འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

བོད་ཀྱི་གད་སྙིགས་གྱུར་ཟིན་པའི་སློབ་ཆེན་པ།

འདེམ་ཤོག 0

 

བོད་ཀྱི་གད་སྙིགས་གྱུར་ཟིན་པའི་སློབ་ཆེན་པ།               

 མགོན་སྣང་སྐྱེས།

 

བོད་པ་ཟེར་ན་བཙན་པོའི་སྟོབས་ཤིག་ཡོད།།

རིག་གཞུང་ལ་ཡང་ཆུ་བོའི་གཞུང་ཞིག་ཡོད།།

མཐུན་པོ་དེའང་གསེར་གྱི་ཟམ་ཞིག་ཡིན།།

ལབ་ཅིག་མ་བརྒྱབ་ཐབས་ཤིག་ཡོད་མ་ཡིན།།

 

གྲྭ་བ་ཟེར་ན་དམ་ཆོས་བསླབ་མཁན་ནོ།།

དེ་ལས་གཞན་འང་བོད་ཀྱི་ནོར་མཆོག་རེད།།

མི་ཆོས་ལྷ་ཆོས་མཛོད་ཅིག་མ་ཡིན་དུས།།

ཇོོ་མོ་གླང་མ་འཁུར་དགོས་ཅི་ལ་ངལ།།

 

དད་ལྡན་བོད་པ་འདི་ཚོ་བསམ་བཟང་ངོ་།།

རིག་གནས་སྐོམ་གདུང་ལས་ཀྱིས་མ་སེལ་ཀྱང་།།

ཕ་སྐད་ཡུལ་སྐད་གཙང་མའི་སེམས་ཤིག་ཡོད།།

བོད་པ་རོང་འབྲོག་འདི་ཚོ་ཨེ་མ་རྨད།།

 

དེ་ལས་གཞན་ནི་རིགས་གཅིག་དཔུང་ཞིག་ཡོད།།

ཁོ་ཚོའི་མིང་ལ་བོད་ཀྱི་རྒྱུད་འཛིན་ཟེར།།

དེ་ལས་གཞན་མིང་བོད་ཀྱི་སློབ་མ་ཟེར།།

སློབ་མ་རང་ཚུགས་མེད་ན་རང་མགོ་གཡོག།

 

དགེ་རྒན་རིག་ན་སྤྱང་ཀི་མཐོང་བ་ཞིག།

ཕ་མ་རིག་ན་ཟླ་གླ་སྟེར་མཁན་ཞིག།

གྲོགས་པོ་རིག་ན་ཚོང་རྫས་རྫུན་མ་ཞིག།

དོན་གྱིས་སློབ་མ་ཟེར་ན་སློབ་རྒྱུ་མང་།།

 

སློབ་ར་ཟེར་བའི་འཇིག་རྟེན་ངོ་མཚར་ཞིག།

རིག་གནས་ཟེར་བའི་སློབ་སྦྱོང་སྐར་འབྲས་ཤིག།

མི་ལོ་དུ་མར་ཡར་འཁུར་མར་འཁུར་ཁྲོད།།

གད་སྙིགས་ལྟར་དུ་སྤྱི་ཚོགས་མཐར་རུ་འཁོར།།

 

གད་སྙིགས་འདི་ཚོ་བདག་ཅིག་མ་བྱས་ན།།

འཛམ་གླིང་རྒྱ་མཚོ་ཆེན་མོ་རྫོབ་ཀྱི་ལེ།།

གསེར་ཉ་རིན་ཆེན་རིན་ཐང་ཉམས་ཀྱི་ལ།།

ཀྱེ་མ་བོད་ཡུལ་ཟེར་འང་གང་ན་ཡོད།།

 

རྒྱ་ཡིག་ཤེས་ནས་རྒྱ་དཔོན་བྱས་མ་མྱོང་།།

དབྱིན་ཡིག་ཤེས་ནས་ཨུར་དགེན་བྱས་མ་མྱོང་།།

བོད་ཡིག་ཤེས་ནས་བོད་ཅིག་བྱས་མ་མྱོང་།།

ཅི་ཡང་མ་བྱས་མ་འཇོན་ཀྱི་ཧུད་དོ།།

ཆེས་གསར་བའི་དྲི་བ། ཟླ 6 26, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
བཟོ་བཅོས་བྱེད་དུས ཟླ 6 26, 2017 སྤྱོད་མཁན།:ཐོས་པ་དགའ།
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...