འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ལྷ་ཁང་སོགས་མང་བོ་བཞེངས་པ་ནི་རྨོངས་དད་རེད།

འདེམ་ཤོག 0
      ལྷ་ཁང་སོགས་མང་བོ་བཞེངས་པ་ནི་རྨོངས་དད་རེད།

                  མགོན་སྣང་སྐྱེས།
སྤྱིའི་ཆ་ནས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ།
བྱེ་བྲག་ཏུ་ལས་དང་རྒྱུ་འབྲས་སྲུང་ལ་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའམ་དད་པ་བྱེད་མཁན་ཞིག་ཡིན་ཕྱིན
།སངས་རྒྱས་ཆོས་ལུགས་པ་ཞིག་ཡིན་ཞེས་མགོ་འབུར་འབུར་བྱས་ན་ཆོག་ཚོད་རེད།ཡིན་དང་དེང་གི་འཕྲུལ་གྱི་སྤྱི་ཚོགས་སམ།བླ་རྒན་
དང་མི་རྒན་རྣམ་པའི་ངོས་འཛིན་བྱས་པའི་བདུད་དགའ་རབ་དབང་ཕྱུག་གི་སྤྲུལ་བའི་གསར་གཏོད་མཛད་པའི་དེང་གི་ཚན་རིག་ཤེས་བྱ
་ནི་མཐའ་གཅིག་ཏུ་མ་རིག་དུག་ཆུ་འཐུང་བའི་སྨྱོན་པའི་ཚོགས་ཀྱིས་མགོ་བོ་རྨོངས་བྱེད་དུ་བཟོས་པ་རེད་ཅེ་ན།སེམས་བདེ་བག་ཕེབས་
ངང་འཚོ་བ་དང་།གཞན་ནང་སེམས་ཀྱི་འཛིན་པ་ལ་གནོད་བྱེད་དང་།བདེ་སྡུག་བཏང་སྙོམས་གསུམ་ལས་བྲལ་བར་བྱེད་པའི་ས་དང
་ལམ་གྱི་རྟོགས་པ་མཐར་ཕྱིན་བྱེད་དུ་མི་འཇུག་པའམ།གནོད་བྱེད་ཀྱི་བཀག་རྡོ་ཞིག་རེད་ཅེས་བཤད་ཆོག་པ་རེད།འོན་ཀྱང་སངས་ཆོས་
དར་སྤེལ་ལ་སྐབས་འགར་ཚན་རྩལ་ཤེས་བྱ་ངེས་པར་དུ་མཁོ་སྲིད་པ་རེད།དེ་བས་གྲྭ་གཞོན་ཚན་རིག་ལ་དགའ་མཁན་དག་གིས་ཤིན
་ཏུ་ལས་ཀྱང་སློབ་པ་དང་ཧུར་ཐག་བྱས་ན་འགྲིག་ཚོད་རེད།གཞན་དེང་གི་སྐབས་འདིར་ཡུལ་དུས་འགར་ལྷ་ཁང་བཞེངས་པ་སོགས་
བསྟན་པའི་མཛེས་རྒྱན་དང་བསྟན་པ་འཕེལ་བྱེད་དུ་རློམ་པ་ནི་རྨོངས་དད་ཤ་སྟག་གོ།བོད་ཀྱི་སྟོད་དང་སྨད་ལུང་པ་དང་རི་སྒང་རེ་
རེ་ན་ལྷ་ཁང་རེ་རེ་ཡོད།བོད་པ་དག་གིས་ལྷ་ཁང་བཞེངས་ན་ཐར་བ་ཐོབ་པར་བསམ་པ་ནི་ལེ་ལོ་ཆེ་བའི་ནད་རྟགས་ཤིག་ལས་དད་པ་
མ་རེད་རྨོངས་དད་རེད།ལྷ་ཁང་ཙམ་ལོ་ངོ་ཁྲི་ཁྲི་འབུམ་འབུམ་ལ་གནས་ཀྱང་བསྟན་པ་དར་བར་མི་སེམས་ལ་ཡང་ན་ལྷ་ཁང་ཙམ་སེལ
་གོལ་གཅིག་གི་ཡུན་ལ་གཞན་གྱིས་གཏོར་བཅོམ་བྱས་ཀྱང་བསྟན་པ་འཇིག་པར་མི་སེམས་སོ།།མི་སེམས་པའི་རྒྱུ་མཚན་ནི་ལོ་རྒྱུས་དང
་རིགས་པའི་བདེན་དཔང་བྱས་ཚར་བ་མ་ཡིན་ནམ།དེ་བས་ན་ང་ཚོས་བསམ་བློའི་ནང་ལ་སྟོན་པ་དང་ལུང་རྟོགས་ཀྱི་བསྟན་པ་དད་པ་
སོགས་བཞེངས་དགོས་པ་ལས་ཕྱིའི་རྣམ་པ་ཙམ་བསྐྲུན་རྒྱུ་དེ་གཙོ་བོ་མ་རེད།མདོར་བསྡུས་ནས་བརྗོད་ན་མི་རང་རང་ལ་ལྷ་ཁང་རེར
་ཡོད་ལ།དེ་ནི་ཆེ་ཆེ་དང་ཆུང་ཆུང་བྱས་ཀྱང་རང་གི་བསམ་བློ་ཡིན་པས་ཧ་ཅང་སྟབས་བདེ་བོ་ཡིན།གཞན་དགེ་འདུན་དཀོན་མཆོག་གམ
་ཡང་ན་གྲྭ་བ་རྣམས་ལ་མཆོད་པ་འབུལ་རྒྱུ་ལས་ལྷག་པའི་དྭངས་གཙང་གི་དགེ་སྒྲུབ་ཞིག་ཀུན་སློང་དང་སྦྱར་ཏེ་དཀོན་པོ་རེད་སེམས་
སོ།།གཞན་དུ་ན་སངས་རྒྱས་ཆོས་ལུགས་ཤེས་མ་ཤེས་ཀྱི་ས་མཚམས་ནས།ཅ་ཅོ་འུར་བ་ནི་ཕྱོགས་གཅིག་གི་ཆ་ནས་དཔེ་ཀློག་བྱེད་དགོས་
པས་རང་ཉིད་འཕེལ་རྒྱས་སུ་གཏོང་བྱེད་ཙམ་ལས་འགྲིབ་མི་སྲིད།རེད་དེ་ཕྱོགས་གཅིག་ཆར་གོ་བ་མ་ལོན་པར་ལྡོག་ཆ་ནས་རང་
ཉིད་ཕམ་བྱེད་དང་ཉེས་བྱེད།ཡང་ན་སངས་རྒྱས་ཤཱཀྱ་ཐུབ་པ་ལ་བརྩི་བཀུར་མ་བྱས་པར་སེམས།དེ་བས་མཚམས་འདིར་བསམ
་བློར་ཞིབ་བཤེར་བྱེད་རྒྱུར་གལ་ཆེན་དུ་འཛིན་རྒྱུ་གཙོ་བོ་རེད།འདི་ནི་རང་ཉིད་དམར་པོའི་གོས་གྱོན་པ་ཞིག་གིས་ཆ་ཙམ
་མ་ཡིན་པར།འཛམ་གླིང་ཤེས་མཐོང་རིགས་པའི་གྲུབ་པའི་ཕྱིར་རོ།།

 

ཆེས་གསར་བའི་དྲི་བ། ཟླ 8 9, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...