འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།བོད་ཀྱི་མི་གྲངས་མི་མཐུད་དུ་ཇེ་ཉུང་ཡིན་པ།

འདེམ་ཤོག 0

༄༅།།བོད་ཀྱི་མི་གྲངས་མི་མཐུད་དུ་ཇེ་ཉུང་ཡིན་པ།                                    

     དུང་དཀར་ཡོན་ཏན་རྒྱ་མཚོ།   ཅོ་ནེ།                                          


དང་པོ།  དཔལ་འབྱོར་གོང་འཕེལ་དུ་ཇི་ལྟར་སོང་བ་དེ་ཙམ་གྱིས་མི་གྲངས་ཇེ་ཉུང་ཡིན་པ།  སྤྱི་ཚོགས་འདི་དཔལ་འབྱོར་གོང་འཕེལ་གྱི་ངོ་བོར་བསྒྱུར་ཞིང་།  ཁྲོམ་རའི་དཔལ་འབྱོར་འགྲན་རྩོད་ནང་ཞུགས་པས།  མི་རྣམས་ཀྱི་རིགས་རྒྱུད་ཀྱི་འདུ་ཤེས་དང་མི་རིགས་ཀྱི་འདུ་ཤེས།  རིག་གནས་ཀྱི་འདུ་ཤེས་བཅས་ཀྱི་ལྟ་བ་ནི་མག་མོག་རབ་རིབ་ཅིག་ཏུ་གྱུར་འགྲོ་བ་རེད།  ལྷག་པར་དུ་གཉེན་སྒྲིག་ཅིང་ཕན་ཚུན་མ་ཤི་བར་དུ་འགྲོག་རྒྱུའི་བསམ་བློ་དེ་ཐོག་མ་ནས་ཆགས་ཐུབ་ཀྱིན་མེད།  དེ་ཡིན་དུས་བཟའ་ཚང་ཕན་ཚུན་བར་བྱིས་པ་སྐྱེས་རྒྱུ་འང་དཀའ་ལས་སྣ་ཚོགས་ཡོང་གི་ཡོད།  རྒྱུ་རྐྱེན་གཅིག་ནི་ཕྱིའི་རྣམ་པ་ཙམ་ལས་ཕན་ཚུན་ལ་ཡིད་ཆེས་མེད་པ།  དེ་བས་བྱིས་པ་སྐྱེས་རྒྱུར་ཁ་མི་འཆམ་པ།  དེ་བཞིན་དུ་ལོ་ན་ཐོན་པོར་ཆགས།  ལོ་ན་སུམ་ཅུ་སོ་ལྔ་ནས་བཞི་བཅུ་བར་སླེབས་ནས་རང་ལ་ཡིད་ཆེས་ཤིང་བློ་གཏད་ཆོག་པའི་བཟའ་ཚང་དང་མཉམ་དུ་བྱིས་པ་སྐྱེས་བསམ་རུང་།  སྐབས་དེར་ལོ་དང་བྱ་བ་སྣ་ཚོགས་ཀྱི་དབང་གིས་བྱིས་པ་གཅིག་ཙམ་དང་མང་ན་གཉིས་མ་གཏོགས་གསོ་མི་ཐུབ་པའི་དཀའ་ངལ་ཡོང་གིན་ཡོད།  དེ་བས་འདི་ནི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཅིག་ཡོད་དེ།  དཔལ་འབྱོར་ཇི་ལྟར་ཡོད་པ་དེའི་ཚོད་ཀྱིས་ཕན་ཚུན་ལ་རོགས་རམ་དང་ལྟ་སྐྱོང་གི་བསམ་བློ་ཉམས་འགྲོ་བས་ཡིན།                                  


