འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན། 1
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།རྒྱལ་སྲིད་སྣ་བདུན།

འདེམ་ཤོག 0

༄༅།།རྒྱལ་སྲིད་སྣ་བདུན། 

དུང་དཀར་ཡོན་ཏན་རྒྱ་མཚོ།
༡ ༼འཁོར་ལོ་རིན་པོ་ཆེ༽                      

འཁོར་ལོ་རིན་པོ་ཆེ་ནི།  གསེར་ལས་བྱས་ཤིང་དཔག་ཚད་ལྔ་བརྒྱ་པ་རྩིབས་སྟོང་དང་ལྡན་པ།  ཉི་མ་གཅིག་ལའང་དཔག་ཚད་སྟོང་དུ་འགྲོ་ཞིང་།  དེའི་མཐུས་སུམ་ཅུ་རྩ་གསུམ་མན་ཆད་དུ་གླང་ཆེན་སོགས་འཁོར་ཐམས་ཅད་ནམ་མཁར་འགྲོ་ནུས་པ་དང་།  རྒྱལ་པོས་མི་ཐོས་པའང་ཐོས་པ།  དོ་ཟླ་སུ་ཡང་མེད་པར་བྱེད་པ་ཞིག་ནམ་མཁའ་ལས་འབྱུང་བར་བཤད་དོ།།             
༢ ༼ནོར་བུ་རིན་པོ་ཆེ།༽                          

ནོར་བུ་རིན་པོ་ཆེ་ནི།  མི་ཆེན་པོའི་བརླ་ཤ་ཙམ་ཟུར་བརྒྱད་པ།  མཚན་མོ་དཔག་ཚད་བརྒྱར་འོད་འབྱུང་ཞིང་།  ཉི་མ་ཚ་བ་ན་བསིལ་བའི་ཆུ་ཡན་ལག་བརྒྱད་ལྡན་འབྱུང་བ་དང་།  དཔག་ཚད་བརྒྱའི་ཁོར་ཡུག་ཏུ་ནད་མེད་པར་བྱེད་ཅིང་ཇི་ལྟར་འདོད་པའི་ལས་ཐམས་ཅད་གྲུབ་པར་བྱེད་པ་ཞིག་གོ།  
༣ ༼བཙུན་མོ་རིན་པོ་ཆེ།༽                  

བཙུན་མོ་རིན་པོ་ཆེ་ནི།  ལུས་ལ་ཙནྡན་དང་ཁ་ནས་ཨུཏྤལའི་དྲི་འབྱུང་ཞིང་།  རེག་བྱ་ཉོན་མོངས་པ་མེད་པས་མི་ཐམས་ཅད་ཀྱིས་མ་དང་སྲིང་མོ་ལྟར་མཐོང་བ་དང་།  གླིང་དེའི་བཀྲེས་སྐོམ་ཐམས་ཅད་སེལ་བར་བྱེད་ཅིང་བསམ་པ་མཐུན་པ།  བུ་མང་པོ་བཙའ་ཞིང་ཁྱིམ་ཐབས་མེད་ཀྱང་འདོད་ཡོན་ལྔའི་དབང་དུ་མི་འགྱུར་བ་ཞིག་གོ།
༤ ༼བློན་པོ་རིན་པོ་ཆེ།༽                    

བློན་པོ་རིན་པོ་ཆེ་ནི།  ཉོན་མོངས་པ་མེད་པས་མི་དགེ་བ་སྤངས་ཤིང་བྱ་བ་ཀུན་ལ་མ་བསླབས་ཀྱང་ཤེས་བཞིན་བྱེད་པ།  སེམས་ཅན་རྣམས་ལ་ཕ་མ་ལྟར་བྱམས་པ་ཞིག་གོ།   

༥ ༼གླང་པོ་རིན་པོ་ཆེ།༽                     

གླང་པོ་རིན་པོ་ཆེ་ནི།  ཉིན་གཅིག་ལའང་འཛམ་གླིང་ལན་གསུམ་འཁོར་ཞིང་།  རྒྱལ་བོས་ཞོན་པའི་ཚེ་གང་དུ་འཇུག་སྤྲོ་བ་དེར་བསྐུལ་མི་དགོས་པར་འགྲོ་བ།  ཕ་རོལ་ལས་རྒྱལ་བར་བྱེད་པ་ཞིག་གོ།        
༦ ༼རྟ་མཆོག་རིན་པོ་ཆེ།༽                       


རྟ་མཆོག་རིན་པོ་ཆེ་ནི།  མདོག་རྨ་བྱའི་མགྲིན་པ་ལྟར་སྔོ་ཞིང་ཡོན་ཏན་གླང་པོ་རིན་པོ་ཆེ་དང་མཚུངས་པའོ།།
༧ ༼དམག་དཔོན་རིན་པོ་ཆེ།༽                        

དམག་དཔོན་རིན་པོ་ཆེ་ནི།  དགྲ་བོ་མ་ལུས་པར་འཇོམས་པར་ནུས་ཀྱང་གཞན་ལ་མི་འཚེ་བའི་ལས་བྱེད་པ་ཞིག་གོ།    


 

ཆེས་གསར་བའི་དྲི་བ། ཟླ 6 8, 2017 རིགས་གྲས།:རྣམ་གྲངས་འདྲེན་པའི་སྐོར། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...