འབྲེལ་ཡོད་དྲི་བ།

འདེམས་ཤོག +1
དྲིས་ལན 0
འདེམས་ཤོག +1
དྲིས་ལན། 1
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

དགག་སྒྲ་བཤད་པ། དྲི་བ 86

འདེམས་ཤོག +1

དགག་སྒྲ་བཤད་པ།

 

དྲི་བ།   དགག་སྒྲའི་སྡོམ་ཚིག་དང་ཕྲད༌།

ལན།    མ་མི་མིན་མེད་དགག་སྒྲ་སྟེ།།   མ་མི་ཐོག་མ་མིནམེད་འཇུག།    མ་ནི་བར་གྱི་གསལ་བྱེད་ལའང་།།

དྲི་བ།    དགག་སྒྲའི་གོ་དོན།

ལན།   ཕྲད་བཞི་པོ་དེ་མིང་ཚིག་གང་ཞིག་ལ་སྦྱར་རུང་སྦྱོར་ཡུལ་གྱི་དོན་དེ་མ་ཡིན་པའམ་མེད་པ།   མིན་པ་སོགས་ཀྱི་དོན་སྟོན་གྱི་ཡོད་པས་དགག་སྒྲ་ཞེས་བརྗོད།

དྲི་བ།    དགག་སྒྲའི་སྦྱོར་ཚུལ།

ལན།    ①  མ་མི་གཉིས་མིང་གི་ཐོག་མར་སྦྱོར་བ།  དཔེར་ན།  མ་སྐྱེས།   མ་དགག།    མ་ཡོང༌།    ②  མེད་མིན་གཉིས་མིང་གི་མཐར་སྦྱོར་བ།  དཔེར་ན།   སྐྱོན་མེད།     བར་ཆད་མེད། 

③ མ་ནི་བར་གྱི་གསལ་བྱེད་ལའང་ཞེས་མ་ཡིག་དེ་ཉིད་ཆོས་གཉིས་ཀྱི་བར་དུ་སྦྱར་ཚེ་ཆོས་དེ་གཉིས་ཕྱེད་ཕྱེད་བཀག་ནས་ཆ་གཉིས་ལྡན་པའི་ཆོས་གཅིག་གི་ངོ་བོ་ཙམ་སྟོན་པར་འཇུག་པ་ཡིན། དཔེར་ན།    ར་་ལུག    རྒྱ་་བོད།     ཤི་་གསོན།   

དྲི་བ།    དགག་སྒྲ་ནི་རྣམ་དབྱེ་ཡིན་ནམ།

ལན།   དགག་སྒྲ་ནི་རྣམ་དབྱེ་མ་ཡིན་པའི་ཕྲད་རང་དབང་ཅན་ཡིན།

དྲི་བ།    མ་ཡོད་ཚད་དགག་སྒྲ་ཡིན་ནམ། རྒྱུ་མཚན་ཅི།

ལན།  མ་ཡོད་ཚད་དགག་སྒྲ་ཡིན་པའི་ངེས་པ་མེད།  རྒྱུ་མཚན་ནི།  འོ་མ།  སྐར་མ།  ཟ་མ།    ལྟ་བུ་ནི་མིང་གི་ཆ་ཤས་ཡིན་པ་ལས་དགག་སྒྲ་མ་ཡིན་ནོ།།

ཆེས་གསར་བའི་དྲི་བ། ཟླ 7 24, 2015 རིགས་གྲས།:སུམ་ཅུ་བའི་དྲི་བ་དྲིས་ལན། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,633 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...