འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

སྐད་ཆ་ཞིག་བཤད་ཞོར་འགར་སྲས་མོར་དགོངས་ཞུས་པ།

འདེམ་ཤོག 0

སྐད་ཆ་ཞིག་བཤད་ཞོར་འགར་སྲས་མོར་དགོངས་ཞུས་པ།
                       
                                       

      མགོན་སྣང་སྐྱེས།
                            ༡
   དེ་རིང་སེམས་ལྷོད་ལྷོད་བྱས་ནས་ཁ་བརྡ་ཉུང་ཙམ་བཤད་འདོད་སོང་།ང་ཚོ་ནི་མིའི་ཤ་ཁྲག་རུས་བཅས་ཀྱི་བཙས་པའི་ཕུང་བོ་ཅན་ཞིག་གམ་སྔར་གྱི་འདུ་བྱེད་ཀྱི་ལས་བག་ཆགས་འཛིན་པའི་སྐྱེས་བོ་ཞིག་ཡིན་པས་དགའ་སྐྱོ་འདྲེས་མའི་ལོ་ཟླ་མང་བོ་མང་བོ་ཞིག་ཡོད།
ང་ལ་མཚོན་ནས་བཤད་ན་རང་ལོ་བཅུ་གཅིག་སྟེང་ནས་རབ་ཏུ་བྱུང་བ་ཡིན།འཁོར་བའི་ལོངས་སྤྱོད་ལ་ཞེན་པ་ལོག་ནས་དམ་པའི་ལྷ་ཆོས་སུ་ཞུགས་པ་ཡིན་ཟེར་ན་ཧ་ཅང་འཐད་དྲགས་པ་ཞིག་རེད་དེ།སྐབས་དེར་འཁོར་བ་ཟེར་བའི་ཐ་སྙད་ཙམ་ཡང་མི་ཤེས་ལ་ཐོས་ཀྱང་མ་མྱོང་།ཡིན་ན་ཡང་སྐྱེ་བ་སྔོན་མའི་ཚོགས་བསགས་དང་སྨོན་ལམ་རྣམ་དག་གི་ས་བོན་སྨིན་སོང་བ་ཡིན་པས།ད་ལྟའི་སྐྱེ་བ་འདི་ལ་རབ་བྱུང་བ་ཞིག་གི་རྟེན་དང་དེས་མིང་ཐོབ་སོང་བ་འདྲ་བོ་རེད།ང་རང་ཧ་ཅང་དགའ་ཡོད།ནང་བ་སངས་རྒྱས་པའི་བསྟན་པ་དར་ས་ཞིག་དང་ལྷག་པར་ནང་བའི་གྲུབ་མཐའ་སྨྲ་བ་བོ་ཞིག་ཏུ་གྱུར་ཟིན་པ་དངོས་གནས་དགའ་བོ་ཡོད།བྱིས་པ་ཡིན་དུས་གྲྭ་བ་བྱེད་དགོས་པར་མ་ཟད་ཚེ་རབས་མང་བོ་ཞིག་ལ་གྲྭ་བ་བྱེད་དགོས་ཞེས་རང་སེམས་སུ་དམ་ཚིག་འདྲ་བོ་དཔར་མྱོང་།གང་ལྟར་བྱིས་པའི་སེམས་ཟེར་ནའང་བསམ་བློ་ཡག་པོ་ཞིག་རེད།ཡུན་གྱིས་ནར་སོན་པའི་གོ་རིམ་ཁྲོད་ནས་མིིའི་རང་ཚུགས་ཕྱིར་སྟོན་མགོ་བརྩམ་སོང་།
                ༢

