འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ཁོའི་མིང་ལ་སྐྱབས་ཆེན་བདེ་གྲོལ་ཟེར།

འདེམ་ཤོག 0

ཁོའི་མིང་ལ་སྐྱབས་ཆེན་བདེ་གྲོལ་ཟེར།

           མགོན་སྣང་སྐྱེས།

   གཙང་འགྲམ་ནས་སྐྱོ་གདུང་དང་ན་ཟུག་གི་ཉམས་སྣང་སྣ་ཚོགས་པ་འཁུར་ནས་མདུན་དུ་ཡོང་བཞིན་པའི་གསར་བུ་ཁེར་ཧྲེང་དེས་སྐྲ་ལོ་རིང་ཞིང་ངོ་གདོང་སྨུག་པོ་ཡོད།ཏག་ཏག་བལྟས་ཚོད་ཀྱིས་ཨ་མདོ་ནས་ཡིན་པ་ཤེས་ཐུབ།ཨ་མདོའི་ཕོ་རྒོད་ཟེར་བའང་ཁོ་ལྟ་བུ་ཞིག་ཡིན་པར་གདོན་མི་ཟའོ།།ཁོས་ངག་ནས་མ་ཎི་མི་འདོན་ཞིང་སྒྲོལ་མ་དེ་བས་ཀྱང་མི་འདོན།ནམ་རྒྱུན་གཙང་ངོགས་འདིར་ང་ཁོ་ལ་འཕྲད་ཐེངས་རེར།ཁོས་ཡིད་སྤྲོ་ཞིང་རྣ་བར་སྙན་པའི་ངག་སྒོ་ལས་ནུབ་གླིང་གི་སྙན་ཚིག་འགའ་སྐྱོར་བཞིན་མིག་གཉིས་དབྱིངས་སུ་གཏད་ནས་རྒྱང་རིང་ཞིག་བསམ་བཞིན་ལོས་ཡོད་སྙམ་པའི་ཚོར་བ་འདྲ་སྦྱིན་ཡོང་།ཡང་སྐབས་འགར་ཚངས་མགུར་དང་བོད་ཀྱི་གནའ་ཚིག་འགར་གྱེར་འདོན་འདྲ་བྱས་ནས་ཡོད།ཏག་ཏག་སྐབས་ཤིག་ལ་ཕར་ཕྱོགས་ཀྱི་མི་བུ་དེ་གློ་བུར་དུ་གངས་རིའི་ཡུལ་ཕྱོགས་སུ་ཁ་འཁོར་ནས་མགོ་བོ་སྒུར་ཏེ་མིག་ཆུ་བཞུར་བཞིན་ངག་སྒོ་ལས་ཚངས་དབྱངས་རྒྱ་མཚོའི་སྤྲུལ་སྐུ་ཞེས་ཡང་ཡང་འབོད་བཞིན་པ་ཕྲན་གྱི་རྣ་བའི་ཉ་བྱར་རླུང་བུ་གཡུག་ཕྱོགས་སམ་ཡང་ན་ལས་དབང་གིས་གྲག་འོང་།དུས་དེ་ནས་བཟུང་མི་ཕོ་འདི་ལ་གྲོགས་ཤིག་སྒྲིག་འདོད་ཀྱི་རེ་བ་ཞིག་འཆར་ཡོད།ཡིན་དང་སྙན་ངག་པའམ་མི་ཧྲེང་ཁེར་འགྲོ་འདི་ལ་སྲ་ཞིང་བརྟན་པའི་རང་ཚུགས་ཤིག་ཡོད་པས་གང་འདོད་འདོད་དུ་མི་གཞན་ལ་ཁ་བརྡ་མི་བཤད་ལ་འབྲེལ་བ་དེ་བས་ཀྱང་མི་འཛུགས།ངེད་གཉིས་དུས་རྒྱུན་ཕ་ཡུལ་གྱི་རི་བོ་མཐོང་སའི་གཙང་འགྲམ་འདིར་མ་གྲོས་གཅིག་མཐུན་གྱིས་ཐོན་འོང་མོད།ཕན་ཚུན་ལ་ཁ་བརྡ་ཅི་ཡང་བཤད་མ་མྱོང་།དེའང་གཙོ་བོ་མི་ཕོ་འདི་ལ་གཤིས་ཀ་ཡ་མཚར་ཞིག་ཡོད་རྐྱེན་མ་ཡིན་ནམ།ངས་ཁོང་ལ་འབྲེལ་བ་འདྲ་བོ་འཛུགས་འདོད་བྱས་མྱོང་མོད།ཁོས་བོད་སྐད་མི་གོ་བ་ལྟར་ངས་སྐད་ཆ་རྣ་བའི་རྒྱབ་དུ་བཞག་པའང་ཐེངས་གཅིག་མིན།ཡིན་ཡང་ང་ཁོ་ལ་སྔར་ལས་ཀྱང་དགའ་བོ་ཡོད་པར་གྱུར།མཐའ་སྐོར་གྱི་ཕྱི་གླིང་བ་དང་རྒྱ་མི་ཚོས་ཁོ་ནི་སྤྲང་བོ་ཞིག་གམ་ཡང་ན་ཁ་གྲག་མི་ཤེས་པའི་བླུན་པོ་ཞིག་རེད་ཅེས་བརྗོད་བཞིན་འདུག        དྲང་མོར་བཤད་ན་ཁོས་སྙན་ངག་གྱེར་བཞིན་པ་དེ་དག་ངའི་ཐོས་མེད་པ་འདྲ་བོ་ཡིན་རྒྱུས་ན།ངས་ཀྱང་བརྟག་དཔྱད་མེད་པའི་ཁོ་ཚོ་ལྟར་དེ་འདྲ་མི་བསམ་རྒྱུས་ངེས་པ་མེད་པ་འདྲ།ངས་མདུན་སྐྱོད་མཚམས་བཞག་ནས་ཁ་ཕྱིར་འཁོར་ཏེ་སྙན་ངག་པ་ཁོང་ལ་དགོད་འཛུམ་ཞིག་བསྟན་པ་ཡིན།མུ་ཏིག་བསྟར་ལ་བརྒྱུས་པའི་སོ་ཕྲེང་དཀར་པོ་དེ་དག་ཀྱང་སྙན་ངག་པ་ཞིག་གི་ཉམས་འགྱུར་འདྲ་བོ་གནང་བཞིན་ཁོང་གིས་ང་ལ་དགོད་འཛུམ་ཐོག་མར་གནང་བྱུང་།ཡིན་ཡང་རོལ་དབྱངས་འདྲ་བའི་སྙན་ངག་དེ་དག་ཁོང་གིས་དེ་རིང་གྱེར་མ་བྱུང་།ཡིན་ནའང་ང་ལ་ཁོང་གིས་དགོད་འཛུམ་ཞིག་བསྟན་པའི་ཡིད་སྤྲོ་སྤྲོ་ངང་ལས་ཁུངས་ཕྱོགས་སུ་མྱུར་མོར་སོང་བ་ཡིན།ཏག་ཏག་གཟའ་འཁོར་གཅིག་ལ་ཁོང་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག་ང་རང་སྐྱོ་སྐྱོ་འདྲ་བྱས་ནས་ཉིན་དེ་དག་འཆོར་ཐུབ་བྱས་པ་ཡིན།རང་གི་ངོ་གདོང་ལ་སྡེར་མོ་བཙུགས་ནས་མེ་ལོང་ཆག་ཤོར་མ་འདིས་ཁ་གཏད་ནས་རང་ལ་སྡིགས་དམོད་བྱས་པ་ཡིན།ཐ་ན་སྙན་ངག་པ་ཁོང་གི་མཚན་ཙམ་ཡང་ཤེས་མ་ཐུབ་ཟེར་བཞིན་རང་ལ་ནུས་མེད་ཅེས་པའི་མིང་བྱང་ཞིག་བཏགས་པ་ཡིན།


