འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།བོད་ཀྱི་ལོ་ཙྭ་བ་སྐ་ཅོག་ཞང་གསུམ།

འདེམ་ཤོག 0

༄༅།།བོད་ཀྱི་ལོ་ཙྭ་བ་སྐ་ཅོག་ཞང་གསུམ།
 

དུང་དཀར་ཡོན་ཏན་རྒྱ་མཚོ།
 

༼སྐ་བ་དཔལ་བརྩེགས།༽                            

མཚན།   སྐ་བ་དཔལ་བརྩེགས།  

ཡབ།  སྐ་བ་བློ་ལྡན།  

ཡུམ།  འབྲོ་བཟའ་རྡོ་རྗེ་ལྕམ།   ཁོང་གིས་མདོ་སྔགས་ཀྱི་གཞུང་རྩ་འགྲེལ་སོགས་ཧ་ཅང་མང་པོ་བསྒྱུར་ཞིང་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་ལོ་ཙཱ་བ་གཞོན་ནུ་གསུམ་གྱི་ཡ་གྱལ་དང་རྗེས་སུ་སྐ་ཅོག་ཞང་གསུམ་ཞེས་ཡོངས་སུ་གྲགས་པ་ལས།  སྐ་བ་དཔལ་བརྩེགས་ཅེས་གྲགས་པ་དེ་ཡིན་ནོ།།     
༼ཅོག་རོ་ཀླུའི་རྒྱལ་མཚན།༽                         

ཁོང་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བྱུང་བའི་ལོ་ཙཱ་བ་རབ་དགུའི་ནང་གསེས་གཞོན་ནུ་གསུམ་གྱི་ཡ་གྱལ་ཡང་ཡིན།  འདི་ཉིད་ཀྱི་འགྱུར་ལ།  འཁོར་ལོ་དང་པོར་གཏོགས་པ་དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མདོར་བསྡུས་ནས་སྟོན་པ་ཕའི་སོ་ཐར་གྱི་མདོ་ཤོ་ལོ་ཀ་བདུན་བརྒྱ།  བམ་པོ་གཉིས་པ།  དེའི་དོན་རྒྱ་ཆེར་བཤད་པ་ཕའི་རྣམ་འབྱེད་ཤོ་ལོ་ཀ་ཉིས་ཁྲི་བཞི་སྟོང་དགུ་བརྒྱ་བམ་པོ་བརྒྱད་ཅུ་གྱ་གསུམ་པ།  དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རེ་བཞི་བསྡུས་ནས་སྟོན་པ་མའི་སོ་ཐར་གྱི་མདོ་ཤོ་ལོ་ཀ་བརྒྱད་བརྒྱ་བམ་པོ་གཉིས་པ་སོགས་བསྒྱུར་རོ།།   
༼ཞང་ཡེ་ཤེས་སྡེ།༽                               

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བྱུང་བའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ལས་གསུམ་པ་ཡིན་ཞིང་།  འདི་ཉིད་ཀྱིས་བསྒྱུར་བའི་འགྱུར་ལ།  བཀའ་བར་བ་ཤེར་ཕྱིན་གྱི་སྐོར་ལ།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ།  ཡུམ་འབྲིང་པོ་སྟོང་ཕྲག་ཉི་ཤུ་ལྔ་བ།  ཁྲི་བརྒྱད་སྟོང་བ་བམ་པོ་དྲུག་ཅུ།  ཤེས་རབ་ཁྲི་བ་བམ་པོ་སུམ་ཅུ་རྩ་བཞི་པ།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་རྩལ་རྣམ་གནོན་གྱིས་ཞུས་པའི་མདོ།  ཤེར་ཕྱིན་ལྔ་བརྒྱ་བ་དང་།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་བར་གྲགས་པ་རྡོ་རྗེའི་གཅོད་པ་སོགས་དང་།  འཁོར་ལོ་ཐ་མར་གཏོགས་པ་མདོ་སྡེ་ཕལ་བོ་ཆེ་སོགས་སོ།  


 

ཆེས་གསར་བའི་དྲི་བ། ཟླ 6 14, 2017 རིགས་གྲས།:བོད་ཀྱི་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...