འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ནང་བསྟན་འཛམ་གླིང་དུ་ཁྱབ་སོང་ན་བོད་མི་རིགས་ཉམས་ཀྱང་ཆོག

འདེམ་ཤོག 0

          མགོན་སྣང་སྐྱེས། 

 ཁ་བྱང་འདི་དང་འབྲེལ་བའི་བསམ་ཚུལ་གཟུ་བོར་ཞིག་མཁས་དབང་ཟམ་གདོང་རིན་པོ་ཆེ་ཚང་གིས་ཀྱང་གསུངས་མྱོང་ཡོད་པ་རེད།སྔོན་ཆད་ཁོང་གི་ལྟ་ཚུལ་འདི་བློ་ཡིད་དུ་གསལ་བོ་ཞིག་འཆར་ཐུབ་མ་སོང་།སྐབས་འདིར་མིག་བཙུམ་ཏེ་ཡིད་ལྷོད་ནས་ཕྱིར་བཅོས་དང་བློ་སྤོབས་དྲང་བདེན་དང་འདྲ་མཉམ་གྱི་སྒང་ནས་བསམ་བློ་ཞིག་བཏང་ཡོང་ན།ཏན་ཏན་ལྟ་ཚུལ་དང་བསམ་བློ་ཡག་པོ་ཞིག་རེད་འདོད་བྱུང་།ནང་བསྟན་ཆོས་ལུགས་པ་ཞིག་གམ།ཡང་ན་ཆོས་པ་ཞིག་ཡིན་ཕྱིན།སེམས་ཅན་སྤྱི་ལ་ཕན་པའི་བསམ་བློ་ཞིག་དགོས་པ་རེད།སྤྱིར་ནས་ཆོས་ལུགས་གང་དང་གང་ཡིན་ཀྱང་ཕན་སེམས་ཤིག་གི་ངོས་ནས་བཤད་ཡོད་རེད།ཡིན་ཀྱང་ སྤྱི་ལ་ཁྱབ་སྟངས་དང་ལྷག་བསམ་རྒྱ་ཆེ་ཆུང་གི་སྟེང་ནས་ཁྱད་ཙམ་ཤོར་བ་མ་གཏོགས་པའི་བདེ་སྐྱིད་འདོད་པའི་དམིགས་ཡུལ་འདྲ་འདྲ་རེད།

 སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་ལ་འགོད་པར་བྱ་དགོས་པ་དང་།སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ་དགོས་པའི་ཁྱད་པར་ཅན་གྱི་ལྷག་བསམ་དང་སྨོན་ལམ་ལེགས་ཤོས་དེ་ཉིད།ནང་བ་སངས་རྒྱས་པ་ཚང་གི་བསམ་བྱ་ཐུན་མོང་མ་ཡིན་པ་རེད།དེང་དུས་འདིར་བསམ་བློ་ཡང་དག་པ་དང་ལྟ་བ་དཀར་པོ་འདིིའི་རྒྱུད་འཛིན་པ་གཙོ་བོ་དེ་དང་།མཚོན་བྱེད་དེ་བོད་མི་རིགས་ཞེས་པའི་ཁ་བ་གངས་ཅན་གྱི་ལུང་བར་འཚོ་བའི་ང་ཚོ་རེད།ང་ཚོའི་བསམ་བློ་དང་ལྟ་བའི་སེམས་ཅན་ཐམས་ཀྱི་བདེ་སྐྱིད་འཚོལ་དགོས་པ་དང་རྙེད་ཐུབ་པ་རེད།གལ་ཏེ་ཡང་དག་པའི་ལྟ་བ་དང་ང་ཚོའི་དམིགས་ཡུལ་འདི་འཛམ་གླིང་གི་སྤྱི་ལ་ཁྱབ་སོང་བ་ཡིན་ཙང་།དེ་ལས་ལྷག་པའི་འགྲོ་བ་མི་དང་བཅས་པ་ལ་སྲི་ཞུ་སྒྲུབ་སྟངས་དང་ཕན་པ་སྒྲུབ་སྟངས་ཤིག་ཡོད་མ་རེད།ཁོ་ཚོ་ལ་བདེ་སྐྱིད་ཀྱི་རྩ་བ་དང་ཞི་བདེ་ཡི་ལམ་ཡིག་བསྐྲུན་ཐུབ་སོང་བ་ཡིན་ན།ང་ཚོའི་མི་རིགས་འདི་རྒུད་ཀྱང་ཆོག་ལ་ཉམས་ཀྱང་ཆོག      ནང་བསྟན་འཛམ་གླིང་གི་སྤྱོད་བྱ་དང་ལྟ་བྱར་གྱུར་སོང་ན་བོད་མི་རིགས་ཞེས་ཟུར་དུ་བོད་ཡོད་ནའང་དེ་ལ་ཕན་པ་མེད་ལ་མེད་ནའང་གནོད་པ་ཡོད་མ་རེད།བོད་པ་གཙོ་ཆར་སངས་རྒྱས་ཆོས་ལུགས་པ་ཡིན་པས།སངས་རྒྱས་ཆོས་ལུགས་པ་ཡིན་ཙམ་གྱིས་ཆོག་གི་མ་རེད།གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་མཐའ་ཆོད་པ་ཞིག་ཤེས་ན་རབ་དང་མཆོག་གཙོ་བོ་རེད།མ་མཐའ་འང་ཟུར་ཙམ་ཤེས་དགོས་པ་རེད།ང་ཚོ་ནས་བཟུང་ཏེ་འཛམ་གླིང་ལ་ནང་བསྟན་དར་དགོས་པ་རེད།དེ་བས་གཞན་ལ་ཤེས་སུ་འཇུག་དགོས་ན།རང་ཉིད་ཀྱིས་བསླབ་དགོས་པ་རེད།འཇིག་རྟེན་གྱི་བྱ་བ་ཙམ་ལ་མགོ་རྨོངས་བ་ཡིན་ན་ནང་བསྟན་སློབ་ཐུབ་ཀི་རེད།རྒྱུ་མཚན་དེའི་ཕྱིར་རབ་བྱུང་གི་ལུས་རྟེན་ལེན་དགོས་པ་རེད།ད་ལྟའི་བོད་མི་རིགས་ཀྱི་རབ་བྱུང་བའི་གྲངས་ཚད་འདི་ཧ་ཅང་ཉུང་ཉུང་རེད།བོད་མི་ས་ཡ་གསུམ་རབ་ཏུ་བྱུང་བ་ཡིན་པས་དབང་དུ་བཏང་ན།མ་མཐར་བྱས་ན་ཡང་ས་ཡ་གཅིག་གི་ནང་བསྟན་ཆོས་ལུགས་མཐའ་ཆོད་པ་ཞིག་བསླབ་ཐུབ་རྒྱུ་རེད།བོད་པ་ས་ཡ་གཅིག་གི་འཛམ་པའི་གླིང་འདིར་ནང་བསྟན་དར་ཁྱབ་ཆེན་པོར་གཏོང་ཐུབ་རྒྱུ་རེད།ནང་བསྟན་འཛམ་གླིང་ལ་ཁྱབ་པའི་ཉིན་དེར་བོད་པ་གཅིག་ལའང་མཛུབ་མོ་འཛིགས་ས་མེད་པར་བྱས་ཀྱང་ང་ཚོར་གྱོང་གུད་ཡོད་མ་རེེད།ཕངས་སེམས་སྐྱེ་དགོས་པ་མི་འདུག ང་ཚོའི་རླབས་ཆེ་བའི་གཟི་བརྗིད་དང་རྒྱལ་ཁ་རེད།གལ་ཏེ་ཁྱེད་རང་བོད་པ་ཡིན་ན་ནང་བསྟན་སློབས་ཤིག།


 

ཆེས་གསར་བའི་དྲི་བ། ཟླ 10 25, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...