འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།སྲིད་པའི་གངས་རྒན།

འདེམ་ཤོག 0

༄༅།།སྲིད་པའི་གངས་རྒན།    

  དུང་དཀར་ཡོན་ཏན་རྒྱ་མཚོ།                                     

   སྲིད་པའི་གངས་རྒན།   ཉི་ཟླ་སྐར་གསུམ་མགུལ་རྒྱན་དུ་གསོལ་ཞིང་བརྟན་མ་བཅུ་གཉིས་ཞབས་གཡོག་ཏུ་མ་ཁྲིད་པའི་སྔ་རོལ་དེ་ནས།  ཁྱེད་རང་སྲིད་པའི་རྩེ་མོར་འགྱིང་ནས་མི་ལོ་ག་ཙམ་འགོར་ཡོད།  ཁྱེད་ཀྱིས་འགྲོ་དྲུག་ཐུགས་ལ་བརྣག་ནས་བསྐལ་བ་ཅི་ཙམ་འདས་ཡོད།  ཁྱེད་ནི་དེ་ལྟར་ཁེར་ཚུགས་དང་གཟི་བརྗིད་ཀྱིས་འགྱིང་བ་རིག་ན།  ཁྱེད་ནི་དེ་ལྟར་ཁེར་རྐྱང་དང་དཔའ་སྤོབས་ཀྱིས་བཞུགས་ཚུལ་དེ་དྲན་ན།  བདག་ལ་ནམ་ཡང་སྲོན་མི་ཚུགས་པའི་ཚོར་བས་ཁྱབ་ཡོང་།  ང་ལ་རྟག་ཏུ་བཞུར་མི་ཚར་བའི་ལོ་རྒྱུས་ཀྱིས་གང་ཡོང་།  ཁྱེད་ཀྱི་ཕྱི་ནང་བར་གསུམ།  ཁྱེད་ཀྱི་འདས་མ་ད་གསུམ།  ཁྱེད་ཀྱི་སྐུ་གསུང་ཐུགས་གསུམ།  གང་ལྟར་ཁྱེད་ཀྱི་ཡོད་ནས་ཡོད་ཚད་བདག་གིས་ནམ་ཡང་ཡིད་ལ་སྒོམ་ནས།  མིག་གིས་བལྟས་ནས།  ངག་གིས་གླེང་ནས།  ཁྱེད་ལ་ཞིབ་མཇལ་བྱེད་བཞིན་ཡོད།                                      


སྲིད་པའི་གངས་རྒན།  ཁྱེད་ནི་ལྷ་སྒྲུང་ཞིག་སྟེ།  སྟེང་ལྷ་ཡུལ་ནས་འོག་དམྱལ་ཁམས་བཅོ་བརྒྱད་པོ་ཁྱེད་ལ་དབང་ཟེར།  ཁྱེད་ནི་མངོན་སུམ་ཞིག་སྟེ།  ས་སྒང་འདིའི་སྤྱི་གཙུག་ན་འཚེར་བའི་འོད་ཀྱི་ཞགས་པ་དེ་ཡིན་འདུག   ཁྱེད་ཀྱི་མཛད་པ་མེད་པའི་ཆབ་རྒྱུན་དང་།  ཡལ་བ་མེད་པའི་ལྷག་སེམས་ཀྱི་འོད་མདངས།  ཞུམ་པ་མེད་པའི་སེམས་དཔའ་ཡི་རྣམ་ཐར།  ཕལ་བ་དང་ཕལ་བའི་བློས་མི་སྤོབས་པའི་གསང་གསུམ་གྱི་མཛད་རྣམ།  བདག་ནི་ལས་བསོད་ཤིན་ཏུ་ཆེ་བའི་སྐྱེས་བུ་ཞིག་ཡིན་པས།  དེ་དག་ལ་རོལ་མྱོང་བྱེད་ཀྱིན་ཡོད།  ཆ་ཤས་རེ་ཉམས་ལེན་བྱེད་ཀིན་ཡོད།  འདི་ནི་བདག་ཁྱེད་ཀྱི་འདབ་རོལ་ནས་སྐྱེ་བའི་དགེ་མཚན་ཅི་ལ་མིན་འང་།                        

