འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

མི་སྣ་གྲགས་ཅན་བཀོད་སྤྱོད་བྱེད་སྟངས།

འདེམ་ཤོག 0

 མི་སྣ་གྲགས་ཅན་བཀོད་སྤྱོད་བྱེད་སྟངས།

         མགོན་སྣང་སྐྱེས། 
    ད་རེ་མང་བོ་ཞིག་གི་མིག་ནང་ན་མི་སྣ་གྲགས་ཅན་ནི་ཕ་མ་ལས་ཀྱང་མཛེས་སྡུག་དང་རིན་ཐང་ཅན་ཞིག་དུ་འཚེར་ཡོད།

ང་ཚོའི་བོད་ལ་མཚོན་ནས་བཤད་ན་མི་སྣ་གྲགས་ཅན་གྱི་རིགས་ག་ཚོད་ཡོད་པ་དང་དེ་ལ་བརྩི་བཀུར་དང་ཡིད་རང་བྱེད་སྟངས་ག་འདྲ་ཞིག་ཡིན་ནམ།  བླ་མ་དང་མཁན་སྤྲུལ་གྲགས་ཅན།  སློབ་གསོ་བ་གྲགས་ཅན།  དགེ་བཤེས་གྲགས་ཅན།  སྙན་ངག་པ་གྲགས་ཅན།གཞས་པ་དང་གཞས་མ་གྲགས་ཅན།   སྨན་པ་གྲགས་ཅན།
སྒྱུ་རྩལ་པ་གྲགས་ཅན།  སོགས་རེ་འགའ་རེ་འགའ་ཡོད་སྲིད་རེད།
འོན་ཀྱང་དཔལ་འབྱོར་བ་དང་ཚན་རིག་པ་གྲགས་ཅན་མེད་པ་འདི་ལ་ཁ་སྐོང་ཞིག་བྱེད་དགོས་པ་ནི་མི་རིགས་དང་རིག་གནས་དར་སྤེལ་ལ་འབྲེལ་བ་དམ་པོ་ཞིག་ཡོད་རེད།

སྐབས་སུ་གང་བརྗོད་པ་དེ་མདོར་ཙམ་བཤད་ན།གལ་ཏེ་ས་གནས་ཤིག་ལ་བླ་མ་ཞིག་གམ་ཡང་ན་སྤྲུལ་སྐུ་ཞིག་ཕེབས་པ་ཡིན་ཚེ།ས་གནས་དམངས་ཚོགས་ན་རེ།ཁོ་ཚོར་འབུལ་བ་མང་ཙམ་ཞིག་ཕུལ་ནས་མགོ་ཐོག་ལ་ལག་པ་ཞིག་འཇོག་པར་རེ་འདོད་ཆེ།གལ་ཏེ་ང་ཁོ་ཅག་ཡིན་པའི་དབང་དུ་བཏང་ན།འབུལ་བ་དང་མཇལ་ཁ་ཕྱིར་ལ་བཞག་ནས།སངས་རྒྱས་ཆོས་ལུགས་ཀྱི་སྙིང་བོ་དང་དེ་ལ་འཇུག་ཚུལ་མདོར་ཙམ་བརྗོད་རྒྱུ་རེ་འདོད་དང་སྨོན་པ་བྱེད་དགོས་ཡིན།

གལ་ཏེ་ས་གནས་ཤིག་ལ་དགེ་བཤེས་ཤིག་ཕེབས་པ་ཡིན་ན་ཁོ་ཚོ་ན་རེ།ཨ་ཁུ་ཁྱོད་དཔེ་ཆ་བཟང་བོ་རེད་པས་ང་ལ་མོ་ཞིག་འདེབས་དགོས་ཚོད་དང་ཡང་ན་ངེད་ཚང་ལ་རིམ་གྲོ་ཞིག་སྒྲུབ་རོགས་ཞེས་བརྗོད་པ་རེད།གལ་ཏེ་ང་ཁོ་ཚོ་ཡིན་པའི་དབང་དུ་བཏང་ན།ཨ་ཁུ་ལ་འབྲེལ་བ་བཟུང་ནས་རང་གི་བུ་ཕྲུག་དག་ཁོའི་མདུན་ལ་བཞག་ནས་རིག་པའི་གནས་ལ་ཁྲིད་ཅི་ཐབས་བྱེད་དགོས་པའི་རེ་འདོད་ཆེན་པོ་ཞིག་འདོན་དགོས་ཡིན།

