འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།ཆང་གི་ཉེས་དམིགས་གོ་བདེ་མ།

འདེམ་ཤོག 0

༄༅།།ཆང་གི་ཉེས་དམིགས་གོ་བདེ་མ།

དུང་དཀར་ཡོན་ཏན་རྒྱ་མཚོ། ཅོ་ནེ།


ཆང་ནི་སྒྱུ་རྩལ་བུ་མོ་སྟེ།།
ལ་ལ་ངུ་ཞིང་ལ་ལ་དགོད།།
ལ་ལ་འཇིགས་ཤིང་ལ་ལ་འདར།།
ལ་ལ་འཛུམ་ཞིང་ལ་ལ་ཁྲོ།།


ཆང་ནི་བདག་མེད་ཕུང་པོ་སྟེ།།
ལ་ལས་ལྷམ་བསྐྱུར་ལ་ལས་ཞྭ།།
ལ་ལས་ཁྱིམ་བརྗེད་ལ་ལས་བུ།།
ལ་ལས་ལམ་ནོར་ལ་ལས་གོས།།


ཆང་ནི་དཔའ་བོའི་སྙིང་སྟོབས་ཏེ།།
ལ་ལས་ཕ་རྡུང་ལ་ལས་མ།།
ལ་ལས་བུ་རྡུང་ལ་ལས་རང་།།
ལ་ལས་ཆུང་མ་ལ་ལས་གཞན།།


ཆང་ནི་སྔོན་ཐོན་བློ་མིག་སྟེ།།
གཅེར་བུར་འགྲོ་ཞིང་སྐྲ་ཡང་གཟེང་།།
ངོ་ཚ་བོར་ཞིང་ཁྲེལ་ཡང་དོར།།
གུས་ལུགས་དབེན་ཞིང་ཟུར་གྱིས་ལྟ།།


ཆང་ནི་མིག་གི་མཛེས་རྒྱན་དེ།།
སྲང་ནས་གཉིད་ཅིང་ལམ་ནས་ཉལ།།
ཁ་ནས་སྐྱུག་ཅིང་འོག་ནས་ཤོར།།
སྣ་ནས་ལུད་ཅིང་ལུས་ནས་བྲོ།།


ཆང་འདི་བཙུན་པའི་སྡོམ་འདྲེ་སྟེ།།
ཐིགས་ཙམ་རོལ་བས་ལྟུང་བ་འབྱུང་།།
མང་ཙམ་འཐུང་བས་ཁྲིམས་དང་འགལ།།
གཞན་གྱིས་ཤེས་ཚེ་ཁྱིམ་ལ་བདའ།།


ཆང་འདི་མཁས་པའི་སྡུག་གཏམ་སྟེ།།
རོལ་ན་སྙན་ངག་འབབ་རབས་བཤད།།
བཟི་ན་སྨྱུག་རྩལ་འཁྱུག་རབས་གླེང་།།
གང་ལྟར་འཐུང་འདོད་ཁོ་ནའོ།།


ཆང་ནི་ངོ་མཚར་འདོད་པ་སྟེ།།
བལྟས་གིན་བལྟས་གིན་ཡིད་དབང་འཕྲོག།
འཐུང་གིན་འཐུང་གིན་སྲོག་དབང་འགུགས།།
མྱོང་གིན་མྱོང་གིན་བདེ་སྐྱིད་བརླག། 

༢༠༡༥-༢-༡༣

ཆེས་གསར་བའི་དྲི་བ། ཟླ 6 26, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...