འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

དམ་བཅའ་ཤོར་བའི་སེང་རྡོར་ལ་ཚ་རྒྱག་དགོས་སམ།

འདེམ་ཤོག 0

དམ་བཅའ་ཤོར་བའི་སེང་རྡོར་ལ་ཚ་རྒྱག་དགོས་སམ།                       

  མགོན་སྣང་སྐྱེས།

   ཁ་སང་གྲོགས་སེང་རྡོར་གྱི་འགྱོད་བཤགས་ཟེར་བ་ཞིག་དྲ་ལམ་དུ་སྤུར་འདུག  དེའང་གཙོ་གཙོ་བོའི་ཆ་ནས་བཤད་ན།དགོངས་དག་ཙམ་ལས་སྐད་ཆ་ཅི་ཡང་ཤོད་མི་འདུག   བྱེ་བྲག་སྟག་ཚང་དང་དགེ་ཆོས་ལ་རང་ཉིད་བསྡུར་བ་ནི་ཧ་ཅང་ཡིད་མི་བདེ་བ་ཞིག་རེད་བས།ཁོ་ལ་ནད་ཅིག་བྱུང་ཡོད་པའི་བསམ་བློ་འདྲ་བོ་འཁོར་བྱུང་།དེ་འང་མི་སྒེར་གྱི་སྐད་ཆ་བཤད་སྟངས་དང་བསམ་བློ་འཁོར་སྟངས་ཉིད་དང་བློ་ཉི་ཚེ་བ་ཡིན་པས་ན་ང་ཚོས་དེ་ཙམ་བྱས་ཆོག་པ་རེད།དཔྱི་ས་ཡོན་ཏན་ཚང་དང་འཇམ་དཔལ་སོགས་ཀྱིས་ཆེད་དུ་སེང་རྡོར་གྱི་ཤོབ་ཕུང་དགག་པ་རེད་དམ།གཞན་ཁ་དོག་རྩོད་པའི་བྱིས་པ་ཞིག་གི་རི་བོང་རྭ་ཡོད་ཟེར་བ་འདྲ་བོ་བྱས་ནས།ཕྱིས་སུ་དམ་བཅའ་ཤོར་ནས་མེད་ལབ་པ་ཡིན་ཚེ།ལྷ་རིམས་དང་པོ་བཞག་པའི་དགེ་བཤེས་ཤིག་གིས་ཚ་ཤུགས་ཆེན་པོ་འདྲ་བོ་བྱས་ནས་རྒྱབ་པ་ཡིན་ན།དེ་མཁས་རྟགས་རེད་དམ་སྨྱོན་རྟགས་རེད།ཁྱེད་ཚོས་གཟབ་གཟབ་བྱས་ནས་སོམས་ཤིགསེང་རྡོར་ནི་བུད་མེད་མཛེས་མ་ཞིག་ཡིན་པ་ལྟར་དུ་བོད་ཀྱི་ན་གཞོན་མོ་དགའ་དེ་དག་གིས་འཕྲོག་རྩོད་བྱེད་བཞིན་པའི་སྣང་བརྙན་རྫོབ་པོ་འདི་ལ་ཞེན་པ་འདྲ་བོ་ལོག་གི་ཡོད།ཁྱེད་ཚོས་བལྟས་ན་སེང་རྡོར་གྱི་ཁ་སང་བྲིས་པའི་ཡིག་འཕྲིན་དེ་ལ་དོ་སྣང་བྱ་དགོས་སམ།ཁོས་སྔོན་མར་བྲིས་མྱོང་བའི་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཟེར་བ་དེ་རྫུན་པ་རང་ཡིན་པས་ན་རྫུན་མ་ལས་མེད་པ་ཞིག་རེད་དོ།།ཡིན་དང་ཁྱེད་ཅག་གཉིད་ལས་སད་པ་ལྟར་དགའ་བའི་ཉམས་དང་།ཡང་ན་ཁ་ཅིག་གིས་བསྟོད་པའི་འུར་སྒྲོགས་བཞིན་པའི་རྣམ་པ་འདིས།བོད་ཀྱི་མ་འོངས་པའི་གཞོན་རབས་པའི་ཟུར་ཙམ་འཁྲབ་སྟོན་བྱས་པ་འདྲ་བོ་ཡིན་པས།དངོས་གནས་ཡིད་སྡུག་པ་དང་ཅལ་འདྲོགས་ཀྱི་བོད་ཅེས་པ་སྟོང་བའི་སེམས་སུ་གྲུབ་པའང་མིག་ཆུ་ལས་མ་འདས་།།སེང་རྡོར་གྱི་སྐད་ཆ་གཅིག་ལས་བོད་ཀྱི་གཞོན་རབས་པའི་ཀླད་པ་དཀྲུགས་ཐུབ་ན།མ་འོངས་པའི་བོད་ཀྱི་ལམ་ཁར་མདོ་སྔགས་དང་རིག་གཞུང་ཆེ་ཁག་ལ་ཞིབ་འཇུག་བྱས་པ་ཡིན་ཟེར་མཁན་དེ་དག་རྦད་དེ་མེད་ན་འགྲིག་འདུག   བོད་ཀྱི་གཞོན་རབས་པ་ནི་སྔར་བཞིན་ལེ་ལོ་ཅན་གྱི་བསྟན་བཅོས་དང་ལེ་ལོ་ལྟ་བུའི་ལམ་ཁ་ལ་དགའ་བོ་ཡོད་པ་རེད།ཁོ་ཅག་ནི་ཤིང་ཐོ་བཞིན་འཛམ་གླིང་གི་རྩེ་མོ་ནས་སྒྲེངས་དགོས་པའི་རྨི་ལམ་གྱི་ཞིང་ཁམས་སུ་འཁྲིད་པར་མཛོད་ཅིག   འདི་ལྟར་མི་རིགས་ཤིག་ཚར་སོང་ན་སེམས།ན་བོ་ན་བོ་བྱས་ནས་ཤི་སོང་བ་དེ་དག་སྙིང་རེ་རྗེ་ཡིད་རེ་སྐྱོ།


 

ཆེས་གསར་བའི་དྲི་བ། ཟླ 9 17, 2017 རིགས་གྲས།:རྣག་ཐོག་གཙག་འཁེལ་སྐོར། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...