་སུ་དྲངས་ནས་ཨི་ཨུ་ཨེ་ཨོ་བཞི་བོ་ནི་དབྱངས་ཡིག་གསལ་བ་བྱེད་བྱེད་ཡིན་པ་ལས་དབྱངས་མ་ཡིན་ནོ། །  ཞེས་འགྲེལ་ཚུལ་གཅིག་དང་། 
ཡང་ན་གསལ་བྱེད་ཀྱི་ནང་ཚན་གྱུར་བའི་ཨ་ཡིག་ལ་གུག་སྨད་བསྒྲེང་བསྟོད་ཀྱི་ཆ་དག་སྦྱར་བར་ཡིན་ལུགས་ལྟར་དགོངས་ཚུལ་འདྲ་མིན་སྣང་གིན་གདའ། 

ཡིན་ནའང་སོ་སོར་བཤད་ན།  དང་པོའི་ལུགས་ལྟར་ན།   དབྱངས་ཀྱི་ངོ་བོ་དེ་སྐད་གདངས་ལ་མི་གྲུབ་པའི་ཚུལ་ཡོད་དེ།    གུ་གུའམ་གུག་པ་དང་།   ཞབས་ཀྱུའམ་སྨད་པ།    འགྲེང་བུའམ་བསྒྲེང་བ།  རྣ་རུའམ་བསྟོད་པ་ཞེས་པ་རྣམས་ནི་དབྱངས་ཀྱི་དབྱིབས་སམ་གཟུགས་ཙམ་ཡིན་གྱི་ངོ་བོ་ནི་མ་ཡིན་ནོ། །  གལ་ཏེ་ཡིན་པའི་དབང་དུ་བྱེད་ན་དེ་དག་སྐད་གདངས་ལས་གསལ་བར་གྲུབ་དགོས་པས་དེ་ནི་འགྲུབ་པར་མེད་དོ། ། 
འོ་ན་གུ་གུ་ཞེས་པ་དེ་སྐད་གདངས་ལས་མངོན་གསལ་དུ་གྲུབ་ཀྱིན་མི་འདུག་གམ་ཞེ་ན་དེ་ནི་མིང་ཙམ་མོ། ། 

གཉིས་པ་ལྟར་ན།   ཀ་ནས་ཨའི་བར་གྱི་ཡི་གེ་རེ་རེ་བཞིན་དབྱངས་གསལ་གཉིས་ཀྱི་ཡ་གྱལ་གཏོགས་པའི་གསལ་བྱེད་སུམ་ཅུ་པོ་མ་ཡིན་པར་འགྱུར་ཏེ། 
དེའང་གསལ་བར་བྱེད་བྱེད་ཡིན་ཚུལ་ལ་མཚུངས་བས་སོ། ། 

གསུམ་པའི་ལུགས་ལྟར་ན།     མཁན་པོས་རྒྱ་གར་གྱི་དབྱངས་ཡིག་ལས་བླང་དོར་བྱེད་པ་དང་འགལ་ལོ། །    ཇི་ལྟར་ཞེ་ན།   མཁན་པོས་འཕགས་ཡུལ་གྱི་དབྱངས་ཡིག་བཅུ་དྲུག་ལས་ཨ་ཡིག་དེ་གསལ་བྱེད་ཀྱི་གྲས་སུ་མཛད་པ་དང་།    དེ་མིན་བོད་ལ་མཁོ་བའི་ཨི་ཨུ་ཨེ་ཨོ་བཞི་བོ་བོད་སྐད་ལ་དབྱངས་སུ་བྱས་ཏེ་བཞག་གོ །

དེས་ན་འདིར་རང་གིས་བསམ་པ་ལ་དབྱངས་ཀྱི་ངོ་བོ་ནི་ཨུ་ཨི་ཨེ་ཨོ་བཞི་བོ་ཡིན་ཞེས་བརྗོད་པ་ལ་རྒྱུ་མཚན་གསུམ་ཙམ་འཇོག་པར་བྱའོ། །
གང་དག་ཡིན་ཟེར་ན།   དང་པོ་འདི་དག་དབྱངས་ཡིག་དངོས་ཡིན་པའི་རྒྱུ་མཚན་ལ།   མཁན་པོ་ཉིད་ཀྱིས་ལུང་སྟོན་པ་རྩ་བ་སུམ་ཅུ་པའི་འབྲེལ་སྒྲ་བསྟན་སྐབས་ལས<<དེ་དག་ཨི་སྦྱར་འབྲེལ་བའི་ས།།>>ཞེས་ཨི་སྦྱར་ཞེས་དང་།  ལ་དོན་སྟོན་པའི་སྐབས་ཀྱི།  <<དེ་ལ་གཉིས་པ་ཨུ་ཡང་སྦྱར།། >> ཞེས་དང་། དེ་སྒྲ་བསྟན་པའི་སྐབས་ལ།   <<གསུམ་པ་ལ་ནི་ཨེ་སྦྱར་བ། །>>ཞེས་དང་།  སླར་བསྡུ་སྟོན་པའི་སྐབས་ལས། <<དེ་ལ་ཨཱ་ལི་བཞི་བ་སྦྱར།།>>ཞེས་པ་དེ་དག་ལས་ཅི་ཞིག་གོ་ཐུབ་ཀྱི་ཡོད་རེད་ཟེར་ན།  
"ཨཱ་ལི་གསལ་བྱེད་ཨི་སོགས་བཞི།།" ཞེས་པའི་སྐབས་ཀྱི་ཨི་ལ་སོགས་པ་རྣམས་ནི་དབྱངས་ཡིག་ཡིན་པར་གོ་ནུས་སོ། །  

