འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ཆོས་ལུགས་མེད་ན་དུད་འགྲོ་དང་མཚུངས།

འདེམ་ཤོག 0

 ཆོས་ལུགས་མེད་ན་དུད་འགྲོ་དང་མཚུངས།
         

      མགོན་སྣང་སྐྱེས།

   ཉེ་སྔོན་ནང་བསྟན་འཛམ་གླིང་ལ་དར་སོང་ན་བོད་མི་རིགས་ཉམས་ཀྱང་ཆོག་ཅེས་པའི་རྩོམ་ཡིག་ཅིག་སྤེལ་བ་ཡིན།
རེད་དེ་ཀློག་པ་པོ་མང་བོ་ཞིག་གིས་བོད་མི་རིགས་ཉམས་པ་ལས་ནང་བསྟན་ཉམས་ཆོག་ཅེས་པའི་འུར་གཏམ་ཞིག་སྤེལ་འདུག
དྲང་མོར་ལབ་ཡོང་བ་ཡིན་ན།དངོས་ནས་ཡིད་སྐྱོ་བ་དང་སེམས་ཕམ་པ་འདྲ་བའི་གནས་སྟངས་ཤིག་དང་ཚོར་སྣང་འགའ་སྦྱིན་སོང་།
ང་རང་ཚོ་མིའི་རིགས་སུ་སྐྱེས་པ་དང་ལྷག་དོན་བོད་པ་ཞིག་ཏུ་གྱུར་ཟིན་པས་ན།ཧ་ཅང་ལས་དོན་རྒྱ་ཆེ་ཞིང་ནང་དོན་གཏིང་ཟབ་པ་ཞིག་སྒྲུབ་དགོས་པར་སེམས།དེང་སྐབས་ནང་བསྟན་ཐོས་སྒོ་ཚང་བ་ཞིག་གི་གནས་མལ་བཙལ་དགོས་ཚེ།བོད་ཁ་བ་ཅན་ཁོ་ན་མ་གཏོགས་པའི་འཛམ་གླིང་གི་ཤར་ནུབ་གང་ནའང་ཡོད་པ་མ་རེད།དེ་བས་ན་བོད་པ་གཙང་མ་ཞིག་བྱེད་འདོད་ན།ནང་བསྟན་གྱི་བརྗོད་བྱ་བློ་ཡིད་དུ་ཤོང་ཐུབ་པ་ཞིག་ཡིན་དགོས་པར་སེམས།ཁྱེད་ཚོས་གནས་ལུགས་དང་དྲང་བདེན་ལ་ཡིད་མ་གཏད་པར།ད་དུང་ཕྱོགས་ཞེན་དང་གནད་སྙིང་མེད་པའི་སྐད་ཆ་སྟེ།བོད་མི་རིགས་ཉམས་པ་ལས་ནང་ཆོས་ཉམས་ཆོག་ཅེས་བཤད་ཡོང་ན།གནོད་པ་མ་གཏོགས་ཕན་པ་ཡོད་མ་རེད།དེ་ནི་ལ་རྒྱ་མ་རེད་བླུན་རྟགས་རེད།ཆོས་ལུགས་ཉམས་པའི་མི་རིགས་ནི་དད་འགྲོ་དང་མཚུངས་པས།ཁྱེད་ཅག་དུད་འགྲོར་གྱུར་འདོད་དམ།གཞན་ཡང་བོད་མི་རིགས་ཞེས་འཛམ་གླིང་གི་རྩེ་མོར་བསྒྲེངས་དགོས་ཚེ།བྱམས་དང་བརྩེ་བ་ཡི་ངོ་གདོང་དངོས་མ་ཞིག་དགོས་པར་སེམས།བོད་ད་ལྟའི་བར་དུ་ཡར་ལངས་མ་ཐུབ་པའི་གནད་རྡོ་ཡང་བྱམས་བརྩེ་དངོས་མ་ཞིག་མེད་པས་རེད་འདོད།དེ་བས་ན་ཁྱེད་ཅག་གིས་གློའི་གཏམ་མ་བཤད།ནང་བསྟན་འཛམ་གླིང་ལ་དར་བར་འབད་པ་ཆེན་པོ་རྒྱོབས་ཤིག   ཕ་མེས་ཡང་མེས་དང་དད་པ་བྱེད་ཡུལ་རྣམ་གྱིས་དམིགས་བྱའང་དེ་རེད།གོ་སོང་ངམ།


 

ཆེས་གསར་བའི་དྲི་བ། ཟླ 11 2, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...