གལ་ཏེ་ས་གནས་ཞིག་ལ་སློབ་གསོ་བ་ཞིག་ཕེབས་པ་ཡིན་ཚེ།
ཡང་ཁོ་ཚོ་ན་རེ།མི་གན་གི་ཀུན་སྤྱོད་བཟང་བོ་མ་རེད་ཟེར་བ་དང་།རིག་གནས་ཡོད་རུང་སྒོར་མོ་མེད་པ་དང་ཡང་ན་ཆང་འཐུང་རབ་སོགས་སྐྱོན་བརྗོད་བྱེད་དགོས་རེད།གལ་ཏེ་ང་ཁོ་ཚོ་ཡིན་པའི་དབང་དུ་བཏང་ན།ཀུན་སྤྱོད་བཟང་ངན་དང་སྒོར་མོ་ཡོད་མེད་སོགས་མ་བསམ་པར།རང་ཉིད་གཙོར་བཟུང་ནས་གྲོགས་པོ་མང་བོ་ཞིག་ལ་བསམ་བློའི་སློབ་གསོ་གནད་ལ་ཕོགས་པ་ཞིག་གཏོང་བར་འཇུག་རྒྱུ་རེ་འདོད་དང་ཡིད་ཆེས་བྱེད་དགོས་ཡིན།

གལ་ཏེ་ས་གནས་ཤིག་ལ་གཞས་པ་གཞས་མ་ཞིག་ཐོན་པ་ཡིན་ཚེ།
ཁོ་ཚོ་ན་རེ།ཕ་མ་དང་བུ་ཕྲུག་ཐོན་པ་བཞིན་དགའ་སྤྲོ་དང་བརྩེ་དུངས་སོགས་མང་བོ་ཞིག་སེམས་སུ་བཅིངས་ནས་ཁོ་ཚོ་བསུ་མ་བྱེད་དགོས་དང་ཡང་ན་འདྲ་པར་མང་བོ་ཞིག་དྲན་རྟེན་དུ་འཇོག་གི་རེད།གལ་ཏེ་ང་ཁོ་ཚོ་ཡིན་པའི་བཏང་ན་དེ་ཙམ་མ་ཡིན་པར་གླུ་གར་སྒྱུ་རྩལ་ལ་ཞིབ་མོར་གཟིགས་ནས་ཕྱིས་སུ་རང་ཉིད་དེ་ལ་འཇུག་ན་བཟང་ངན་གང་དུ་གཏོགས་པ་ཡང་ན་རེ་བ་ཡོད་མེད་སོགས་ལ་བསམ་བློ་གཏོང་གི་རེད།ཡང་གཅིག་བཤད་ན་གཞས་ཚིག་དང་གཞས་དབྱངས་གཞས་མཁན་གྱི་སྐད་ངག་ལ་ཡིད་བདེ་བོ་ཞིག་ཉན་རྒྱུར་བརྩོན་ལེན་བྱེད་དགོས་ཡིན།

གལ་ཏེ་ས་གནས་ཤིག་ལ་སྙན་ངག་པ་ཞིག་ཐོན་ཚེ།ཁོ་ཚོ་ན་རེ་དེ་དང་ལྷན་ཟ་མ་ཟ་རྒྱུ་དང་འདྲ་པར་རྒྱག་པ་སོགས་སྤྱོད་པ་སྣ་ཚོགས་པ་ཞིག་སྟོན་པ་རེད།གལ་ཏེ་ང་ཚོ་ཡིན་པའི་དབང་དུ་བཏང་ན།དེ་ཙམ་མ་པར་གནའ་རབས་དང་དེང་རབས་སྙན་ངག་གི་མཛེས་རྩལ་དང་རིན་ཐང་སྐོར་ནས་ཁ་བརྡ་ཡིད་མགུ་བ་ཞིག་བྱེད་དགོས་ཡིན།

དེ་བཞིན་གཞན་དག་རིགས་འདྲའི་སྒོ་ནས་ཤེས་པར་བྱའོ།ང་ཚོས་མི་སྣ་གྲགས་ཅན་དག་བཀོད་སྤྱོད་བྱེད་མ་ཤེས་ན་རང་ཉིད་དང་ཁོ་པ་ཚོའི་གྱོང་གུད་ལས་གཞན་ཅི་ཡང་མ་མཆིས་སོ།།


 

ཆེས་གསར་བའི་དྲི་བ། ཟླ 8 15, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...