ལོ་ངོ་འདི་དག་གི་རང་ལ་ངས་བརྩེ་དུངས་ཞེས་སྐད་ཆ་གསོན་པ་འགའ་སྤྱི་ཚོགས་སུ་དར་ཆ་ལྟར་དུ་སྒྲེངས་མྱོང་།རང་སེམས་ཀྱི་གླུ་སྐད་སྐྱ་བོ་དེ་དག་གང་འདོད་འདོད་དུ་ཁྱེད་ལ་བཤད་མྱོང་།
ཡིན་ནའང་ང་ལ་ཐོབ་བྱ་ཞིག་རྩ་བ་ནས་རག་མ་སོང་།དེ་འང་གོམ་པ་དང་པོ་ནོར་སོང་བས་རེད།སྐད་འཕྲིན་དར་ཁྱབ་མ་བྱུང་བའི་སྐབས་དེར།མཚོ་སྔོན་པོ་ཚང་དང་དུས་དེབ་ཚགས་པར་སོགས་ཀྱི་སྟེང་དུ་འཕྲིན་ཡིག་ཟེར་ནའང་ཆོག   གང་ལྟར་ཁྱོད་ལ་བཤད་འདོད་པའི་སྐད་ཆ་མང་བོ་ཞིག་བཤད་ཟིན།ཡུན་གྱིས་སྐད་འཕྲིན་བེད་སྤྱོད་བྱེད་ཤེས་ཡོང་དུས།ཁྱོད་ཀྱི་རྒྱབ་ལོག་དང་སྒེར་ལམ་ལ་བརྩེ་དུང་མཚོན་པའི་སྐད་ཆ་མང་བོ་མང་བོ་ཞིག་བཤད་མྱོང་།རེད་དེ་རྨི་ལམ་ལྟ་བུའི་ལོ་ཟླ་དེ་དག་ལ་ཕྱིར་དྲན་ཙམ་བྱས་ཡོང་དུས།ངོ་མ་རང་གི་ངོ་ཚ་ཙམ་ལས་མི་འདུག  ང་རང་གྲྭ་བ་ཞིག་ཡིན་པས་རང་གི་ས་མཚམས་དང་ཆུ་མཚམས་ཤེས་ན་འགྲིག་འདུག  སྤྱིར་ན་རང་སྟེང་ནས་མི་ཆུང་ཆུང་ཞིག་ཡིན་པས་ཁ་མཆུ་དང་མྱི་ཁ་བྱུང་ན་སྐྱོན་མི་འདུག   སངས་རྒྱས་ཀྱི་བསྟན་པར་ཞུགས་པའི་བཙུན་པ་རྣམ་དག་དེ་ཚོ་ངོ་མ་སྙིང་རེ་རྗེ།ང་རང་དོན་དངོས་སུ་ཁྱེད་ལ་དགའ་ཡོད་ཟེར་ན་རྫུན་གཏམ་ཞིག་རེད།བརྩེ་དུང་ཟེར་བ་འདི་མི་གཉིས་ཀྱིས་གྲུབ་དགོས་པ་དང་དེ་ལ་དབང་བ་ཞིག་རེད་དོ།།
                          ༣

དེང་སྐབས་བུད་མེད་དེ་ཚོར་རྩོམ་ཡིག་འབྲི་བཞིན་པའི་བཙུན་པ་མང་ཙམ་འདུག    དེ་ལའང་དགེ་སྐྱོན་གཉིས་སུ་འདུག
དགེ་ཕྱོགས་བོད་ཀྱི་བཅད་མའི་སྙན་ངག་དུས་རིང་མོ་ཞིག་ལ་དར་ཁྱབ་ཆེན་པོ་བྱུང་རྒྱུ་རེད།མ་འོངས་པའི་དུས་ཤིག་ལ་རིག་གནས་ཤེས་བྱའི་ཁྱབ་ཁུངས་ཇེ་ཞན་དུ་འགྲོ་བར་གདོན་མི་ཟའོ།།དེ་བས་ན་རྒྱུན་ཤེས་དང་ཐ་སྙད་ཕྱོགས་ནས་ཀྱང་མི་རྣམས་ཀྱིས་ཤེས་ཚན་ཇེ་ཆུང་དུ་འགྲོ་བ་རེད།སྙན་ངག་བཅད་མ་ལྟ་བུའི་སྟེང་ནས་ཆོས་ལུགས་ཀྱི་ཐ་སྙད་དང་གོ་དཀའ་བའི་ཐ་སྙད་སོགས་ཀློག་མཁན་དང་འབྲི་མཁན་ཡོད་མ་རེད།མེད་པ་འདྲ་བོ་ཆགས་སོང་ན།བཅད་མའི་རྩོམ་ལུགས་ཉམས་འགྲོ་བ་རེད།རྒྱུ་མཚན་དེའི་ཕྱིར་ན་ཆགས་བརྗོད་རྩོམ་ལུས་འབྲི་བ་དང་སྤེལ་དགོས་པ་རེད།དེ་བཟང་ཕྱོགས་ནས་བསམ་བློ་བཏང་པ་ཡིན།སྐྱོན་ཕྱོགས་ནས་བཤད་ན་གྲྭ་བ་དེ་དག་གི་འདུལ་ཁྲིམས་དང་མི་མཐུན་པ་འབྱུང་གི་ཡོད།བུད་མེད་དེ་དག་གྲྭ་བའི་དོར་བྱ་རེད།དོར་བྱ་ཟེར་ན་འཚོ་བའི་ཁྲོད་ནས་དོར་དགོས་པ་རེད།གནད་འདི་ང་ཚོས་སེམས་ཀྱི་གཏིང་ལ་འཇོག་དགོས་པ་རེད།འགར་སྲས་མོ་ལགས།ལོ་ངོ་འདི་དག་གི་རིང་ལ་ཁྱེད་ལ་སྙན་ངག་མང་ཙམ་བྲིས་མྱོང་།སྙན་དག་དེ་དག་ལ་ཉེས་པ་མེད་མོད།ང་ལ་ཉེས་པ་ཡོད་པས་དགོངས་དག་ཞུའོ།།མཐར་སངས་རྒྱས་ཀྱི་བསྟན་པར་ཞུགས་པའི་དགེ་འདུན་པ་དེ་དག་གཙོས་བརྩེ་དུང་གླེང་མྱོང་བའི་བུད་མེད་དེ་དག་ལ་དགོངས་དག་ཞུས་པ་ཡིན།

ཆེས་གསར་བའི་དྲི་བ། ཟླ 10 11, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...