རྒྱུ་མཚན་གཉིས་པ་ནི།   གོང་ནས་སྨྲས་པ་ལྟར།   མཁན་པོ་ཉིད་ཀྱིས་ལེགས་སྦྱར་གྱི་དབྱངས་ཡིག་བཅུ་དྲུག་ལས་ཨི་ཨུ་ཨེ་ཨོ་བཞི་བོ་ཇི་བཞིན་དུ་བོད་ཡིག་གི་དབྱངས་ཀྱི་གྲས་སུ་བཞག་པ་རེད་ཟེར་རྒྱུ་དེ་ཡིན།   
དེ་ཡང་ཚུལ་ཇི་ལྟར་བཞག་གམ་ཞེ་ན། རྒྱ་གར་གྱི་དབྱངས་བཅུ་དྲུག་ནི། 
"ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རི་རཱི་ལི་ལཱི་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ"རྣམས་ལས།"
མཁན་པོས་བོད་ལ།    ཨ་ཨཱ་གཉིས་ལས་ཨ་ཡིག་དེ་བོད་ཀྱི་གསལ་བྱེད་ཀྱི་གྲས་སུ་བཞག་སྟེ་རྗེས་མ་དེ་དོར་བ་དང་།     ཨི་ཨཱི་གཉིས་ལས་ཨི་ཡིག་དེ་བོད་ཀྱི་དབྱངས་སུ་བཞག་སྟེ་འཕྲོ་མ་དེ་དོར་བ་དང་།   ཨུ་ཨཱུ་གཉིས་ལས་སྔོན་མ་དེ་དབྱངས་སུ་བཞག་ནས་ཕྱི་མ་དེ་ཡང་དོར་བ་དང་། 
རི་རཱི་ལི་ལཱི་བཞི་ག་དོར་བ་དང་།  ཨེ་ཨཻ་དང་ཨོ་ཨཽ་གཉིས་ཀྱང་སྔ་མ་ལྟར་མཛད་པ་དང་།    ཨཾ་ཨ༔སྟེ་ཁྱོན་བསྡོམས་དོར་བྱ་བཅུ་གཅིག་དང་བླང་བྱའམ་བོད་ལ་མཁོ་བའི་དབྱངས་བཞི་དེ་མཁན་པོས་མཛད་པ་ཡིན་པས་ཕྱིར་རོ། ། 
རྒྱུ་མཚན་གསུམ་པ་དེ་གང་ཡིན་ཟེར་ན།    གསལ་བྱེད་སུམ་ཅུ་པོ་གང་དང་གང་ལ(  ི)འདི་ལྟ་བུའི་དབྱིབས་རིས་རེ་བཏགས་པ་ལྟ་བུ་ལ་ཆ་མཚོན་པ་ཡིན་ན།      དཔེར་ན་གསལ་བྱེད་ཀ་ལྟ་བུ་ལ་སྦྱོར་ཚེ (ཀི) ཞེས་གྲུབ་པ་དེ་ཉིད་ངག་ལས་འབྱིན་པའི་སྐབས་སུ (  ི) འདི་ལྟ་བུ་ཉིད་ལས (ཨི)  ཞེས་པའི་སྒྲ་ཇི་མ་ཇི་བཞིན་འདོན་ཐུབ་ཀྱིན་ཡོད་ལ་མ་ཟད་དོན་ཁྱད་པར་བ་ཞིག་ཀྱང་སྟོན་ནུས་པ་རེད།     དེ་བཞིན་དུ་གཞན་པ་གསུམ་པོའང་གཅིག་པ་ཡིན་ནི་རེད་ཟེར་ཀི་ཡོད།       འོ་ན་དབྱངས་ཡིག་གི་གཟུགས་ཇི་མ་ཇི་བཞིན་དུ་ཀཱ་ལི་ལ་སྦྱར་བར་མི་སྣང་མོད།      དེ་ནི་གང་ལྟར་རེད་སྙམ་ན།   དེ་ནི་ཡིག་ཟོར་ཡོང་བའི་སླད་དུ་འདི་ལྟར་བྱས་པ་རེད་ཟེར་ན་ཆོག    དཔེར་ན་ཨཱ་ལིར་གཏོགས་པའི་( ཨི་ཡིག་ཀཱ་ལི་གང་ཞིག་ཡང་དཔེར་ན་ཀ་ལྟ་བུ་ལ་སྦྱོར་ཚེ་ཀ་ཡིག་ཐོག་ལ་ཨི་ཡིག་གི་གཟུགས་རིས་ཇི་བཞིན་སྦྱོར་དགོས་སམ )ཞེ་ན་དེ་ནི་དགོས་པ་མ་ཡིན་ཏེ།     གཟུགས་ཀྱི་ཆ་ནས (  ི)འདི་ལྟ་བུ་ཞིག་ལས་མ་བྲིས་ཀྱང་དོན་དག་ལ་ ( ཨི )  འདི་ཇི་བཞིན་དུ་སྟོན་ནས་ཡོད། 
དཔེར་ན་རྒྱ་གར་ལ " ཨ་ཨཱ་སོགས་རེ་རེ་ནས་བཅུ་དྲུག་པོ་དབྱངས་ཡིག་ཡིན་ཡང་ཀཱ་ལི་གང་ཞིག་དང་སྡེབ་ཏུ་སྦྱོར་ཚེ་ (  ི) འདི་ཉིད་ལྟ་བུ་དག་བྲིས་པས་འཐུས་སོ།། "ཡང་རྒྱ་གར་ལ་དབྱངས་སྲོག་ཞུགས་ཀྱི་རྣམ་གཞག་སོགས་ཡོད་ཀྱང་དེ་ཡོད་ན་འདྲ་མེད་ཀྱང་རུང་གཟུགས་ཀྱི་བྲི་སྟངས་ནི་བོད་པ་དང་སོ་སོ་བ་ཞིག་མེད་དོ།།        
གལ་ཏེ་རྒྱ་གར་ལ་བཀོད་པའི་དཔེ་དེ་ང་ཚོའི་ཡིག་གཟུགས་ཀྱི་གནས་ལུགས་ལ་མི་འགྲོ་ཟེར་ནའང་སྐྱོན་མེད་དེ།     ང་ཚོ་ལའང་དེ་དང་ཕྱོགས་མཚུངས་ཀྱི་ཡིག་གཟུགས་འབྲི་སྟངས་ཡོད་པ་རེད།    ( དཔེར་ན་བརྩེགས་འདོགས་བྱེད་ལུགས་ཀྱི་ཡིག་གཟུགས་ལྟ་བུ། )   ར་མགོ་འདོག་པ་ལ་ར་ཡིག་ཇི་བཞིན་དུ་མི་འབྲི་བར་ཕྱེད་ཀ་ཙམ་བྲིས་པས་ཆོག་པ་དང་།   དེ་བཞིན་དུ་ཡ་འདོགས་དང་ར་འདོགས་ཝ་བཏགས་ལྟ་བུ།     ཡ་འདོག་བྱེད་པ་ལ་ཡ་ཡིག་གི་གཟུགས་རིས་ཇི་བཞིན་དུ་མི་འབྲི་བ ( ྱ ) འདི་ལྟ་བུ་ཞིག་གིས་གོ་ནུས་པ་དང་།    ར་འདོགས་ལ་ར་ཡིག་དངོས་སུ་མི་བཏགས་པར་ ( ྲ ) འདིས་འཐུས་པ་དང་།    ཝ་བཏགས་ལའང་ཝ་ཡིག་གི་གཟུགས་ཇི་བཞིན་མི་འབྲི་བར་ ( ྭ ) འདི་ལྟ་བུ་དག་གིས་བརྗོད་དོན་སྟོན་ནུས་པ་བཞིན་དུ་དོན་ལ" ཨཱ་ལིར་གཏོགས་པའི  "  ཨི་ཡིག་དག་གསལ་བྱེད་རྣམས་ལ་ཇི་བཞིན་མ་སྦྱར་རུང་བརྗོད་དོན་སྟོན་སྟངས་ནི་ཁྱད་པར་མེད་པར་ཡིན་ནོ། ། 