སྲིད་པའི་གངས་རྒན།   ཁྱེད་ནི་མེད་ན་མི་ཆོག་ས་ཆེན་འདིའི་རྩེ་མོ་ཡལ་འགྲོ།   ཁྱེད་ནི་རྒས་ན་མི་ཆོག་ཆོལ་གསུམ་གྱི་སྙིང་དམར་ཡལ་འགྲོ།  གང་ལྟར།  དབུ་དཀར་བགྲེས་པོ་ཚོའི་སེམས་པའི་དབུས་ན།  ཁྱེད་ནི་བླ་ན་མེད་པའི་ལྷ་གསོན་པོ་ཞིག་ཡིན་ལ།  རྣམ་དཔྱོད་ཀྱི་གཟི་དཔལ་འབར་བའི་དཔྱོད་ལྡན་བོད་མི་ཚོའི་སྙིང་ན།  ཁྱེད་ནི་གོང་ན་མེད་པའི་ས་ཆེན་འདིའི་རིན་པོ་ཆེ་གཅིག་པུར་སྒོམ་ཡོད།  སྲིད་པའི་གངས་རྒན་ལགས།  ཁ་བའི་འདབ་མ་རེེ་རེ་ལོ་ཟླའི་བར་གསེང་ནས་རླུང་ལ་སྤུར་ཞིང་གངས་ཆུ་དྭངས་མོ་འང་གྲང་ངར་གྱིས་བཟུང་ཚེ།  འཇིག་རྟེན་གྱི་སྐྱེས་བོ་ཚོའི་བདེ་སྐྱིད་ཀྱི་དུས་ཚོད་ཡལ་སོང་ལ།  རེ་བ་དང་གྲུབ་འབྲས་ཀྱི་རྨི་ལམ་ཡང་གཞི་ནས་ཚར་སོང་བ་མ་ཡིན་ནམ།

སྲིད་པའི་གངས་རྒན།  འབྲོང་རུ་དམར་ཁྱེད་ཀྱི་འདབ་རོལ་ནས་གང་ལ་ཆས་སོང་།  སེང་དཀར་མོ་ཁྱེད་ཀྱི་དབུ་རྩེ་ནས་གང་ལ་བཞུར་སོང་།  བྱ་ཁུ་ལོ་ཁྱེད་ཀྱི་སྤྱན་ལམ་ནས་གང་ལ་འཕུར་སོང་།  ཁྱེད་ཀྱི་རྣམ་ཤེས་དང་ཚེ་སྲོག་ལ་དབང་བའི་དཔུང་ཆེན་དེ་དག་གང་དུ་ཆས་སོང་།  ངས་ཇི་ལྟར་བཙལ་ནས་ཇི་ལྟར་བལྟས་རུང་།  ཅི་ཡང་རིག་གིན་མི་དུག་ལ་གང་ཡང་ཐོས་ཀྱིན་མི་འདུག  འདི་ནི་ཁྱེད་ཀྱི་མཐུ་རྩལ་ཉམས་པའི་ཆོ་འཕྲུལ་ལམ་ཡང་ན་ཁྱེད་ཀྱི་མཛད་འཕྲིན་རྒྱས་པའི་སྔ་ལྟས་ལགས།  

ཀྱེ་ཀྱེ་ས་ཆེན་པོའི་སྤྱི་གཙུག་ན་འགྱིང་བའི་སྲིད་པའི་གངས་རྒན།  ཁྱེད་ཀྱིས་བསྐལ་བ་ཅི་ཙམ་ལ་རེ་སྨོན་བྱས་ཡོད།  ཁྱེད་ཀྱིས་ཐག་རིང་གང་ཞིག་ལ་རྒྱང་བལྟ་བྱས་ཡོད།  ཁྱེད་ཀྱིས་ལྷད་མེད་རྣམ་དག་གི  འགྱུར་མེད་བརྟན་བརླིང་གི   རང་གཞན་གཉིས་ཕན་གྱི།  ལྟ་བ་གང་ཞིག་ཡིད་ལ་སྒོམ་ནས་ད་དུང་མི་ལོ་མང་ཙམ་ལ་གཉིད་རྒྱུ་ཡིན་ནམ་ཡང་ན་བསམ་གཏན་གྱི་མངལ་ལས་ལྡིང་ནས་རིགས་ཀྱི་རྟོགས་པ་འདི་སད་དུ་འཇུག་རྒྱུ།   གང་ལྟར་ཀྱང་།   ངའི་དཔའ་སྤོབས་དང་ཡིད་མཆིས།  ངའི་རེ་བ་དང་རྨི་ལམ།  ཡོད་ཚད་ནས་ཡོད་ཚད་ཁྱེད་ལ་བཅོལ་ཡོད།  

ཆེས་གསར་བའི་དྲི་བ། ཟླ 8 17, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...