འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན། 1
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

གྲྭ་བ་དང་བུད་མེད་ཀྱི་དྲ་ཐོག་གི་དགའ་རོགས། མདོ་སྨད་པ་ཟླ་གྲགས་ཀྱིས་མགོན་སྣང་སྐྱེས་ལ་དྲི་བ་ཞུས་པ།

འདེམ་ཤོག 0

གྲྭ་བ་དང་བུད་མེད་ཀྱི་དྲ་ཐོག་གི་དགའ་རོགས།
     མདོ་སྨད་པ་ཟླ་གྲགས་ཀྱིས་མགོན་སྣང་སྐྱེས་ལ་དྲི་བ་ཞུས་པ།

མདོ་སྨད་པ་ཟླ་གྲགས།
ན་གཞོན་རྩོམ་པ་པོ་མགོན་སྣང་སྐྱེས། མཚན་བདེ་ལེགས། 
མགོན་སྣང་སྐྱེས།
བདེ་ལེགས།སྐུ་ཉིད་བདེ་མོ།
ཟླ་གྲགས།
དེ་རིང་ཁོམ་པོ་བྱུང་ཡོད་ན།དྲི་བ་འགའ་འདྲི་རྒྱུ་འདུག ཁོམ་མམ། 
སྣང་སྐྱེས།
ང་དང་ཁྱོད་ཀྱི་བར་ལ་མི་ཁོམ་པའི་སྐད་ཆ་མེེད།
ཟླ་གྲགས།
ཡ་ཡ་ལགས་སོ། ། ཁྱེད་རང་དྲ་ཐོག་ཏུ་ཞུགས་པ་ནས་བུད་མེད་ག་ཙམ་ལ་དྲ་འབྲེལ་བྱས་མྱོང་། དེའི་ནང་གི་ཆེས་འབྲེལ་བ་བཟང་ཤོས་དེ་སུ་ཡིན། 
སྣང་སྐྱེས།
ད་སྔ་བུད་མེད་ལྔ་བཅུ་ལྷག་གིས་ང་ལ་འབྲེལ་མྱོང་།རེད་དེ་ཕན་ཚུན་ངོ་ཤེས་ཡག་པོ་ཞིག་བྱས་མ་མྱོང་།འབྲེལ་བ་བཟང་ཤོས་ཟེར་ན་མི་ཤེས་ཀི   ཁ་བརྡ་གློད་ས་འགའ་ཡོད་ཅེས་བཤད་ན་ཆོག
ཟླ་གྲགས།
ངའི་དྲ་ལམ་དུ་ཡང་བུ་མོ་མང་པོ་འདུག  ཚང་མ་སློབ་ཆེན་སློབ་མ་དང་ཡང་ན་སྙན་ངག་ཅུང་ཙམ་འབྲི་མཁན་གྱི་རིགས་རེད། ཁོ་ཚོས་ང་ཚོར་དྲ་འབྲེལ་བྱེད་དོན་ཅི་ཡིན་ནམ། ང་ཚོ་ལ་ཐུན་མོང་གི་འབྲེལ་བ་ཞིག་ཡོད་ཆོག་གམ། 
སྣང་སྐྱེས།
སྤྱིར་ནས་ང་རང་ཚོ་གྲྭ་བ་ཞིག་ཡིན་པས།བུད་མེད་དེ་དག་གིས་ཚུར་འབྲེལ་དོན་མཐའ་གཅིག་ཏུ་འདི་རེད་ཅེས་བཤད་ཐུབ་མ་སོང་། འོན་ཀྱང་། ཚོར་བ་ཡོད་པ་ཤ་སྟག་གི་སྒང་ནས་འབྲེལ་བ་རེད་ཅེས་བཤད་ཆོག  ང་ཚོའི་བར་གྱི་ཐུན་མོང་གི་འབྲེལ་བ་ནི་ཚོར་བ་ཙམ་རེད།
ཟླ་གྲགས།
འོ་རེད། ཚོར་བ་དེ་ཅི་ཡིན་ནམ། དེས་ང་ཚོར་ཕན་པ་ཡོད་དམ་གནོད་པ་ཡོད། བུད་མེད་དག་གིས་གྲྭ་བར་དྲ་འབྲེལ་བྱེད་པ་དང་། གྲྭ་བ་དག་གིས་བུད་མེད་ལ་དྲ་འབྲེལ་བྱེད་པ། ད་དུང་གྲྭ་བ་དང་བུད་མེད་ཀྱི་སྤྱིར་བཏང་གི་ལབ་གླེང་སོགས་ལ་བསམ་ཚུལ་ག་རེ་ཡོད། 
