འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༄།།བུད་མེད་ཞིག་ལ་ཅུང་ཙམ་བསྔགས་པ་ཡིད་བྱུང་ཚངས་པའི་རོལ་མོ།།

འདེམ་ཤོག 0
༄༄།།བུད་མེད་ཞིག་ལ་ཅུང་ཙམ་བསྔགས་པ་ཡིད་བྱུང་ཚངས་པའི་རོལ་མོ།།

     --------  མགོན་སྣང་སྐྱེས།

སྨིན་མའི་མཚམས་ནས་འོ་འཛིན་བར་བལྟས་ཚེ།།
ཡིད་དབང་འཕྲོག་པའི་ལྟད་མོའི་འཇིག་རྟེན་སྟེ།།
འདི་ན་རང་བྱུང་གྲུབ་པར་ཡིད་དགའ་བྱེད།།
སེམས་འཛིན་སྤུར་ཁང་དབུས་སུ་གྲུབ་པར་གྱུར།།

མིག་གཉིས་སྐར་ཆེན་ལྟར་དུ་བཞད་ཅིང་དགོད།།
འཛུམ་པའི་སོ་ཕྲེང་མུ་ཏིག་བཞིན་དུ་འཚེར།།
ཚོར་བའི་བུ་ག་ཐམས་ཅད་གཡོ་འགུལ་གྱིས།།
མི་བདེ་ག་ལེར་འབྱུང་བའི་རྒྱུ་རྐྱེན་གང་།།

མཆུ་སྒྲོ་ཚུར་གྱིས་དོད་ལ་དམར་པོར་མངོན།།
འགྲམ་པ་ཅུང་ཟད་རིང་འང་དམར་སྨུག་འཛུམ།།
འདོད་ལྡན་སྐྱེས་བུའི་སེམས་པ་རྟ་བདུན་བཞིན།།
ཁྱོད་ཀྱི་ཤར་ལྷོ་ནུབ་བྱང་ཀུན་ལ་འཁོར།།

སྐྲ་ལོ་རླུང་ལ་བསྐུར་བའི་རྒྱལ་མཚན་ལྟར།།
གནམ་མཁའི་ཀློང་ལ་སྤུར་བའི་གཟུགས་བརྙན་འང་།།
མཆོད་པའི་ལྷ་མོའི་ཟློས་གར་འཁྲབ་པ་བཞིན།།
འགྲོ་རྣམས་མིག་དབང་འཕྲོག་པའི་རྫས་སུ་གྲུབ།།

སྤྱི་གཙུག་ནས་བཟུང་རྐང་བའི་མཚམས་སུ་ནི།།
མཐོང་སྣང་མངོན་སུམ་ཚད་མར་མ་སྣང་ཡང་།།
ཞལ་གོར་སྟོན་ཟླ་བཞིན་དུ་མཛེས་པ་ལས།།
གཞན་དག་རྟགས་ལས་དཔག་པར་བྱས་སོ་ལོ།།

སྐྱེས་མ་གཞན་དང་བསྡུར་དགོས་ཟེར་ཚོད་མེད།།
འཇིག་རྟེན་ཕལ་བའི་མི་དང་མི་མཚུངས་ལ།།
དབྱངས་ཅན་ལྷ་མོའི་རྣམ་སྤྲུལ་མིན་ན་འང་།།
མཁའ་འགྲོ་མ་ཞིག་ཡིན་པར་ཐེ་ཚོམ་མེད།།

སྔགས་ལུགས་གསང་བའི་ལམ་ལ་ཞུགས་དུས་སུ།།
སྤྱོད་པ་འགའ་ཞིག་སྒྲུབ་པར་སྐབས་བབ་ཚེ།།
ཁྱོད་ཉིད་མཁའ་འགྲོ་ཚོགས་ཀྱི་ཆུང་མ་ཉིད།།
འཇའ་གུར་ལྟ་བུའི་ལུས་ཤིག་གྲུབ་པ་ཡིན།།

གཞན་དུ་ན་འང་ཁྱོད་ཀྱི་ཡོན་ཏན་ཀུན།།
འདི་ནས་བརྗོད་པར་དཀའ་ལ་བརྗོད་མིན་པས།།
ཁོ་བོས་སྙན་ངག་ཐོལ་བྱུང་ཤར་བྲིས་མར།།
དབྱངས་ཅན་མ་ལྟར་དངོས་ཀྱི་བདུད་རྩི་གནོངས།།
  ༢༠༡༧ཧོར་ཟླ༥ཚེས་༡༩ཉིན།

 

ཆེས་གསར་བའི་དྲི་བ། ཟླ 6 18, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,733 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...