གཉིས་པ།  འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ཡོད་སྐབས་སུ་མི་མང་ཆེ་བས་ཕ་ཆེར་བྱིས་པ་ནི་བུ་སྐྱེས་བར་བརྩོན་ཞིང་།  མངལ་དུ་བུ་མོ་ཆགས་པ་ཤེས་ཚེ་དེ་མེད་པར་བྱས་འགྲོ་བ་ནི་སྤྱི་ཚོགས་ཀྱི་སྤྱི་འགྲོས་ཤིག་ཏུ་ཆགས་འདུག   དེ་བས་བུད་མེད་ཇེ་ཉུང་དང་བུ་ཇེ་མང་འགྲོ་བ་བཤད་མ་དགོས་པ་རེད།  རྒྱུ་རྐྱེན་དེ་ལས་རིམ་བཞིན་བུད་མེད་དག་དབང་ཆེ་ཞིང་གཙོ་བོར་ཆགས་པ་རེད།  བུད་མེད་དེ་ཚོས་བྱིས་པ་མང་པོ་བཙས་ན་མི་འདོད་པ་ནི་ཕལ་ཆེར་མོ་རང་ཚོའི་ལེ་ལོ་དང་སྒྱུ་ལུག་གི་རང་གཤིས་ལས་ཤེས་ཐུབ་པ་རེད།  དེང་སང་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་མེད་ནའང་མི་ཚང་མ་བྱིས་པ་མང་པོ་སྐྱེས་བར་མི་དགའ་བ་མ་ཟད་ད་དུང་གཅིག་སྐྱེས་པའང་བུ་ཡིན་པར་བརྩོན་པ་རེད།  དེ་བས་སྤྱི་ཚོགས་ན་བུད་མེད་ཇེ་ཉུང་ཡིན་པ་དེའི་ཚོད་ཀྱིས་བུད་མེད་དག་ང་རྒྱལ་ཇེ་ཆེ་དང་ཡང་ན་རང་བཞིན་ངན་པ་དེ་ཕྱི་ལ་མངོན་ནས་རང་ཉིད་ཀྱི་བདེ་ཐབས་ཙམ་མ་གཏོགས་གཞན་པའི་མི་རིགས་ཟེར་བ་དང་རིག་གནས་རྒྱུད་འཛིན་པ་གསོ་སྐྱོང་ཟེར་བ་ལྟ་བུའི་སྙིང་སྟོབས་དེ་རྩ་བ་ནས་མེེད་པ་རེད།  དེ་ཡིན་དུས་ལྷག་ཏུ་བོད་མི་རིགས་ལྟ་བུར་མཚོན་ན་ཉེན་ཁ་ཁོ་ན་ལས་ཅི་ཡང་མེད།                                            


གསུམ་པ།  བོད་ཀྱི་བུད་མེད་དག་རྒྱ་མི་རིགས་དང་གཉེན་སྒྲིག་བྱེད་ཚད་ཇེ་མཐོར་ཕྱིན་བཞིན་ཡོད་པ་འདིས་མི་རིགས་ཀྱི་རིགས་རྒྱུད་ནི་རྩ་བ་ནས་བཅད་པའི་མགོ་བརྩམ་པ་རེད།  ཁྱེད་ཚོ་ཕར་མི་རིགས་གཞན་དང་འགྲོག་ཚེ།  འགྲོག་ཡུལ་དེ་བོད་ཀྱི་ཕ་ས་ཕ་ཡུལ་ལ་དགའ་བ།  རིག་གནས་ལ་དུང་བ་ཞིག་བཟོ་མི་ཐུབ་པར་མ་ཟད།  ལོ་འགའི་སྔོན་གྱི་བོད་མི་དག་མ་ཁྱེད་གཞི་ནས་རྒྱ་རིགས་སུ་གྱུར་འགྲོ་བ་དང་།  རང་གི་ཤ་ཁྲག་ལས་སྐྱེས་པའི་བྱིས་པ་དག་ཀྱང་བཤད་མ་དགོས་པ་རེད།  ཁྱེད་རང་བོད་ནས་སྐྱེས་རུང་གོ་ཅི་ཡང་མ་ཆོད་པ་དེ་རེད།                       


