འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

དབྱངས་ཅན་མ་ནི་བུ་མོ་ཞིག་རེད།

འདེམ་ཤོག 0

དབྱངས་ཅན་མ་ནི་བུ་མོ་ཞིག་རེད།

 རྩེ་ཆུའི་སྲས་མོར་བྲིས།  མགོན་སྣང་སྐྱེས།

རྒྱ་ལྕང་སྐྲ་ལོ་སྤྱི་བོའི་གཙུག་ནས་རྒྱ་མཚན་རླུང་ལ་བསྐྱོད་པ་ཞིག།
གསེར་དངུལ་རིན་ཆེན་སྐྲ་ལོ་རྒྱན་པའི་སྐྲ་རྒྱན་ཁྲ་ལེར་བཤམས་པ་ནི།།
མིག་གཉིས་སྐར་ཆེན་མཁའ་དབྱིངས་འཕགས་པའི་མཛེས་ཆ་མངོན་པའི་དབྱངས་ཅན་འདི།།
གཞན་སེམས་འཕྲོག་པར་ཆེད་དུ་བཙས་པའི་ལྷ་ཆེན་སུ་ཡི་བུ་མོ་ཡིན།།

མགྲིན་པར་བཅིངས་པའི་བྱུ་རུའི་ནང་གི་བྱུ་དམར་འདོགས་པའི་སྒེག་ལྡན་མས།།
བྲང་ན་འབུར་བའི་ཆ་བྱེད་མེད་པའི་འོ་འཛིན་ཟུང་གི་ཁོ་ལག་རྫོགས།།
སྐྱེ་བོ་ཕལ་བའི་ལྐོག་ནས་བལྟས་ཙམ་སྐྱེ་བ་དུ་མའི་ངལ་བ་སེལ།།
དབྱངས་ཅན་མ་འདི་རྒྱལ་བོ་སུ་ཡིས་ཕོ་བྲང་སྦས་པའི་བུ་མོ་ཞིག།

ལང་ཚོའི་གཟི་དཔལ་སྟོན་ཟླ་བཞིན་དུ་རྒྱས་པའི་ཟླ་དཀར་མེ་ཏོག་ཅན།།
མཛངས་མའི་ཡོན་ཏན་ཐམས་ཅད་མངའ་བའི་ཁྱད་འཕགས་རྗེ་བཙུན་སྒྲོལ་མ་བཞིན།།
དབྱངས་ཅན་མ་འདི་པི་ཝང་ཁུར་བའི་དབྱངས་ཀྱི་རྒྱལ་མོའི་བརྗེད་ཉམས་ལས།།
འདོད་ཆགས་བྲལ་བའི་དགྲ་བཅོམ་ཡིན་འང་ཚུར་ལ་འགུགས་པའི་ཁྱད་ཆོས་མང་།།

མཚན་མོར་ཉལ་ཁར་ཁྱེད་ཉིད་བསམས་ཤིང་ཁྱེད་ཉིད་སྒོམ་པ་གྲངས་མེད་ཞིག།
རྨི་ལམ་ནང་ནས་འཕྲད་པར་བསམས་ཀྱང་འཕྲད་པའི་ལས་ཤིག་མི་ཐོབ་པའི།།
དབྱངས་ཅན་མ་འདིས་ཕོ་མཆོག་སུ་ལ་ལུས་ཀྱི་གསང་བ་འབུལ་བར་ཀྱེ།།
དབྱངས་ཅན་མའང་ཆུང་འདྲིས་ཟེར་བའི་ལོ་གཏམ་རིང་མོ་ཡོད་པ་ཡིན།།

རི་བོའི་རྩེ་ནས་ཉི་ཟླ་ལྟར་དུ་གསལ་ལེར་འཛུམ་པའི་ཆགས་ཉམས་ཀྱིས།།
དགུ་ཚིག་མགུར་མ་བོད་ཀྱི་སྐྱེས་ཆེན་སུ་ལ་ཁྱོད་ཀྱིས་བླངས་མྱོང་ངམ།།
མགོ་དཀྲིས་དམར་པོ་ཁྱོད་ཀྱིས་མགོ་བོར་རྫོགས་ཆེན་སུ་ཡིས་བཞག་མྱོང་ངམ།།
སྦ་གསང་མེད་པར་ང་ལ་བཤད་རོགས་ཁ་བའི་བུ་མོ་དབྱངས་ཅན་ལགས།།


 

ཆེས་གསར་བའི་དྲི་བ། ཟླ 8 29, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...