ལོ་གསུམ་གྱི་རྗེས་སུ་ཟི་ལིང་གི་མེ་འཁོར་ས་ཚུགས་ནས་ཕྲན་ཆུང་གིས་ཁོང་ཡང་བསྐྱར་མཐོང་བྱུང་།ཁོང་སྔར་དང་མི་འདྲ་ས་གཅིག་ཡོད་པ་ནི་བོད་ལྭ་ཞིག་གྱོན་ཡོད་པ་དེ་རེད།ཡིན་ནའང་མི་ཚོགས་ཀྱིས་འཚང་ཁ་རྒོད་པས་སྙན་ངག་པ་ཁོང་ངའི་མིག་ལམ་ནས་འཇའ་ལྟར་ཡལ་སོང་།གང་ལྟར་ཕ་ཡུལ་རྩེ་ཁོག་ལ་མྱུར་མོར་ཐོན་དགོས་པས་རེ་ཞིག་ལས་དབང་ཟེར་བཞིན་ལམ་སྣེ་དེད་པ་ཡིན།
ཕ་ཡུལ་གྱི་ནམ་མཁའ་སྔར་བཞིན་སྔོ་ཞིང་དྭངས་ནའང་རྩེ་ཆུ་དང་མཐའ་ཡངས་པའི་རྩེ་གཞུང་རྩྭ་ཐང་ལ་རྒས་ཉམས་ཤིག་ཐོན་འདུག
དེས་མཚོན་རྟ་ནོར་ལུག་གསུམ་གྱི་གྲངས་ཀ་ཇེ་ཉུང་ལ་སོང་ཡོད་པའི་སྣང་བ་ཞིག་སྐྱེས་འོང་།ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཞན་པའི་འབྲོག་པ་ཚོར་དགོད་སྒྲ་མེད་ལ་ངུ་སྐད་དེ་བས་ཀྱང་མེད།སྲིད་གཞུང་གི་ལས་བྱེད་པ་རེ་འགའ་ཇ་ཁང་ཞིག་ལ་འཛོམས་ནས་རང་དོན་དང་སྒེར་དོན་མང་བོ་ཞིག་ཆང་འཐུང་ཞོར་དང་དུ་བ་འཐེན་ཞོར་དུ་འུར་སོང་།བལྟས་ཚོད་ཀྱིས་སའི་གོ་ལའི་ཁོ་ཚོར་མ་འཁུར་པར་ཁོ་ཚོས་སའི་གོ་ལ་འཁུར་ཡོད་པའི་སྣང་བ་ཞིག་སྟེར་སྲིད།དེ་དག་ལ་མིག་བཙུམ་ནས་མདུན་ཅོག་སྟེང་གི་དཔེ་དེབ་དེ་ཀློག་པ་ཡིན།དཔེ་དེབ་དེའི་མིང་ལ་༼གངས་རི༽་ཟེར།དེབ་འདིའི་ནང་ན་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་རྩོམ་ཡིག་ཡག་ཤོས་མང་བོ་ཞིག་འདུག   དཔེར་ན་གངས་དཔལ་ཟེར་བ་ཞིག་གི་བྲིས་པའི་༼སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ༽་ཟེར་བ་ཞིག་དང་སྐྱབས་ཆེན་བདེ་གྲོལ་ཟེར་བ་ཞིག་གི་༼ནགས་དང་བྲག༽ཟེར་བའི་རྩོམ་ཡིག་ཡག་ཤོས་མང་བོ་ཞིག་འདུག   