འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།ཁ་བདེ་བོ་འདྲ་བྱས་པ་ལ་གྲུབ་མཐའ་རིས་མེད་མི་ཟེར།

འདེམ་ཤོག 0

༄༅།།ཁ་བདེ་བོ་འདྲ་བྱས་པ་ལ་གྲུབ་མཐའ་རིས་མེད་མི་ཟེར།             

    དུང་དཀར་ཡོན་ཏན་རྒྱ་མཚོ།    ཅོ་ནེ།            

   གྲུབ་མཐའ་རིས་མེད་དམ་གྲུབ་མཐའ་རིས་སུ་མ་ཆད་པ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་ནི་འདས་ཟིན་གྱི་ལོ་རྒྱུས་གང་ལ་གཟིགས་ནའང་ཤེས་ཡོང་གི་རེད།  དེ་མི་དགོས་ཟེར་ན་གྱོད་ཡིན་ནི་རེད།  དེ་ཡོང་ཐབས་མེད་ཅེས་ན་ནོར་འཁྲུལ་ཡིན་ནི་རེད།  འོན་ཀྱང་། ང་རང་གྲུབ་མཐའ་རིས་མེད་ཡིན།  རང་གི་གྲུབ་མཐའ་དང་གྲུབ་མཐའ་གཞན་དག་བར་ཉེ་དགའ་ཕྱོགས་ཞེན་སྤངས་ཡོད་པ་མ་ཟད།  ཡོད་ཚད་ལ་འདྲ་མཉམ་གྱི་འདུ་ཤེས་འཛིན་གི་ཡོད་ཅེས་ན་གྲུབ་མཐའ་རིས་མེད་ཀྱི་དོན་ཨེ་ཡིན་ན།  འདུ་ཤེས་ཟེར་བ་དེ་ཆོས་པ་ཚོའི་དབང་དུ་བྱས་ན་ཧ་ཅང་གི་གལ་ཆེན་པོ།  ཉམས་ལེན་གྱི་དབང་དུ་བྱས་ན་ཧ་ཅང་གི་གནད་ཆེན་པོ་དེ་འདྲ་ཡིན་ནི་རེད།  རང་རང་གྲུབ་མཐའ་གང་ལ་ཞུགས་ཡོད་ན་དེའི་ལྟ་སྒོམ་སྤྱོད་གསུམ་གཙོ་བོ་བྱེད་རྒྱུ་དང་དེའི་སྒོ་ནས་སྒྲུབ་པ་ཉམས་ལེན་བྱེད་རྒྱུ་དེ་གལ་ཆེན་པོ་རེད།  རྒྱུ་མཚན་ནི་གྲུབ་མཐའ་གང་ཞིག་ཡིན་ནའང་དངོས་དང་བརྒྱུད་པའི་ཕྱག་ལེན་དེ་འདྲ་ཡོད་པ་ཡིན་དུས།  དེའི་ལུགས་དང་རྒྱུན་སྐྱོང་རྒྱུ་དེ་རང་རང་གི་རྩ་བའི་ཆོས་སྐལ་རེད།  དེ་མིན་ཁ་ནས་བཤད་ནའང་ཆོག  ལག་ལེན་ཡིན་ནའང་འདྲ།  སྐབས་རེར་རྙིང་མ་ཡིན་ནི་འདྲ་བོ། ལན་རེར་ས་སྐྱ་བ་ཡིན་ནི་འདྲ་བོ།  ཡང་སྐབས་འགར་དགེ་ལུགས་པ་ཡིན་ནི་འདྲ་བོ། ཁྱོད་ཀྱི་ལྟ་སྒོམ་སྤྱོད་གསུམ་གང་ཡིན་ཟེར་ན་ངོས་འཛིན་རྒྱུ་མེད་པ་འདྲ་བོ་ཆགས་ཡོང་དུས།  མི་ཆ་ལེ་ཆོ་ལེ་ཚོས་ཆོས་ཆ་ལེ་ཆོ་ལེ་འདྲ་བོ་བྱས་བསྡད་པ་རེད།  དེ་ཡིན་དུས།  བྱིན་རླབས་ཟེར་བ་དང་།  རང་ལུགས་ཟེར་བ་འདྲ་བོ་དེ་འདྲ་མེད་པར་གྱུར་སོང་བ་རེད།  དེ་བས་རྗེ་གུང་ཐང་བ་མཆོག་ནས་ཀྱང་།  རང་ལུགས་གཏད་སོ་ཡོད་པར་གྱིས་ཤིག་ཨང་།  ཞེས་གསུངས་ཡོད་པ་ལྟ་བུ་རེད།  ལྟ་བའི་ཆ་ནས་རྫོགས་ཆེན་པ་ལྟ་བུ།  དགེ་ལུགས་པ་ལྟ་བུ་གང་ཡིན་མི་ཤེས་པ་ཡིན་དུས་ཁྱེད་རང་ལྟ་བ་གང་ལའང་མ་ངེས་པའི་རྟགས་ཙམ་པོ་རེད།  