འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

གྲྭ་བ་ཞིག་ཡིན་པས་ཆ་ནས་རིན་ཐང་མེད་པའི་སློབ་གཉེར་མ་བྱེད།

འདེམ་ཤོག 0

གྲྭ་བ་ཞིག་ཡིན་པས་ཆ་ནས་རིན་ཐང་མེད་པའི་སློབ་གཉེར་མ་བྱེད།

        མགོན་སྣང་སྐྱེས།
ང་རང་ཚོ་རབ་བྱུང་བ་ཞིག་ཡིན་པའི་ཆ་ནས་རབ་བྱུང་བའི་རྟགས་ཤིག་དགོས་པ་རེད།སྤྱིར་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་སྲུང་རྒྱུ་གལ་ཆེན་པོ་ཞིག་ཡིན་པ་བཤད་མི་དགོས་པ་ཞིག་རེད
རེད་དེ་དེང་གི་དུས་འདིར་ང་རང་ཚོའི་ཚུལ་ཁྲིམས་སྲུང་ཚུལ་གྱི་སྟེང་ནས་གས་ཁ་ཤོར་བཞིན་ཡོད་པས་ན།རྣམ་དག་ཅིག་ཡོང་དགོས་པ་དཀའ་མོ་ཞིག་ཏུ་གྱུར་བཞིན་ཡོད་པ་རེད།དུས་རབས་འདིར་འཕྲུལ་ལས་ཀྱི་ཤེས་བྱ་དར་ཁྱབ་ཆེན་པོ་འབྱུང་ཡོད་པ་རེད།དེར་བརྟེན་ང་རང་ཚོའང་མི་ཞིག་ཡིན་པའི་ཆ་ནས་སེམས་ཀྱི་འདོད་པ་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།དེ་བས་ཆོག་ཤེས་མེད་པ་འདྲ་བོའི་ཚུལ་སྣ་ཚོགས་པ་ཞིག་སྟོན་བཞིན་ཡོད་པ་དེ་རེད།དེ་བས་ན་ང་རང་ཚོས་གཞན་དང་མི་འདྲ་བའི་རྟགས་ཤིག་སྟོན་དགོས་པ་རེད།ནང་བའི་གྲུབ་མཐའ་སྨྲ་བ་བོ་ཞིག་ཡིན་ཚེ།གཞི་ལམ་འབྲས་གསུམ་ལ་སློབ་དགོས་པ་རེད།དེ་ཡིན་དང་ཐུབ་དབང་ནས་བརྒྱུད་པའི་ལུང་དང་རྟོགས་པའི་བསྟན་པ་ལ་སློབ་དགོས་པ་རེད།རང་རང་གི་ཆོས་བརྒྱུད་གང་ཡིན་ན་དེ་དང་བསྟུན་པའི་སྒོ་ནས་མདོ་སྔགས་ཀྱི་བསྟན་པ་ལ་སློབ་དགོས་པ་རེད།སྟོན་པ་སྐྱོན་སེལ་ཞིག་གི་བསྟན་པའི་བསྟན་པ་ཡང་དག་པ་གནས་ལུགས་ཕྱིན་ཅི་མ་ལོག་པ་ཞིག་ལ་སློབ་དགོས་པ་རེད།ང་རང་ཚོ་གྲྭ་བ་ཞིག་ཡིན་པའི་ཆ་ནས་ཡང་དག་པའི་ལམ་དང་བདེན་པ་དང་གནས་ལུགས་ཀྱི་བཅིངས་པའི་གཞི་རྐང་ཞིག་ལ་ཞུགས་དགོས་པ་རེད།གཙོ་བོ་གཙོ་བོ་དེ་ནི་སློབ་གཉེར་བྱེད་ས་དེ་ལ་རིན་ཐང་ཡོད་དགོས་པ་རེད།ཚེ་འདི་དང་ཕྱི་མ་མདོར་ན་སེམས་ཅན་སྤྱི་ལ་ཕན་པའི་རིག་གཞུང་ཞིག་སྦྱོང་དགོས་པ་རེད།དེ་མིན་དེང་གི་དུས་འདིར་རང་ཚུགས་དང་རང་གཤིས་མེད་པའི་གྲྭ་བ་ཞིག་བཟོས་པ་ཡིན་ཚེ།རིན་ཐང་ཡལ་སོང་བ་མ་ཡིན་ནམ།ཐ་སྙད་དང་སྙན་ངག་ཙམ་ལ་འཁྲེང་ནས་གྲྭ་བའི་ཀུན་སྤྱོད་དང་ཁ་ཕྱོགས་ནོར་སོང་བ་དང་བོར་འགྲོ་བ་ཞིག་ཡིན་ཚེ།རིན་ཐང་མེད་པའི་གྱོང་གུད་དང་ནོར་འཁྲུལ་རེད།ཐ་སྙད་རིག་གནས་ལ་སེམས་ཤུགས་ཕུལ་ནས་འབྲས་རྟགས་ཤིག་གྲུབ་སོང་ན་དེ་ཙམ་ལེགས་པོ་རེད་ཟེར་ན་ཆོག་མོད་ཁ་ཕྱོགས་མེད་པའི་གྲྭ་སྨྱོན་དང་དགོས་མཁོ་མེད་པ་ཞིག་ཏུ་གྱུར་སོང་ན་རང་ཉིད་དང་ཕ་མའི་ངལ་བ་འབྲས་མེད་རེད།ཁ་སང་དེ་རིང་གྲྭ་གཞོན་མང་བོ་ཞིག་གི་རྫོང་སར་མཁྱེན་བརྩེ་ལ་སློབ་སྦྱོང་བྱེད་བཞིན་ཡོད་ཟེར།ཁོ་རང་ཚོས་རྫོང་སར་ཚང་གི་སློབ་གཉེར་བྱེད་སྟངས་དང་བསམ་བློ་གཏོང་སྟངས་ལ་སློབ་སྦྱོང་དང་ཡི་རང་བྱེད་བཞིན་ཡོད་ན་འགྲིག་འདུག   རེད་དེ་ཕྱིའི་གྱོན་པ་གྱོན་སྟངས་དང་འགྲོ་སྟངས་འདུག་སྟངས་ལ་ཡི་རང་དང་སྨོན་པ་བྱེད་བཞིན་ཡོད་ན་ནོར་འཁྲུལ་རེད་སྨྱོན་པ་རེད།རང་ཚུགས་མེད་པ་དང་དགོས་མཁོ་མེད་པའི་གད་སྙིགས་རེད།རང་ལ་རང་ཉིད་ཀྱིས་རང་ཚུགས་དང་རུས་པ་དགོས་པ་རེད།མདོ་སྨད་མཐོ་ལས་དགོན་ཆེན་ནས་ངལ་གསོའི་ཇ་ཕོར་བཀང་འཐུང་ཐེངས་གཅིག་གི་ཡུན་ལ་བསམ་ཚུལ་ཙམ་ཡི་གེར་ཕབ་པ་དགེའོ།།


 

ཆེས་གསར་བའི་དྲི་བ། ཟླ 8 20, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...