གཞན་སྐྱབས་ཆེན་ཟེར་བའི་རྩོམ་པ་པོ་འདིའི་བརྩམས་སྒྲུང་དང་སྙན་ངག་མང་བོ་ཞིག་༼གངས་རི༽ཟེར་བའི་དཔེ་དེབ་འདི་ལས་ཀློག་ཐུབ་པ་བྱུང་སོང་།རྩོམ་ཡིག་འབྲི་སྟངས་དང་བརྗོད་བྱ་སྟོན་སྟངས་ཕྱོགས་ནས་ལོ་གསུམ་གྱི་སྔོན་དང་ཟླ་བ་གཅིག་ལྷག་གི་སྔོན་ནས་མཇལ་བའི་སྙན་ངག་པ་ཁོང་དང་འདྲ་བོ་འདུག   དེ་བས་སྐྱབས་ཆེན་བདེ་གྲོལ་ཟེར་བའི་སྙན་ངག་པ་འདི་ལ་ཞིབ་འཇུག་ཉུང་ཙམ་བྱས་པ་ཡིན།སྙན་ངག་པ་འདི་ལ་མཆོན་མེ་དྲ་བ་ཟེར་བའི་དྲ་ཚུགས་ཡག་ཤོས་ཤིག་ཡོད་པར་མ་ཟད་ཁོང་ལ་༼མི་རྟག་པ༽ཟེར་བའི་དཔེ་དེབ་གྲགས་ཅན་ཞིག་འདུག    གཞན་ཡུལ་གྲོགས་སམ་སྙན་ངག་པ་གསའ་ལགས་ཀྱིས་ཁོང་གི་སྐོར་ནས་ང་ལ་ཁ་བརྡ་མང་བོ་ཞིག་བྱས་མྱོང་བར་མ་ཟད་ཁོང་ནི་རྨ་ཆུ་ནས་ཡིན་པའང་ཤེས་སོང་།དེ་བས་ཁ་སང་སྙན་ངག་པ་གསའ་དང་ངེད་གཉིས་རྨ་ཆུའི་ཁར་འཆམ་འཆམ་ལ་སོང་བ་ཡིན།རྨ་ཆུ་རྫོང་ནས་སྤྱི་ལེ་འགའ་ཡོད་པའི་འབྲོག་སྡེ་ཞིག་ལ་སོང་བ་ཡིན།ང་རང་ཆེད་དུ་ཁོང་བཙལ་དུ་སོང་བ་ཡིན་ཞེས་བཤད་ནའང་ཆོག     ཐང་ལེབ་ལེབ་ཅིག་ན་རླུང་ལ་བསྐྱོད་བཞིན་པའི་སྦྲ་ནག་ཅིག་གི་ང་རང་བསུ་མ་བྱེད་བཞིན་པ་འདྲ།འབྲོག་སྡེ་འདིའི་དཀྱིལ་དུ་འབོད་བཞིན་པ་འདྲ།ངས་ཀྱང་སྦྲ་ནག་དེ་གཅིག་པར་དམིགས་ནས་མདུན་དུ་སོང་བ་ཡིན།སྦྲ་འདབས་ནས་ངས་ཚངས་མགུར་ཐོས་སོང་རོལ་དབྱངས་ཐོས་སོང་།རང་ལ་ཡིད་མི་ཆེས་པའི་རྣམ་པ་ཞིག་གིས་ང་རང་སྦྲ་ནང་ལ་འཛུལ་བ་ཡིན།དངོས་ནས་སྙན་ངག་པ་ཁོང་རེད།དངོས་གནས་རེད།དགའ་སྣང་ལས་ཕྱིར་འབུད་མ་ཐུབ་པར་བསྡད་སྐབས་གྲོགས་གསའ་ལགས་ཀྱིས་ང་རང་འཐེན་བཞིན་༼ཁོའི་མིང་ལ་སྐྱབས་ཆེན་བདེ་གྲོལ་ཟེར༽ཞེས་པའི་མིང་ཡིག་འདི་དག་རྣ་ལམ་ནས་གླིང་བུ་བཞིན་གྲག་འོང་།མགོ་ལ་སེ་མདའ་ལྷུང་བའི་སྙན་ངག་པ་ཁོང་གི་འོ་ཇ་ཞིག་འཐུང་བཞིན་ཚངས་མགུར་ཀློག་བཞིན་ཁ་གངས་རིའི་ཕྱོགས་སུ་འཁོར་ནས་ཡོད།


 

ཆེས་གསར་བའི་དྲི་བ། ཟླ 9 20, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...