འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

གྲྭ་རྐྱང་ཞིག་གིས་བོད་ལ་བཅིངས་པའི་སེམས་པ།

འདེམ་ཤོག 0

གྲྭ་རྐྱང་ཞིག་གིས་བོད་ལ་བཅིངས་པའི་སེམས་པ།
    
             མགོན་སྣང་སྐྱེས།

      ང་རང་ཆུང་དུས་སུ་བོད་ཅེས་པའི་ཐ་སྙད་འདི་ཡི་གེ་ཙམ་དང་མིང་ཚིག་ཙམ་ཏུ་མཐོང་བ་ཡིན།དེ་དུས་སུ་རང་ཉིད་ཀྱི་ཕོ་བ་མ་ལྟོགས་ན་ཇ་ཕོར་གར་ཡོད་མི་ཤེས་པ་ཞིག་ཡིན།རིམ་གྱིས་ནར་སོན་པའི་གོ་རིམ་ཁྲོད་ནས།ང་རང་འགྱུར་སོང་།མི་གཞི་དང་བསམ་བློ་སྐད་གདངས་དང་།གྱོན་པ་ཚང་མ་འགྱུར་སོང་།སྐབས་དེ་ནས་བཟུང་ང་ཡི་ཤ་ཁྲག་རུས་གསུམ་ན་འོད་དུ་ལྷེམ་ལྷེམ་རྒྱས་པ་ནི་བོད་ཅེས་པའི་བརྩེ་དུངས་དང་ན་ཟུག་བག་ཆགས་ཟབ་པའི་ཐ་སྙད་འདི་རེད།སྐབས་དེར་ནས་བཟུང་ངས་བོད་ཅེས་པ་མི་རིགས་ཤིག་ཡིན་པར་རྟོགས་སོང་།མི་རིགས་འདི་ལ་སྐད་དང་ཡི་གེ་གཙང་མ་ཞིག་གིས་འཛམ་གླིང་གི་ཕྱོགས་བཞིར་སྟོབས་ཤིག་དང་ང་རྒྱལ་གྱིས་གཟི་དཔལ་བསྐྲུན་ཡོད་པའང་ཤེས་སོང་།ཡིན་ན་ཡང་མི་རིགས་ཟེར་བ་དང་སྐད་ཡིག་ཟེར་བ་སྤྱི་ཞིག་གམ།སྣ་ཚོགས་པ་ཞིག་གིས་གྲུབ་རྐྱེན་མི་བུ་མང་བོ་ཞིག་གིས་འབད་རྩོལ་ལ་བརྟེན་ནས་ཡར་འཕེལ་བ་དང་།མི་བུ་མང་བོ་ཞིག་གིས་གཏོར་བརླག་ལ་བརྟེན་ནས་མར་འགྲིབ་དགོས་པ་ཞིག་རེད།ང་ཚོའི་མི་རིགས་ལ་གཏོར་བཅོམ་མཁན་མང་བོ་ཞིག་ཡོད་རེད།སྐབས་འདིེེར་གཏོར་བཅོམ་ཟེར་བ་ཇག་ཚོགས་ལྟ་བུ་ཞིག་གིས་སྡེ་ཆེན་པོ་ཞིག་མེར་བསྲེགས་པ་གནང་བཞིན་མ་རེད།མཐུན་སྒྲིལ་མེད་པ་དང་རྒྱབ་སྐྱོར་མེད་པ་དཔལ་འབྱོར་མེད་པ།ཕྲག་དོག་ཆེན་པོ་ཡོད་པ་དཀྲུགས་ཤིང་ཆེ་ཆེར་འཕེན་པ།མཛའ་བརྩེེར་གནོད་སེམས་འཇོག་པ་ལྟ་བུ་ཞིག་ལ་གཏོར་བཅོམ་མཁན་ཟེར་འདོད།ཏན་ཏན་ང་ཚོའི་མི་རིགས་ལ་ནད་འདི་ཡོད་པ་རེད།ཡིན་ན་ཡང་ནད་དུ་ཤེས་ན་སྨན་བཅོས་བྱེད་དགོས་པ་མ་གཏོགས་ཡོད་པར་ཤེས་ཙམ་དང་བཤད་ཙམ་གྱིས་རྩ་བ་ནས་མེད་འགྲོ་བ་ཞིག་མ་ཡིན་པས།སྐད་ཆ་མདོར་བསྡུས་ཤིག་གམ་ཡང་ན་སེམས་འདུན་ཙམ་ཕུལ་ན།སྲོལ་རྒྱུན་བཟང་བོར་གཅེས་འཛིན་བྱས་ན་མི་རིགས་བཟང་བོ།སྐད་ཡིག་གཙང་མ་བཀོད་སྤྱོད་བྱས་ན་མི་རིགས་བཟང་བོ།ཕ་མ་བཟང་བོ་དྲིན་ལེན་མཇལ་ན་མི་རིགས་བཟང་བོ།གྲོགས་དང་ན་ཟླ་མཛའ་བརྩེ་བཟུང་ན་མི་རིགས་བཟང་བོ།ཆོས་ལུགས་བཟང་བོ་དད་པ་བྱས་ན་མི་རིགས་བཟང་བོ།
མི་རིགས་གཞན་ལ་མཐུན་སྒྲིལ་བཟུང་ན་མི་རིགས་བཟང་བོ།
རིག་གནས་ཐམས་ཅད་རིག་པར་སློབ་ན་མི་རིགས་བཟང་བོ།
ཚན་རྩལ་རང་འབྱོར་སློབ་ལ་བརྩོན་ན་མི་རིགས་བཟང་བོ།
དཔལ་འབྱོར་སྟོབས་ལྡན་དར་ཁྱབ་བྱུང་ན་མི་རིགས་བཟང་བོ།
འཛམ་གླིང་ཞི་བདེར་ལམ་ཁ་བསྐྲུན་མི་རིགས་བཟང་བོ།ཞེེས་
འདིར་བཟང་བོ་བཅུའི་སྒོ་ནས་གྲྭ་རྐྱང་ཕྱི་གཙང་ནང་གཙང་ཞིག་གིས་སེམས་འདུན་ཙམ་ཕུལ་བར་ལེགས་སོ།།


 

ཆེས་གསར་བའི་དྲི་བ། ཟླ 10 15, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...