འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ལོ་བཅུའི་རྗེས་ཀྱི་ང་ཚོའི་རིན་ཐང་།

འདེམ་ཤོག 0

ལོ་བཅུའི་རྗེས་ཀྱི་ང་ཚོའི་རིན་ཐང་།
 
             
       མགོན་སྣང་སྐྱེས།


ཉེ་སྔོན་རིག་གནས་པ་ལ་རིན་ཐང་ཆུང་ཞེས་འབོལ་རྩོམ་ཞིག་བྲིས་ཙམ་བྱས།དེ་རིང་བསམ་ཞིང་བསམ་ན་དངོས་ནས་བློ་བསམ་གཏོང་དགོས་པ་ཞིག་རེད།དེ་བས་རྩོམ་ཡིག་ཅིག་འབྲི་དགོས་སོང་།
ཁ་སང་དེ་རིང་གི་ཕྱིའི་ངོ་བོའི་དངོས་ལུགས་ལ་བལྟས་ན།
རིག་གནས་པ་ཡིན་དང་ཆོག  ཚོང་བ་དང་འབྲོག་པ་རོང་བ་སུ་ཡིན་ན་ཡང་རང་རང་གི་བུ་ཕྲུག་ལ་སློབ་སྦྱོང་ཡག་པོ་བྱོས།
སློབ་འབྲས་ལེགས་པོ་ལོངས།མ་འོངས་པར་རིག་གནས་མེད་ན་རིན་ཐང་མེད་ཅེས་བསླབ་བྱ་དང་སློབ་གསོ་མང་བོ་གཏོང་བཞིན་པ་དང་གཏོང་བར་མཆིས་སོ།།དེ་ནི་རིག་གནས་པ་ཚོས་གོ་ན་སེམས་དགའ་དགོས་པ་ཞིག་རེད།རེད་དེ་དོན་དངོས་སུ་ཁ་སང་དེ་རིང་གི་སྤྱི་ཚོགས་ཀྱི་གནས་སྟངས་ལ་བསམ་ན་ལོ་བཅུའི་རྗེས་ཀྱི་ང་ཚོར་བསམ་བློ་ཞིག་གཏོང་དགོས་སོང་།

ལོ་བཅུའི་རྗེས་ནས་ང་ཚོའི་གྲྭ་བ་ཡིན་ན་ཆོག་རིག་གནས་པ་དང་ཀུན་སྤྱོད་ལེགས་ཤོས་ཅན།སྤོབས་པ་དང་ལ་རྒྱ་ཅན།བྱམས་སེམས་ཅན་དང་ལྷག་བསམ་ཅན་སུ་ཡིན་ན་ཡང་རིན་ཐང་ཆུང་།འཚོང་ལས་དཔལ་འབྱོར་རིག་པའམ་འཕྲུལ་ལས་ཀྱི་དུས་རབས་འདིར།
མིའི་རིགས་ཀྱི་བསམ་བློའོ་བློ་ཕུགས་ན་སྒོར་མོ་ཁོ་ན་ལས་གཞན་ཅི་ཡང་མེད་ཚོད་རེད།ཁྱོད་ལ་སྒོར་མོ་ཡོད་ན་ཁྱོད་ལ་ངོ་བསོ་དང་དད་མོས་ཡོད།ཁྱོད་ལ་སྒོར་མོ་མེད་ན་མི་ཡིན་མིན་འང་བཤད་དཀའ་བའི་གནས་སྟངས་ཤིག་ཆགས་འགྲོ་བ་རེད།དེ་བས་གྲྭ་བ་ཡིན་ན་ཡང་ཆོས་གནད་དུ་མི་ཞོག་ན།སྤྱི་ཚོགས་སུ་ཞུགས་ནས་དཔལ་འབྱོར་སྒྲུབ་ན་དགའ་བོ་འདུག  མ་འོངས་པར་ཁྱོད་ལ་དཔལ་འབྱོར་དང་ཆོས་ལུགས་གཉིས་ཀའི་རིག་པ་ཡོད་ན།ད་གཟོད་ཁྱོད་ནི་གཤོག་པ་གཉིས་ལྡན་གྱི་སྐྱེས་བུ་ཉིད་དོ།།ཁྱོད་ཀྱིས་དཔལ་འབྱོར་བེད་སྤྱད་ནས་སངས་རྒྱས་ཆོས་ལུགས་དར་སྤེལ་བཏང་ཆོག་པ་རེེད།དེ་ཡིན་ཙང་ཆོས་ལུགས་གཙང་མ་འདི་འང་ཉམས་རྒུད་དུ་འགྲོ་མི་ཟད།གཞན་ཁྱོད་ལ་དཔལ་འབྱོར་མེད་ན།གཞུང་པོད་ལྔའི་ཚིག་དོན་བློ་ལ་ཤོང་ན་ཡང་དུས་རབས་འདིའི་མི་རྣམས་ཀྱིས་མིག་ལམ་ནས་ཁྱོད་ལ་རིན་ཐང་ཆུང་།སྤྱིར་དཔལ་འབྱོར་བ་སྟོང་ཡོད་པ་ལས་དགེ་བཤེས་གཅིག་ཡོད་ན་བཟང་མོད།ལོ་བཅུའི་རྗེས་སུ་དེ་འདྲ་ཞིག་དཔེ་མི་སྲིད་པ་རེད།དེ་བས་གྲྭ་བ་རྣམས་ཀྱིས་ཀྱང་བསྟན་པའི་ཆེད་དུ་དཔལ་འབྱོར་སྒྲུབ་ན་ལེགས་སོ།།

གཞན་ཡང་།དེང་དུས་འདིར་རྒྱ་ཡུལ་དང་བོད་ཡུལ་གཙོས་ཡུལ་གྲུ་འགའི་མིིའི་རིགས་ནི་བསམ་བློའི་འདུ་ཤེས་དང་སྤྱོད་པའི་སྦྱོར་བ་རྫོབ་པའི་ཀླད་རྨོངས་པའི་རྣམ་ཅན་དུ་འགྱུར་བཞིན་ཡོད།
དཔེར་ན་བོད་པ་ན་རེ།རིག་གནས་ཡོན་ཏན་ཅན་ལ་ངོ་བསོ་མེད།བསམ་བློའི་སྙིང་སྟོབས་ཅན་ལ་རྒྱབ་སྐྱོར་མེད།དེ་བས་ན་ཁོ་ཚོའི་བལྟ་བྱ་དེར་རྒྱུ་འབྱོར་བ་སྟོབས་ཆེན་པོ་ཡོད་པ།མ་འོངས་པར་རྒྱུའི་ཕྱོགས་ནས་རེ་བ་ཆེ་བ་སོགས་རང་ཚུགས་ས་ལ་གཏོར་བའི་ཁོ་ཚོ་དགའ་ཕྱོགས་འདི་ལྟར་རོ།།མི་འདིའི་རིགས་གྲྭ་གྲོང་དབྱེར་མེད་པའི་ཁོངས་སུ་འདུའོ།།དེ་ཡིན་ཙང་ང་ཚོའི་སློབ་གསོ་བ་དང་རིག་གནས་པ་ཚོ་ཁོ་ཅག་གི་མིག་ལམ་ནས་གད་སྙིགས་རྫོབ་པོ་ཞིག་དང་སྤྲང་བོ་སྤྲང་ནག་ཅིག་གོ།


 

ཆེས་གསར་བའི་དྲི་བ། ཟླ 7 22, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...