འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

བོད་ཀྱི་བུད་མེད་ཚོར་སྙིང་རྗེ་མེད།

འདེམ་ཤོག 0

བོད་ཀྱི་བུད་མེད་ཚོར་སྙིང་རྗེ་མེད།

          མགོན་སྣང་སྐྱེས།

བོད་སྐད་ཡིག་ནི་སྤྱང་ཁར་ཤོར་བའི་ལུག་ཆུང་ཞིག་དང་།
བོད་ཀྱི་བུད་མེད་ཚོ་ལུག་རྫི་ཞིག་ཡིན་པའི་དབང་དུ་བཏང་ན།
འཕོང་སེམས་དང་ན་ཟུག་མེད་པའི་ལུག་རྫི་ནག་པོ་ཞིག་རེད།
ཕ་གའི་རི་སྒང་ནས་ཀི་སྒྲ་དང་ངུ་འབོད་བྱེད་པའི་གྲྭ་བ་བྱང་སེམས་ཅན་དང་སྐྱེས་པ་ལྷག་སེམས་ཅན་དག་གིས་ལ་རྒྱ་དང་རིགས་ཞེན་ལ་དམར་ཚོན་འདེབས་པའི་བོད་ཀྱི་བུད་མེད་འདི་ཚོ་སྔ་མོ་ནས་ལམ་འཇུག་དང་བཙོན་འཇུག་བྱས་ན་དགའ་འོ།།


བོད་ཀྱི་མི་རྒྱུད་ཕྱིར་མར་སྦྲག་སྐད་སློབ་པ་དང་།སྲོལ་རྒྱུན་འབོར་བ་དང་དོར་བར་བྱེད་པའི་བག་ཆགས་གཏིང་ཟབ་པ་ཞིག་དཔར་བའི་བོད་ཀྱི་བུད་མེད་དམ་ཨ་མ་ཞེས་པའི་ཁོ་ཚོ་ནི་དགེ་རྒན་ཞིག་ཡིན་ཚེ།སློབ་མ་ལམ་ལོག་ལ་འཁྲིད་མཁན་དང་།ཀུན་སྤྱོད་མེད་པ་ཞིག་གསོ་སྐྱོང་བྱེད་པ་ཤ་སྟག་རེད།དེ་བས་མི་རིགས་ཤིག་གི་ཉེས་ཅན་དང་བརྩེ་དུང་མེད་པའི་ཁོ་ཚོར་སྔ་ས་ནས་སྒང་བ་བོད་ཀྱི་ས་སྒང་འདིར་རི་བོང་གི་རྭ་ཅོ་བཞིན་གཏན་མེད་བྱས་ན་དགའ་འོ།།


རིགས་ཀྱི་ལ་རྒྱ་དང་རང་སྟོབས་མེད་པའི་བོད་ཀྱི་བུད་མེད།
བསམ་བློའི་སྙིང་སྟོབས་དང་རང་བདག་རང་ཁུར་མེད་པའི་བོད་ཀྱི་བུད་མེད།རང་ཡིག་ལས་གཞན་ཡིག་ལ་དགའ་བའི་མདོར་རྩ་དང་།བག་གཤིས་མེད་པའི་བོད་ཀྱི་བུད་མེད།དཔེ་ཆ་དང་སྨྱུག་གུ་ལས་མཛེས་ཆས་དང་མཛེས་བཟོའི་ཡོ་བྱེད་མང་བའི་བོད་ཀྱི་བུད་མེད།
གྱོན་པ་རི་རིབ་ལས་ལྕི་ཞིང་བྱམས་བརྩེ་རྩྭི་ཤིང་ལས་ཡང་བའི་བོད་ཀྱི་བུད་མེད།རྒྱན་ཆ་དང་འདོགས་ཆ་ཚེ་སྲོག་ལས་གཅེས་སུ་འཛིན་པའི་བོད་ཀྱི་བུད་མེད།མདོར་ན་སྐྱེས་པ་ཚོར་གཡོག་པོར་བཀོད་པའི་ཞིང་བདག་སྙིང་རྗེ་མེད་པ་ཞིག་གོ།


ངས་འདིར་འབོད་སྐད་བཏང་བ་ཡིན།བོད་ཀྱི་བུད་མེད་ཚོ་ཁོར་ཡུག་འདི་དག་ལས་རང་གྲོལ་བྱེད་དགོས།བསམ་བློའི་ཤེས་རིག་གི་ལྡིང་ཁང་ལ་གོམ་སྟོབས་བསྒྱུར་དགོས།གནམ་འོག་གི་ཁྱད་འཕགས་ནོར་བུ་སྟེ་བྱམས་སེམས་ལ་བདག་པོ་བརྒྱག་དགོས།དེ་ལྟར་མ་བྱས་པ་དང་ལྡོག་པར་བྱས་ཚེ།ཁྱོད་ཚོ་རྒྱ་མཚོར་ཁ་བ་བབས་པ་བཞིན་རིམ་གྱིས་མིག་ལམ་ནས་ཡལ་ན་ལེགས་སོ།།

ཆེས་གསར་བའི་དྲི་བ། ཟླ 5 28, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...