སྣང་སྐྱེས།
ཁོ་ཚོའི་བར་གྱི་ཐུན་མོང་གི་ཚོར་བ་ཟེར་ན།འཁྲུལ་སྣང་ཙམ་རེད།གང་ལ་འཁྲུལ་ཡོད་ཟེར་ན།དགའ་རོགས་ཞེས་པ་དང་བརྩེ་དུངས་ཟེར་བ་འདི་གཉིས་ཀར་འཁྲུལ་འདུག   བུད་མེད་དག་གིས་གྲྭ་བ་དེ་ནི་ང་ལ་དགའ་འདུག་བསམ་ཡོད་པ་གནང་བཞིན་གྲྭ་དེ་ཚོས་ཀྱང་དེ་ལྟར་འདོད་ཀི་རེད།ཡིན་ན་ཡང་བུད་མེད་དེ་དག་ལ་གྲྭ་བའི་སྡོམ་པ་ཤོར་དུ་འཇུག་པའི་སྤོབས་པ་ཡོད་མ་རེད།གྲྭ་བ་དེ་ཚོ་ཡང་སྡོམ་པ་ཕུད་ཐུབ་ཀྱི་སྙིང་སྟོབས་ཡོད་མ་རེད།གང་ལྟར་དེ་ཙམ་གྱིས་ཁོ་ཚོའི་བར་གྱི་འབྲེལ་བ་ཡང་རིམ་གྱིས་ཡལ་འགྲོ་བ་རེད།འདིའི་མིང་ལ་ངས་དྲ་ཐོག་གི་དགའ་རོགས་འཁྲུལ་འཁོར་མ་ཟེར་བཞིན་ཡོད།
ཧ་ཧ་ཧ།གཞན་ང་དང་འབྲེལ་ཡོད་ཀྱི་བུད་མེད་ཚོ་དང་ངས་བར་གྱི་ཁ་བརྡ་ནི་སྐད་ཡིག་དང་དད་མོས།ཕུགས་བསམ་དང་སྟོང་ལབ།  ཀུ་རེ་དང་རྩེད་མོ་ཅི་རིགས་སུ་འདུས་པ་ཡིན།ཡང་ཕྱོགས་གཞན་ཞིག་ནས་བཤད་ན།མི་བུ་རང་སྟེང་ནས་རང་ཚུགས་དམ་པོ་ཞིག་མ་བཟུང་དུས།གནོད་པ་ཡོད་རེད།དེ་མ་གཏོགས་བུད་མེད་ཚོར་ཁ་བརྡ་བཤད་པ་ནི་ཇ་ཁང་ནང་ནས་ཇ་ངར་མོ་འཐུང་བ་དང་མཚུངས་པས་ཇ་ངར་མོ་འཐུང་ན་ང་ཚོར་གནོད་པ་ཡོད་མ་རེད།ཇ་འཐུང་མ་ཤེས་ན་ཆང་དང་མཚུངས་།ཧེ་་་་་
ཟླ་གྲགས།
ཡག་པོ་ལབ་བྱུང་། ཆོས་ཀྱི་ཕྱོགས་ནས་བཤད་ན་དྲ་ཐོགས་དགའ་རོགས་འཁྲུལ་འཁོར་མ་སྒྲིག་ན་ཆོག་གམ་མི་ཆོག  སྡོམ་པ་ཟེར་བ་དེ་སེམས་རྣམ་དག་གིས་སྲུང་དགོས་སམ། ཨུ་ཚུགས་ཀྱིས་སྲུང་དགོས། བརྩེ་དུངས་ཟེར་བ་དེ་རང་གི་ཚོར་བ་གཙོ་བོར་བྱས་ཏེ་རོལ་དགོས་སམ། ཁོར་ཡུག་དང་མི་ཁ་སོགས་ཀྱི་ཆེད་དུ་རང་གི་ཚོར་བར་རྫུན་བཤད་དགོས། 
སྣང་སྐྱེས།
དྲི་གཞི་འདི་ལ་ལེན་ཡག་པོ་ཞིག་སྟེར་རྒྱུ་རག་མ་སོང་།ཨུ་ཚུགས་ཀྱིས་ལན་འདེབས་དགོས་ཞེ་ན།ཆོས་ཕྱོགས་ནས་བཤད་ན་ཆོས་པ་རྣམ་དག་ཞིག་ཡིན་ན་འཁོར་བའི་འདུ་འཛི་ལ་མགོ་འཁོར་གི་མ་རེད།དེ་བས་ན་ཉ་རྙོག་ཏུ་གྱུར་བའི་དྲ་བའི་ས་མིག་འདིར་ཡོང་གི་མ་རེད།དྲ་ཐོག་ལ་འཁྱམས་བཞིན་པའི་གྲྭ་བ་དེ་ཚོ་ཆོས་པ་རྣམ་དག་ཞིག་མ་རེད་སྙམ།གཞན་སྡོམ་པ་སེམས་ནས་སྲུང་དགོས་པ་མ་གཏོགས་ཁ་ནས་སྲུང་ཟེར་ས་འགྲོ་གི་མ་རེད། ཨུ་ཚུགས་ཀྱིས་སྲུང་བ་ལས་མ་སྲུང་ན་དགའ་བོ་འདུག   