འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།མཁན་སློབ་ཆོས་གསུམ།

འདེམ་ཤོག 0

༄༅།།མཁན་སློབ་ཆོས་གསུམ།
དུང་དཀར་ཡོན་ཏན་རྒྱ་མཚོ།

༼མཁན་ཆེན་བོ་ངྷི་ས་ཏྭ།༽                   

མཁན་ཆེན་ཁོང་ནི་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་བྷང་ག་ལའམ་ཟ་ཧོར་གྱི་གྲོང་ཁྱེར་དུ་ཡབ་རྒྱལ་བོ་གཙུག་ལག་འཛིན་ལ་སྲས་ལྕམ་སྲིང་གསུམ་ཡོད་པ་ལས་འབྲིང་བོ་ཡིན།  ཁོང་ནི་བོད་གངས་ཅན་གྱི་ལྗོངས་སུ་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་རབ་བྱུང་ཐོག་མར་འཛུགས་སྐབས་སྡོམ་པ་གནང་མཁན་གྱི་མཁན་པོ་ཡིན་པས་བོད་པ་ཚོས་མཁན་ཆེན་ཟེར།   མཚན་དངོས་ནི་རྒྱ་གར་སྐད་དུ་ཤནྟ་རཀྵི་ཏ་སྟེ་བོད་སྐད་དུ་བསྒྱུར་ན་ཞི་བ་འཚོ་ཟེར།  ཁོང་ནི་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ལ་ཐེངས་གཉིས་གདན་དྲངས་པ་དང་།  ཐེངས་དང་པོར་བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང་རྨང་བཏིང་།  ཐེངས་རྗེས་མར་སློབ་དཔོན་དང་མཉམ་དུ་བོད་ལ་ཕེབས་ནས་བོད་ཀྱི་དགོན་སྡེ་དང་སློབ་གྲྭའི་ཐོག་མ་བསམ་ཡས་གཙུག་ལག་ཁང་བཞེངས་ནས་གྲུབ་ཅིང་རབ་གནས་བཅས་མཛད།  དེ་རྗེས་བོད་ཀྱི་རབ་བྱུང་གི་ཐོག་མ་སད་མི་མི་བདུན་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བཙུགས་པར་མཛད་དོ།  ལོ་རྒྱུས་ལ་ལར་དགུང་དགུ་བརྒྱ་ལྷག་ཙམ་བཞུགས་པར་གསུངས་མོད།  བདེན་པར་མ་ངེས་ལ།  དགུང་གྲངས་བརྒྱ་དང་ལྔ་ཙམ་བཞུགས་པར་སྣང་ངོ་།
༼སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ།༽                                                

སློབ་དཔོན་པདྨ་འབྱུང་གནས་མཆོག་ནི་ནི་བོད་ལ་བཀའ་དྲིན་ཆེ་བའི་ཨ་ཙརྱ་གསུམ་གྱི་ནང་ཚན་དང་པོ་ཡིན།  ཁོང་ནི་ནུབ་ཕྱོགས་ཨོ་རྒྱན་གྱི་རྒྱལ་བོའི་སྲས་སུ་འཁྲུངས་པར་འདུག  བོད་ལ་ཕེབས་ནས་བསམ་ཡས་གཙུག་ལག་ཁང་རབ་གནས་མཛད་པ་དང་།  གནམ་ཐང་མཁར་ནག  འོ་ཡུག   བྱང་ཁུལ་འདམ་གཞུང་།  འཕན་པོ།  མལ་དྲོ་སོགས་སུ་བྱོན་ནས་ལྷ་མོ་གངས་དཀར་ཤ་མེད་སོགས་བསྟན་པ་བཅུ་གཉིས།  དམ་ཅན་རྡོ་རྗེ་ལེགས་པ།  གཉན་ཆེན་ཐང་ལྷ།  གཉན་མཁར་ནག  མལ་དྲོ་གཟི་ཅན།  ཡར་ལྷ་ཤམ་པོ་སོགས་ལྷ་འདྲེ་མང་པོ་དམ་ལ་བཏགས་ཏེ་ནང་པ་སངས་རྒྱས་པའི་བསྟན་པ་སྐྱོང་བའི་སྲུང་མར་བསྐོས།  རྒྱ་བློན་མང་པོར་ཆོས་གསུངས་ནས་གྲུབ་པ་ཐོབ་པས་རྗེ་འབངས་ཉེར་ལྔ་ཡང་བྱུང་།  གསང་སྔགས་སྔ་འགྱུར་བའི་གཙོ་བོར་འཛིན་ནོ།།
༼ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན།༽                         

རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་ནི།  ཡབ་རྒྱལ་བོ་ཁྲི་ལྡེའུ་གཙུག་བརྟན་དང་།  ཡུམ་སྣ་ནམ་བཟའ་གཉིས་ཀྱི་སྲས་སུ་ཆུ་རྟ་སྤྱི་ལོ་༧༤༢ལོར་སྐུ་བལྟམས།  ཤིང་ལུག་སྤྱི་ལོ་༧༥༥ལོར་རྒྱལ་བོའི་ཁྲི་ལ་བཀོད།  སྟག་སྒྲ་ཀླུ་གོང་ལ་སོགས་བློན་ཆེན་བརྒྱད་ཙམ་ཡོད།  མཆིམས་བཟའ་ལྷ་མོ་བཙན་སོགས་བཙུན་མོ་ལྔ་ཁབ་ཏུ་བཞེས།  བསམ་ཡས་གཙུག་ལག་ཁང་བཞེངས།  རབ་བྱུང་གི་སྡེ་བཙུགས།  ཐང་བོད་གཉིས་བར་དམག་འཁྲུག་གང་མང་བྱས། སྲིད་དོན་གྱི་བྱས་རྗེས་ཡོད་པའི་བློན་ལ་གཟེངས་བསྟོད་དང་།  བྱ་བ་གལ་ཆེའི་རིགས་བློན་པོ་དག་དང་གྲོས་བསྡུར་ཐོག་ཐག་གཅོད་བྱེད་པས་རྒྱལ་བློན་མཐུན་སྒྲིལ་ཆེ།  བཙན་པོ་རང་ཉིད་ས་གནས་སོ་སོར་དངོས་སུ་ཕེབས་ཏེ་བོད་མིའི་བུ་ཕྲུག་ཤེས་རབ་གསལ་ཞིང་སྨྲ་ལྕེ་བདེ་བ་མང་པོ་འདེམས་སྒྲུག་གནང་སྟེ་བསམ་ཡས་སྒྲ་བསྒྱུར་གླིང་དུ་ཡིག་བསྒྱུར་གྱི་སློབ་གྲྭ་ཐོག་མར་འཛུགས་པ་གནང་སྟེ་ལོ་ཙཱ་བའི་དཔུང་ཁག་སྟོབས་ཆེན་ཞིག་གསོ་སྐྱོང་གནང་།  ལོ་ཙཱ་བ་རེ་རེར་བཙན་པོའི་སྐུ་སྲུང་དམག་མི་སུམ་ཅུ་སོ་སུམ་གྱི་ཕོགས་ཐོབ་བསྩལ།  བོད་ཀྱི་སྨན་པ་མཁས་པ་ཕྱི་རྒྱལ་དུ་མངགས་པ་དང་།  ཕྱི་རྒྱལ་དང་ནང་སའི་སྨན་པ་མཁས་པ་གདན་དྲངས་ཏེ་སྨན་གཞུང་གསར་རྩོམ་དང་ཡིག་བསྒྱུར་ཟུང་འབྲེལ་ཐོག་ནས་བོད་ཀྱི་སྨན་བཅོས་འཕྲོ་བསྟེན་བྱ་བཞག་དར་རྒྱས་བཏང་།   སྐུ་ཚེའི་ནང་བོད་ཡུལ་རྒྱ་བསྐྱེད་ནས་འཛམ་གླིང་སུམ་གཉིས་ཙམ་དབང་དུ་བསྡུས་པར་བཤད།   མཐར་བཙན་པོ་མཆོག་དགུང་ལོ་ལྔ་བཅུ་ང་ལྔ་པ་མེ་གླང་སྟེ་སྤྱི་ལོ་༧༩༧ལོར་ཟུང་མཁར་སྨྱུག་མ་ཚལ་དུ་སྐུ་བཤེགས་སོ།།


 

ཆེས་གསར་བའི་དྲི་བ། ཟླ 6 12, 2017 རིགས་གྲས།:བོད་ཀྱི་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...