འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན། 1
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

བཀྲ་ཤིས་རྫས་བརྒྱད་ཀྱི་མཚོན་དོན་དང་རྒྱུ་མཚན།

འདེམ་ཤོག 0

   བཀྲ་ཤིས་རྫས་བརྒྱད་ཀྱི་མཚོན་དོན་དང་རྒྱུ་མཚན།   

      ལྕང་སྐྱ་དགེ་འདུན་བཀྲ་ཤིས།

         བཀྲ་ཤིས་པའི་མེ་ལོང་།

གཟུགས་ཀྱི་ལྷ་མོ་འོད་འཆང་མས། སྟོན་པ་སངས་རྒྱས་ལ་མེ་ལོང་ཕུལ་བས།  རང་དོན་སྤངས་རྟོགས་འགྲུབ་པའི་བཀྲ་ཤིས་པ་བྱུང་ཞིང་།  བཅོམ་ལྡན་འདས་ཀྱིས།  དེ་སྒྲིབ་གཉིས་ཀྱི་དྲི་མ་བྲལ་ཞིང་།  རྣམ་དག་ཆོས་ལ་ལོངས་སྤྱད་དེ་སེམས་རྒྱུད་དག་པའི་རྫས་སུ་བྱིན་གྱིས་བརླབས་སོ།།

              བཀྲ་ཤིས་པའི་གི་ཝང་།

གླང་བོ་ཆེ་ནོར་སྐྱོང་ངམ་གཉིས་འཐུང་ས་སྲུང་གིས།  སྟོན་པ་སངས་རྒྱས་ལ་གི་ཝང་ཕུལ་བས།  
འགྲོ་ཀུན་སྡུག་བསྔལ་ཞི་བར་བྱེད་པའི་བཀྲ་ཤིས་པ་བྱུང་ཞིང་།  བཅོམ་ལྡན་འདས་ཀྱིས།  དེ་དུག་གསུམ་ཀྱིས་བསྐྱེད་པའི་ནད་འཇོམས་པའི་སྨན་མཆོག་གི་རྫས་སུ་བྱིན་གྱིས་བརླབས་སོ།།

               བཀྲ་ཤིས་པའི་ཞོ།

ཁྱིམ་བདག་བཟང་སྐྱོང་ངམ།  ཞིང་བའི་བུ་མོ་ལེགས་སྐྱེས་མས།  སྟོན་པ་སངས་རྒྱས་ལ་བཅུད་སྙིང་ཞོ་ཕུལ་བས།   ཉོན་མོངས་ཞི་ནས།  སྙིང་བོ་རྣམ་དག་མཆོག་རྟོགས་པར་འགྱུར་བའི་བཀྲ་ཤིས་པ་བྱུང་ཞིང་།  བཅོམ་ལྡན་འདས་ཀྱིས།  དེ་བཅུད་ཆགས་པའི་རྫས་སུ་བྱིན་གྱིས་བརླབས་སོ།།

            བཀྲ་ཤིས་པའི་དུར་བ།

བྲམ་ཟེ་ཀུནྡྷུ་ལི་དང་རྩྭ་འཚོང་གི་ཁྱེའུ་བཀྲ་ཤིས་ཀྱིས།  སྟོན་པ་སངས་རྒྱས་ལ།  རྩྭ་དུར་བ་ཕུལ་བས།  ཚེ་རིང་བའི་བཀྲ་ཤིས་པ་བྱུང་ཞིང་།  བཅོམ་ལྡན་འདས་ཀྱིས།  དེ་སྐྱེ་འཆི་རྒས་རྒུད་མེད་པར་རྡོ་རྗེ་སེམས་དཔའི་སྐུ་ཚེ་ལྟར་ཚེ་རིང་བའི་རྫས་སུ་བྱིན་གྱིས་བརླབས་སོ།།

            བཀྲ་ཤིས་པའི་བིལ་བ།

ཤིང་གི་ལྷ་མོའམ་ཚངས་པས།  སྟོན་པ་སངས་རྒྱས་ལ་ཤིང་ཐོག་བིལ་བ་ཕུལ་བས།  རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ་དག་ནས།  སངས་རྒྱས་ཀྱི་གོ་འཕང་མངོན་དུ་གྱུར་བའི་བཀྲ་ཤིས་པ་བྱུང་བས།  བཅོམ་ལྡན་འདས་ཀྱིས།  དེ་འབྲས་བུ་འཕེལ་བའི་རྫས་སུ་བྱིན་གྱིས་བརླབས་སོ།།