སྤྱོད་པའི་ཆ་ནས་ཀྱང་དེ་འདྲ་བོ་རེད།  སྒོམ་པའི་ཆ་ནས་ཀྱང་རང་གི་བླ་མ་དམ་པ་ནས་བརྒྱུད་པའི་ལྷ་དང་ཡི་དམ་བར་མ་ཆད་པར་གསལ་མི་འདེབས་ཤིང་གང་དྲན་དྲན་འདྲ་བོ་བྱས་ན་སྣང་ཤེས་སོགས་ཅི་ཡང་ཡོང་རྒྱུ་ག་ལ་ཡོད་དེ། རྨི་ལམ་ཡག་པོ་ཙམ་ཡང་ཡོང་རྒྱུ་དཀའ་མོ་ཡིན་རྒྱུ་རེད།             འོ་ན་གྲུབ་མཐའ་རིས་མེད་ནི་གང་ཞིག་ལ་ཟེར་རམ་ཞེས་ན།  ས་དགེ་བཀའ་རྙིང་སོགས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་མང་དུ་ཡོད་པ་དེ་དག་ཚང་མས་རང་ཉིད་ཀྱི་ཕྱོགས་བཟུང་ནས་གཞན་ལ་དམའ་འབེབས་དང་མཐོང་ཆུང་བཀག་འགོག་སོགས་མི་བྱེད་པའི་ཐོག  གྲུབ་མཐའ་རང་རང་གི་ལྟ་སྒོམ་སྤྱོད་གསུམ་ལྷད་མ་ཞུགས་པ་གཙང་མར་སྐྱོང་བ་དེ་ལ་གྲུབ་མཐའ་རིས་མེད་ཟེར་བ་རེད།  དེ་ལས་ལྡོག་པ་ལ་གྲུབ་མཐའ་རིས་སུ་ཆད་པ་ཞེས་བརྗོད་པ་ཡིན་ལ།  དེ་ན་གྲུབ་མཐའ་ཕྱོགས་རིས་མེད་པ་ཡིན་ཁུལ་འདྲ་བོ་བྱས་ནས་གྲུབ་མཐའ་སོ་སོའི་ཆོས་སྐད་དང་།  མན་ངག  ལག་ལེན།  ལྟ་ཚུལ་བཅས་ཕར་བསྲེས་ཚུར་བསྲེས་བྱས་པ་ནི་གྲུབ་མཐའ་རིས་མེད་ཀྱི་དོན་གོ་ནོར་ཐེབས་པ་ཁོ་ན་ཡིན་པས།  ཆོས་བྱེད་མི་སྣ་ཚོས་གྲུབ་མཐའ་རིས་མེད་ཀྱི་བསམ་བློ་དང་གྲུབ་མཐའི་ཉམས་ལེན་གཉིས་བསྲེས་མི་རུང་བའི་གནད་ཆེན་པོ་ཞིག་ཡིན།                                               ངས་གྲུབ་མཐའ་རིས་མེད་སྐྱོང་གི་ཡོད་ཅེས་རང་གི་གྲུབ་མཐའི་བླ་མ་བརྒྱུད་པའི་བར་ལ་བསྲེས་ལྷད་ཞུགས་པ་ཡིན་ན་ཁྱེད་ཀྱི་རྩ་བའི་དམ་ཚིག་ལའང་གནོད་ཀྱིན་ཡོད་པས།  གྲུབ་མཐའ་རང་རང་གི་ལུགས་གཙང་མར་སྤེལ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན།  གཙོ་བོ་དེ་རང་གི་གྲུབ་མཐའ་དེ་མཆོག་ཏུ་གྱུར་བ་ཞིག་ཡིན་ནའང་འདྲ་མིན་ནའང་ཆོག  གང་ལྟར་ཕན་ཚུན་བར་ལ་དམའ་འབེབས་ཀྱི་ཚིག་ངན་མི་ཡོང་རྒྱུ་དེ་ཆོས་པ་རྣམ་དག་ཅིག་ཡིན་ནའང་འདྲ།  མི་རིགས་ལ་ཤ་ཞེན་གཙང་མ་ཡོད་མཁན་ཞིག་ཡིན་ནའང་ཆོག་གལ་ཆེན་པོ་ཡིན་པ་ནི་མཁྱེན་དགོས་ཤིང་སེམས་ལ་འཛིན་རྒྱུ་དེ་ཡིན་ལགས་སོ།།                                   ༢༠༡༧-༡༠-༣


 

ཆེས་གསར་བའི་དྲི་བ། ཟླ 10 6, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...