ཡང་འདིར་ལ་ལ་ཞིག་གིས་ཀཱ་ལི་གཏོགས་པའི ( ཨ་ཡིག་ལ་དབྱངས་ཡིག་བཏགས་ཚེ་ཨཱ་ལིའི་ངོ་བོ་ལ་ནོར་བ་འཁྱར་འཁྱོར་དུ་ལེན་བཞིན་ཡོད། 
འདི་གཉི་ནི་གཟུགས་རིས་ཀྱི་ཆ་ནས་འདྲ་བར་སྣང་ཚུལ་ཙམ་ལས་དོན་ལ་ཁྱད་པར་ཆེན་པོ་ཡོད་དེ་གཅིག་ཤོས་ནི་དབྱངས་སམ་ཨཱ་ལི་ཉིད་ཡིན་ལ། 
གཅིག་ཤོས་ནི་གསལ་བྱེད་དམ་ཀཱ་ལིར་གཏོགས་པའི་ཁྱད་པར་ཡོད་པ་ཡིན་ནོ། །

ད་ནི་ཁོ་བོ་

ཆེས་གསར་བའི་དྲི་བ། ཟླ 5 28, 2017 རིགས་གྲས།:སུམ་ཅུ་བའི་དྲི་བ་དྲིས་ལན། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...