འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ཁ་བས་བསླངས་པའི་དྲན་ཚོར།

འདེམ་ཤོག 0

ཁ་བས་བསླངས་པའི་དྲན་ཚོར།

      གྲིབ་མ།•མགོ་ལོག

  སྲོད་དུས་སུ་གནམ་ངོ་ཧ་ཅང་ནག་མོད་དབྱར་གཞུང་དང་འདྲ་བར་གློག་དམར་འཁྱུག་ཅིང་འབྲུག་སྒྲ་གྲག་པ་སོགས་ཅི་ཡང་མེད་ཀྱང་།   གྲང་རླུང་འཁྱག་ཤུར་ཤུར་ཞིག་སྟོང་བའི་ཁམས་དག་བརྒྱུད་ནས་ངོ་གདོང་འཁྱག་སུབ་སུབ་དུ་བཏང་ཞིང་བུད་འགྲོ།     

   ཆུ་ཚོད་བདུན་པར་སླེབས་སོང་ང་རང་སྔར་ལྟར་སློབ་ཁང་དུ་སོང་བ་ཡིན།    སློབ་ཁང་དུ་ཐོན་དུས་སློབ་གྲོགས་ཚོ་ད་དུང་ཡང་འུར་ཅི་ལེར་འདུག་མོད།     དུས་ཚོད་ཀྱི་མདའ་མོ་ཡུད་ཙམ་འཁོར་རྗེས་སོ་སོས་རང་རང་གི་ས་རུ་དཔེ་ཀློག་ཞིང་ཁམས་སུ་ཉུལ་བར་རྩོམ་ཞིང་ཤོག་གུའི་ཧྲག་སྒྲ་ཡིས་སློབ་ཁང་གི་ལྷིང་འཇགས་དབྱངས་རྟ་སྐྲུན་ཞིང་འོང་།      

གཡས་ཕྱོགས་སུ་སྒེའུ་ཁུང་ཡོད་པའི་ཐད་ཀ་རུ་ལམ་གློག་ཅིག་ཀྱང་བཀར་འདུག་པར་མིག་གཡེང་ཐེངས་ཤིག་བྱས་པས།   ལྷབ་ལྷུབ་ཏུ་ལྷུང་བའི་ཁ་བའི་འདབ་མ་རེ་རེ་ནི། ཉིན་གུང་འཆམ་འཆམ་དུས་སུ་མཐོང་བའི་སྡོང་ལོ་དག་དང་འདྲ་བར་ཨར་འདམ་གྱིས་བཟོས་པའི་གཞུང་ལམ་དག་ཀྱང་དཀར་པོ་རུ་བསྒྱུར་བར་བརྩོན་གྱིན་འདུག་ཨང་།   ངས་ཚོད་ཚོད་ལ་ཕ་ཡུལ་དྲན་བྱུང་སྟེ།      དུས་རབས་སྔོན་མ་བཞིན་རྟ་ནོར་གྱི་རྨིག་རྗེས་ནས་ལང་ཚོ་འདམ་ཆུ་དང་ལྷན་དུ་བཀྲུ་བཞིན་པའི་ཉེ་བོ་དག་གསལ་ལེར་དྲན་བྱུང་།    དཀའ་ངལ་གྱི་གཅོང་རོང་ཆེན་མོ་ན་ཁ་སང་སྒྲུབ་པ་དག་དེ་རིང་ཡང་སྔར་བཞིན་སྒྲུབ་ཅིང་དེ་རིང་སྒྲུབ་པ་དག་སང་ཉིན་ཀྱང་འཆོར་བར་མི་བྱེད་པའི་ན་གཞོན་རྟ་ཞོན་དང་རྣ་ལོ་ཞོན་མཁན་གྱི་ཕོ་མོ་ཉེ་སྤུན་དག་དྲན་བྱུང་།    དེ་དག་དྲན་ན་ང་ལ་ཁུར་གྱིས་མི་ཐེག་པའི་སྐྱོ་སྣང་གི་ཚོར་བ་འང་ཡོད་ལ་ཡིད་དུ་མི་ཤོང་བའི་དགའ་སྣང་ཞིག་དང་།    ག་ལེར་གཡེང་ནས་བསྡད་དུ་མི་འཇུག་པའི་གཟུགས་མེད་ཀྱི་སྐུལ་སློང་ཞིག་གམ་འབད་བརྩོན་གྱི་སྙིང་སྟོབས་ཤིག་ཀྱང་ཡོད་དེ།    རྒྱུ་མཚན།    ཁོ་ཚོས་ཡབ་མེས་ནས་བརྒྱུད་དེ་ད་ལྟའི་མི་རབས་འདིའི་བར་དུ་རྟ་ནོར་འཚོས་ཤིང་་ལྕི་འདམ་གྱིས་ལུས་པོ་གཡོགས་སུ་བཅུག་སྟེ།    འབྲོག་ལུང་ཆུང་ཆུང་དེའི་རྐང་ལམ་ཕྲ་མོ་དེར་ཤི་འཐམ་རོ་འཐམ་བྱེད་ཅིང་།   གདོང་གི་ཚི་དྲེག་དང་གོན་པའི་ས་རྡུལ་སྤུགས་ན་བསོད་ནམས་ཉམས་འགྲོ་ཞིང་ལྟས་ངན་ཐོན་ཡོང་བའི་བསམ་བློ་ཡི་ཐ་གུས་དམ་དུ་བཅངས་བ་ནི་དགའ་ཚོར་གྱི་ཀློང་དུ་མི་འཆར་མོད།       ཁོ་ཚོས་གནའ་ནས་ད་ལྟའི་བར་དུ་བོད་ཅེས་པའི་མི་རིགས་ཤིག་གི་གྲུབ་ཆ་ཆེན་མོ་དེའི་ཞལ་གདོང་ལ་གསེར་གྱི་ཚོན་རྩི་བྱུག་པའི་ནུས་པ་མ་ཐོན་ཡང་ཁབ་གཙག་འབུག་གཙག་གི་ལས་ཙམ་ཡང་བྱེད་མ་མྱོང་ཞིང་།      ཁ་སང་གི་དཀའ་ངལ་སྔར་ལྟར་དེ་རིང་ཁུར་ཞིང་།  དེ་རིང་གི་དཀའ་ངལ་སྔོན་ལྟར་སང་ཉིན་སྤྱོད་དེ།     དཀའ་ངལ་དཀའ་ངལ་ཡིན་པ་རྟོགས་བཞིན་དུ་དཀའ་ངལ་ལ་འཐབ་རྩོད་བྱས་ཤིང་སྙིང་སྟོབས་ཀྱི་ཀློང་དུ་ཙག་ཁ་བཙན་ཞིང་རླུང་ཁ་རྒོད་པའི་ཡུལ་གྲུ་རུ་གནས་པ་འང་སླ་བོ་མིན་པ་ཚོར་དུས།    ངའི་རྣམ་གཡེང་དང་ལེ་ལོའི་དབང་དུ་ཤོར་སོང་བ་དག་ལ་མཚང་འབྱིན་དང་སྐུལ་འདེབས་ཐེངས་རེ་བྱེད་འོང་ཞིང་།    སླར་ཡང་མདུན་སྐྱོད་ལ་སེམས་ཤུགས་དང་སྙིང་སྟོབས་ཐེངས་མང་སྤྲད་ཡོང་།   ཁ་བ་འབབ་ཐེངས་རེར་ཕ་ཡུལ་དྲན་འོང་ཞིང་།    ཕ་ཡུལ་དྲན་ཐེངས་རེར་གདུང་སེམས་དང་ཡི་མུག་གི་སྣང་བ་འང་དབང་མེད་དུ་ལྷག་རླུང་བཞིན་ཡིད་སེམས་ཀྱི་ཕྱི་ནང་དུ་ལྡིང་བར་བྱེད་འོང་།