བརྩེ་དུངས་ཆགས་འདུག་ཅེས་བཤད་ཡོང་དུས་བརྩེ་དུངས་མེད་ཀི  མིག་ཆུ་བཞུར་སོང་ཞེས་གླེང་ཡོང་དུས་བརྩེ་དུངས་མེད་ཀི   ཁྱེད་ཀྱི་འདས་མ་ད་གསུམ་གྱི་མདུན་རྒྱབ་དང་གཡས་གཡོན་གང་རུང་ན་སྐྱིད་ལ་སྡུག་པའི་ངོ་གདོང་དང་ལྷན་དུ་ཡོད་དུས་བརྩེ་དུངས་ཡོད་ཀི   དེ་ནི་ཆུས་མི་ཁུར་ལ་མེས་མི་ཚུག  དུག་གི་མི་འཇིགས་པ་གནང་བཞིན་རེད།
ཟླ་གྲགས།
ཉིན་ཞིག་བུད་མེད་ཅིག་གིས་སྤོབས་པ་ཆེན་པོས་ཁྱེད་རང་ལོག་དང་། ངས་རང་གི་ཡོད་ཚད་ཁྱེད་ལ་སྟེར་ཟེར་ན། བུད་མེད་དེའི་བསམ་བློ་འགྲིག་གམ་མི་འགྲིག ཁྱེད་རང་གྲྭ་བ་རྣམ་དག་ཅིག་རེད་པས་དེ་ལྟ་བུའི་དམིགས་ཡུལ་མེད་མོད། ཁ་བརྡ་མང་པོ་ཞིག་བཤད་དེ་མོ་རང་འཁྲུལ་བར་བྱས། རྗེས་སུ་འགན་མ་ཁུར་ན་ཆོག་གམ། 
སྣང་སྐྱེས།
གལ་ཏེ་ནམ་ཞིག་བུད་མེད་ཅིག་གིས་ང་ལ་དེ་ལྟར་བཤད་ཡོང་དུས།ངས་ཁོ་མོ་མིང་ཐོ་ནག་པོའི་ནང་ལ་འཇུག་ཁོ་ཐག་ཡིན།ཟུར་བཤད། དྲ་ཐོག་གི་གྲོགས་ཙམ་བྱེད་ཟེར་བའི་དམིགས་ཡུལ་ཡོད་ན་བསམ་བློ་གཏོང་ངེས་ཡིན།སྐྱ་སར་བབ་དང་གཉེན་སྒྲིག་བྱེད་ཟེར་ན།གོང་གི་དེ་ལྟར་མིང་ཐོ་ནག་པོར་འཇུག་ངེས་ཡིན།མི་བདེན་པར་བསམ་ན་རྗེས་མར་ལྟོས་དང་ཆོག   ཚོད་བལྟ་བྱོས་དང་ཆོག
ཟླ་གྲགས།
ཧ་ཧ་ངར་བ་རེད། མཇུག་མཐར་ཁྱེད་ཀྱིས་དྲ་ལམ་གྱི་བུད་མེད་དང་གྲྭ་བ་དག་ལ་བཤད་འདོད་པའི་སྐད་ཆ་ཉུང་ཙམ་ཞིག་བཤད་ན། 
སྣང་སྐྱེས།
སྐད་ཆ་ཞིག་རང་ཉིད་གཙོར་བྱས་བཤད་ཚེ།
དྭངས་ཤིང་གཙང་བའི་ཆུ་བོ་མ་རྫོབ་ཅིག།
སེམས་འདུན་གཙང་མའི་ཁ་བཏགས་ཕུལ་བར་བྱ།།
གསེར་གྱི་ཟམ་པ་རྟག་པར་བརྟན་དགོས་ན།།
རང་ཚོད་རང་ནུས་བྱས་ན་དེ་བས་ཆོག།
ཟླ་གྲགས།
མཇུག་མཐར་ངའི་དྲི་བ་དག་ལ་ལན་གནང་བར་བཀའ་དྲིན་ཞུ། 
སྣང་སྐྱེས།
སྐྱོན་མི་འདུག  བཀྲ་ཤིས་བདེ་ལེགས།
ཟླ་གྲགས།
སྐབས་སུ་བདེ་མོ།སླར་མཇལ།


 

ཆེས་གསར་བའི་དྲི་བ། ཟླ 10 29, 2017 རིགས་གྲས།:བརྩེ་དུང་གི་སྐོར། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...