འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

གྲྭ་བ་ཡིན་ན་གྲྭ་བའི་སེམས་ཁམས་བོར་མི་རུང་།

འདེམ་ཤོག 0

གྲྭ་བ་ཡིན་ན་གྲྭ་བའི་སེམས་ཁམས་བོར་མི་རུང་།

                              མགོན་སྣང་སྐྱེས།
ང་རང་ཚོ་སྟོན་པ་ཚད་མ་ཞིག་གི་རྗེས་འཇུག་པ་ཡིན་པས་རང་ཉིད་ཚད་མར་འགྱུར་རྒྱུས་ཕྱོགས་སུ་བསམ་བློ་འཁོར་དགོས་པ་ལས་རང་ཉིད་མེ་འོབས་སུ་མཆོངས་རྒྱུས་རྣམ་པ་དང་གྲ་སྒྲིག་བྱེད་རུང་གི་མ་རེད།ཞང་སྟོན་བསྟན་པ་རྒྱ་མཚོ་མཆོག་གིས་ཀྱང་།གྲྭ་བ་ཞིག་ཡིན་ན་ལམ་རིམ་ཆེན་མོར་མཇལ་དགོས་པར་གསུངས་པའང་།ཧ་ཅང་དོན་དང་བདེན་པའི་གསུངས་ཚིག་གནད་ཆེན་པོ་ཞིག་རེད་བསམ།སྤྱིར་ནས་ང་ཚོའི་སྟོན་པ་དང་དགེ་བའི་བཤེས་གཉེན་རྣམ་པ་ནི་ཀུན་སློང་བཤད་དགོས་པ་མ་རེད།ཕྱིའི་ཀུན་སྤྱོད་ཀྱི་ཆ་ནས་ཀྱང་སེམས་ཅན་མཐའ་དག་གི་མིག་ནས་ཆུ་མ་འདོན་པ་དང་ལུས་ནས་བ་སྤུ་ལྡང་བ་ཉིད་རེད་དོ།།དེའི་ཅི་ཞིག་མཚོན་པ་དང་གོ་བརྡ་ག་འདྲ་ཞིག་བསྟན་པ་རེད་དམ།སངས་རྒྱས་དགོས་པ་དང་ཐར་བ་ཐོབ་དགོས་པ་ངེས་འབྱུང་སྐྱེ་དགོས་པ་གང་གིས་ཆ་ནས་ཀྱང་།རྟེན་གྱི་གང་ཟག་གི་ཀུན་སློང་གཙོས་ཀུན་སྤྱོད་རྣམ་པར་དག་པ་ལ་རགས་ལས་པར་གསུངས་བཞིན་ཡོད་པར་སེམས།ག་དུས་ནས་ང་རང་ཚོ་མཚོན་ནས་བཤད་ན་ཆོས་པ་རྣལ་མ་ཞིག་ཆགས་དགོས་པ་རེད་མོད།རང་མགོ་རང་གིས་སྐོར་བཞིན་དུས་དང་སྤྱི་ཚོགས་ལ་ཁ་གཡར་ནས་ཁོར་ཡུག་སྣ་ཚོགས་དང་སྤྱོད་པ་སྣ་ཚོགས་སུ་ཞུགས་བཞིན་ཡོད་རེད།འགར་སྟོན་བརྒྱད་པ་མཆོག་གིས་ཀྱང་།དུས་སྐབས་ལ་ངན་ཁག་བཀྲི་བ་ནི་ཆེས་ལེ་ལོ་དང་སྒྱིད་ལུག་པའི་བྱ་སྤྱོད་ཡིན་པས།གཙོ་བོ་རང་ཉིད་ཀྱི་བྱ་སྤྱོད་ལ་དོ་དམ་བཟང་བོ་རེ་བྱས་ན་དུས་སྐབས་ལ་བསྲེས་བསླད་མེད་པར་སེམས།ཞེས་གསུངས་པ་འདི་འང་ཧ་ཅང་གནད་ཆེན་པོ་རེད།གཞན་ང་ཅག་གི་རྐང་བ་དང་ལག་པ་མགོ་བོ་སོགས་ལ་རང་གིས་མ་ནུས་པར་ཕར་སོང་བ་ཞིག་རྩ་བ་ནས་མ་རེད།རང་སེམས་རང་བདག་མ་ཐུབ་པས་རང་མགོ་རང་གཡོག་བྱས་པ་མ་ཡིན་ནམ།གཙོ་བོ་ང་རང་ཚོ་གྲྭ་བ་ཞིག་ཡིན་པའི་གྲྭ་བའི་སེམས་ཁམས་དགོས་རེད།དེང་སྐབས་གྲྭ་བཙུན་མང་བོ་ཞིག་ལ་གྲྭ་བའི་སེམས་ཁམས་ཡོད་པ་མ་རེད།གྲོང་པའི་སེམས་ཁམས་འདྲ་བོ་རེད།གླུ་ལེན་གི་རེད།གླུ་གར་ཁང་དང་དྲ་ཁང་སོགས་སུ་འགྲོ་གི་རེད།གར་དང་རོལ་མོ་སོགས་ཀྱིས་ལས་བྱེད་ཀི་རེད།སྤྱིར་ན་མི་ཞིག་ཡིན་པས་དེ་དག་ལོངས་སྤྱོད་བྱེད་འདོད་ཀྱི་སྲེད་པ་འདྲ་བོ་ཡོད་རེད།ཡིན་ཀྱང་ང་ཚོ་གྲྭ་བ་རེད།གྲྭ་བའི་ཁྲིམས་དང་གྲྭ་བའི་མཁན་འཁུར་བརྩི་སྲུང་བྱེད་དགོས་པ་རེད།ང་ལ་མཚོན་ནས་བཤད་ན་ཡང་།ཀུན་སྤྱོད་ལ་དོ་དམ་བཟང་བོ་ཞིག་མ་ནུས་པར་ལས་འདི་དག་བྱེད་མྱོང་བ་ཡིན།ད་ལྟ་བསམ་གཞིག་རེར་བཏང་ན་ནོར་འཁྲུལ་ནོར་འཁྲུལ་རང་ཡིན་པ་ཤེས་ཡོད།དེ་བས་རང་སེམས་དག་སྒྲིག་ཅིག་བྱེད་ཞོར་ཁྱེད་ཅག་ལ་ཁ་བརྡ་ཙམ་དང་བསམ་ཚུལ་ཞིག་ཕུལ་བ་ཡིན་ནོ།།

ཆེས་གསར་བའི་དྲི་བ། ཟླ 10 14, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...