ཡང་གཅིག་བྱས་ན་མང་བོ་ཞིག་གིས་དེ་ནི་ཁོ་ཚོ་རང་ཉིད་ཀྱི་ཆེད་དུ་རེད།  རང་ཉིད་ཀྱི་འཚོ་གོས་ཀྱི་ཆེད་དུ་རེད།  དེ་འོས་པ་རེད།    དེ་རུ་མཚར་སྣང་དང་བསྟོད་བསྔགས་ཀྱིས་ཅི་བྱ་ཞེས་ཟེར་བའང་ཁག་མེད་རེད་དེ།      འཕེལ་འགྱུར་དུས་རབས་ཀྱིས་གོས་ལྭའི་ཁ་དོག་བརྗེས་ཏེ་ཉེར་གཅིག་པ་ཡི་རབ་ཁ་འདིར་འབྱོར་དུས་མང་བོ་ཞིག་རང་ས་ལས་བརྒལ་ཏེ་རང་ཉིད་ཀྱང་བོར་ཟིན་པ་ཁྱེད་ཚོས་མཐོང་ཐོས་བྱུང་ངམ།  དེ་ཚོས་ཞོར་དུ་མི་རིགས་དང་རིག་གནས་ཀྱང་བོར་སོང་བ་ཁྱེད་ཀྱི་གོ་ཐོས་སོན་ནམ།       ལོ་ཟླའི་ལོ་རྒྱུས་ཀྱི་དཔང་བོ་ཁུར་ཏེ་གནས་ལུགས་དང་བདེན་པ་ཡི་ཕོ་བྲང་གི་ནང་དུ་འཛུལ་ཚེ།   ཆེས་དངངས་ཤིང་སྐྲག་པ་ནི་རང་སར་བསྡད་དེ་རང་གི་འཚོ་བར་གཙང་ཞེན་གྱི་མིག་འབྲས་མངའ་བ་ཡང་མ་ཡིན་པར་སོང་སོང་ནས་ལམ་སྣེ་བོར་བ་དང་ལས་སྣེ་གཞན་དུ་གྱུར་བ།        ཕྱི་ནང་གཞན་ལ་གཏད་པའི་རྗེས་མར་གཞན་གྱི་གོ་སར་རྡོག་པས་མ་ཟིན་ཅིང་རང་གི་སྔར་འདྲེས་ཡིད་ནས་བོར་ཟིན་པའི་དུས་སྐབས་དེ་ཉིད་རེད།                            
          སྙིང་ཉེ་བའི་མི་ཚོགས་ལགས།     ཁྱེད་རང་རང་སར་བསྡད་དེ་རང་གི་འཚོ་བར་རང་གི་རྨི་ལམ་གྱི་ཞིང་ཁམས་སྐྲུན་པར་མ་འཇིགས་དང་།    རང་ལ་དབང་ངེས་པའི་འཚོ་བ་དེས་ཁྱེད་ཀྱི་རྨི་ལམ་ལ་ཁྱད་དུ་འཕགས་པའི་མྱོང་བའམ་མངོན་གྱུར་གྱི་གཟུགས་མེད་སྙིང་སྟོབས་ཤིག་སྩོལ་ངེས།   

2017.10.ཚེས་མགོ་རུ།


 

ཆེས་གསར་བའི་དྲི་བ། ཟླ 10 15, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...