        བཀྲ་ཤིས་པའི་དུང་དཀར།

ལྷའི་དབང་བོ་བརྒྱ་བྱིན་གྱིས།  སྟོན་པ་སངས་རྒྱས་ལ་དུང་དཀར་གཡས་འཁྱིལ་ཕུལ་བས།  ཐེག་གསུམ་ཆོས་ཀྱི་འཁོར་ལོ་གདུལ་བྱ་དག་ལ་མ་ནོར་བར་བསྟན་པའི་བཀྲ་ཤིས་པ་བྱུང་བས།  བཅོམ་ལྡན་འདས་ཀྱིས།  དེ་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པའི་རྫས་སུ་བྱིན་གྱིས་བརླབས་སོ།།

             བཀྲ་ཤིས་པའི་ལི་ཁྲི།

སའི་ལྷ་མོ་བསྟན་མ་འམ་བྲམ་ཟེ་སྐར་རྒྱལ་གྱིས།  སྟོན་པ་སངས་རྒྱས་ལ་ལི་ཁྲི་ཕུལ་བས།  ཁམས་གསུམ་དབང་དུ་བསྡུས་ནས།  ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་དབང་བསྒྱུར་བའི་བཀྲ་ཤིས་པ་བྱུང་བས།  བཅོམ་ལྡན་འདས་ཀྱིས།  དབང་དུ་སྡུད་པའི་རྫས་སུ་བྱིན་གྱིས་བརླབས་སོ།།

        བཀྲ་ཤིས་པའི་ཡུངས་དཀར།

གསང་བདག་ཕྱག་ན་རྡོ་རྗེས།  སྟོན་པ་སངས་རྒྱས་ལ།  ཡུངས་དཀར་ཕུལ་བས།  གདོན་བགེགས་བར་ཆད་ལས་རྣམ་པར་རྒྱལ་ཞིང་མཐུ་སྟོབས་ལ་དབང་འབྱོར་བའི་བཀྲ་ཤིས་པ་བྱུང་བས།  བཅོམ་ལྡན་འདས་ཀྱིས།  གདོན་བགེགས་འཇོམས་པའི་རྫས་སུ་བྱིན་གྱིས་བརླབས་སོ།།

ཟུར་ཞུ།  མདོ་དྲན་པ་ཉེར་བཞག་སོགས་ལས་གསུངས་པའི་བཀྲ་ཤིས་རྫས་བརྒྱད་འདི་དག་ནི།  ལྷ་དང་ལྷ་མིན་གཡུལ་བཀྱེ་བའི་ཚེ་ན།  བཀྲ་ཤིས་ལྷ་མོ་རྣམས་ཀྱིས།  བརྒྱ་བྱིན་ལ་ཕུལ་བས་བཀྲ་ཤིས་པ་བྱུང་ཞིང་།  དེ་བཞིན་སྟོན་པར་ཕཡལ་བས་ཀྱང་རང་རང་ལ་བཀྲ་ཤིས་པ་བྱུང་བས།  བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ལའང་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་སོ།།
དེ་ཡང་ལུང་ཕྲན་ཚེགས་ལས།  
ཟླ་བ་སྐར་མར་བཅས་པ་ས་ལ་ལྟུང་ཡང་སྲིད།།
རི་དང་ནགས་ཚལ་མཁའ་ལ་འགྲོ་ཡང་སྲིད།།
རྒྱ་མཚོ་ཆེན་པོའི་ཆུ་ནི་བསྐམ་པར་འགྱུར་ཡང་སྲིད།།
དྲང་སྲོང་ཆེན་པོས་རྫུན་གསུང་འགྱུར་བར་སྲིད་པ་མིན།།
ཞེས་པ་ལྟར།  དྲང་སྲོང་ཆེན་པོ་སྟོན་པ་བཅོམ་ལྡན་འདས་ཀྱིས་བདེན་ཚིག་གིས་བྱིན་གྱིས་བརླབས་པ་དེ་བཞིན་དུ་མི་འགྲུབ་པ་མི་སྲིད་པས། 
རང་ཅག་རྣམས་ཀྱིས་ཡིད་ཆེས་དང་བཅས་མཆོད་པ་བྱས་ན།  རྫས་གཞན་གྱིས་མཆོད་པ་ལས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེའོ།།  མདོར་ན།  རྫས་བརྒྱད་པོ་འདི་དག་གིས་འཕགས་ལམ་ཡན་ལག་བརྒྱད་ཀྱང་མཚོན་ནོ།།


 

ཆེས་གསར་བའི་དྲི་བ། ཟླ 6 17, 2017 རིགས་གྲས།:རྣམ་གྲངས་འདྲེན་པའི་སྐོར། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,643 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...