བཞི་བ།  གྲྭ་བ་དང་ཇོ་མོ་ལས་མང་ཆེ་བ་འཚོ་བའི་དཀའ་ངལ་དང་ཡང་ན་འཁོར་བ་སྐྱོང་བའི་ནུས་པ་མེད་པ་བཅས་ཀྱིས་རབ་བྱུང་བའི་སྐྱིད་སྡུག་ཏུ་ཞུགས་པ་ཡིན་པས།  ཁོ་རང་ཚོ་རབ་ཏུ་བྱུང་བས་བསླབ་པ་སློབ་གཉེར་ལ་མ་བརྩོན་པར་དད་ཟས་ཁོ་ན་ཙམ་ལ་རེ་སྒུག་བྱས་ནས་དུས་ཚོད་ཀྱི་འཁོར་ལོ་འདི་ཟད་སོང་བ་ཡིན་ན་དེ་ལ་དགོས་པ་ཆེན་པོ་མི་འདུག  སངས་རྒྱས་ཀྱི་བསྟན་པ་གནས་མིན་ནི་སངས་རྒྱས་ཀྱི་གསུང་ཚུལ་བཞིན་ཉམས་ལེན་གནང་གིན་ཡོད་མེད།  བསླབ་པ་སློབ་གཉེར་ལ་བརྩོན་གྱིན་ཡོད་མེད་ལ་ཟེར་བ་ལས།  འདི་ན་གྲྭ་བ་མང་གི་སངས་རྒྱས་ཀྱི་བསྟན་པ་དར་འདུག   འདི་ན་ཇོ་མོ་མང་གི་སངས་རྒྱས་ཀྱི་བསྟན་པ་དར་འདུག་ཅེས་མང་ཉུང་ཙམ་གྱིས་སངས་རྒྱས་ཀྱི་བསྟན་པ་དར་ཡོད་མེད་ཐག་བཅད་པ་ཡིན་ཚེ།  དེ་ལས་སངས་རྒྱས་ཀྱི་བསྟན་པ་རྒུད་ཚུལ་ཞིག་རྩ་བ་ནས་ཡོད་རྒྱུ་མ་རེད།  འདི་ན་ཆོས་འཆད་ཉན་རྒྱས་འདུག  འདི་ན་དགེ་བཅུའི་ལས་ལ་བརྩོན་བཞིན་འདུག  སངས་རྒྱས་བསྟན་པ་རྒྱས་འདུག་ཟེར་ན་ཡང་དག་རེད།  རྒྱུ་མཚན་དེ་ཙམ་བློ་ལ་བཟུང་ནས་རབ་བྱུང་བ་ཚོས་ཉིན་མཚན་ཀུན་དུ་སེམས་ཅན་གཞན་གྱི་བདེ་སྐྱིད་དང་གཞན་ལ་ཕན་བདེ་བསྐྲུན་ཐུབ་པའི་སངས་རྒྱས་ཀྱི་བསྟན་པའི་དགོངས་དོན་ལ་འབད་རྒྱུ་དེ་གལ་ཆེན་པོ་རེད།  ཡིན་ན་ཡང་ཁྱེད་རང་ཚོ་རབ་བྱུང་བའི་ཁྲོད་ན་བསླབ་པ་སློབ་གཉེར་ལ་མི་བརྩོན་མཁན་དེ་འདྲ་འདུག  དེ་དག་བཙུན་པ་བཙུན་མ་གང་ཡིན་ན་གྲྭ་ལོག་བྱོས་རྩ་བ་ནས་ཟེར་གིན་མེད།  གོ་བ་གོ་ལོག་ལ་མ་ཁྱེར།  དེ་འདྲ་ཡིན་པས་རང་རང་ས་ནས་བསླབ་པ་སློབ་གཉེར་ལ་ཤུགས་རྒྱོབས་ཟེར་བ་ཙམ་ཡིན།  ཡང་བསམ་བློ་གུ་ཡངས་པོ་གཏོང་མི་ཐུབ་མཁན།  རང་གིས་སངས་རྒྱས་ཀྱི་བསྟན་པ་གང་འདྲ་ཞིག་སྐྱོང་ཐུབ་ཀིན་ཡོད་མེད་ལ་དཔྱོད་མི་ཤེས་མཁན།  རང་གི་བྱ་སྤྱོད་ཐ་ཤལ་རེ་འགའ་ལ་ཕོག་ཡོད་མཁན་དེ་འདྲ་བ་ཚོས།  སངས་རྒྱས་པའི་སྤངས་བྱ་ཞེ་སྡང་དང་ང་རྒྱལ།  ཕྲག་དོག  ཚིག་རྩུག   གནོད་སེམས།  བསྟོད་ན་དགའ་བ་སྨད་ན་མི་དགའ་བའི་རང་གཤིས་གྱོང་བོ་ཕྱིར་མངོན་ནས།  ཕལ་བའི་རྣམ་རྟོག་གིས་བཞེངས་པའི་ཀུན་རྫོབ་ཀྱི་གནས་ལུགས་མང་པོ་ཞིག་གིས་དུས་ཚོད་འཕྲོ་བརླག་གཏོང་སྲིད་པས།  གོ་བ་གོ་ལོག་ལ་མ་ཁྱེར་ཞུས་པ་ཙམ་ཡིན།                   ༢༠༡༧-༡༠-༦༨


 

ཆེས་གསར་བའི་དྲི་བ། ཟླ 10 30, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...