འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

སྒྲོལ་མ་ལགས་བྱིས་པ་མ་གསོད།

འདེམ་ཤོག 0

སྒྲོལ་མ་ལགས་བྱིས་པ་མ་གསོད།
      
             མགོན་སྣང་སྐྱེས།

     འདིར་མི་གླེང་ཐབས་མེད་ཀྱི་དོན་བྱ་ཞིག་ལ་བསམ་ནས་འཕྲིན་ཡིག་ཅིག་གམ།ཡང་ན་བསམ་ཚུལ་ལྷུག་བརྗོད་བྱས་ན།སློབ་གྲྭ་ཁག་གི་བུད་མེད་སློབ་མ་དང་སྤྱི་ཚོགས་སུ་ཞུགས་བཞིན་པའི་བུད་མེད་དར་མ་དག་གིས་བྱ་སྤྱོད་དགའ་ཞིག་ལས།མིག་ཆུ་དབང་མེད་བཞུར་འགྲོ་བ་དང་སེམས་པ་དབང་མེད་སྐྱོ་འགྲོ་བ་ཞིག་རེད།སྤྱིར་ནས་བུད་མེད་ཞིག་ཡིན་ཚེ།བྱིས་པ་སྐྱེ་དགོས་པ་དང་བྱིས་པ་ངལ་དུ་ཆགས་དགོས་པ་ཆོས་ཉིད་དང་།བུད་མེད་ཀྱི་ཐུན་མོང་མ་ཡིན་པའི་གཟི་བརྗིད་དང་ང་རྒྱལ་ཞིག་རེད་འདོད།ཡིན་ཀྱང་ཁོ་ཚོས་རང་ཉིད་ལོ་ཆུང་དུས་ནས་ངལ་ཆགས་པ་ནི།ཕམ་ཁ་དང་ངོ་ཚ་ཞིག་ཏུ་བརྩི་བཞིན་ཡོད།འདི་འདྲའི་སྒེར་གཅོད་ཀྱི་བསམ་བློ་ཁོ་ནའི་དབང་གིས་ངལ་དུ་ཆགས་ཡོད་པའི་བྱིས་པ་ཕངས་མེད་དུ་ཁྲག་ཏུ་བསྒྱུར་བཞིན་ཡོད།ཁྱེད་ཅག་ལ་བོད་པ་དང་བོད་མོ་ཞིག་གི་ངོ་གདོང་ཡོད་པར་བདེན་ན།བྱིས་པ་སྐྱེ་རུ་འཇུག་རོགས།ད་ལྟའི་བོད་མི་རིགས་ཀྱི་མི་གྲངས་ལ་བསམ་ནས་བྱིས་པ་སྐྱེ་རུ་འཇུག་རོགས།སློབ་ར་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ནས་ཁྱེད་ཅག་ལ་ངོ་བསོ་མེད་པར་བྱས་ཀྱང་།བོད་མི་རིགས་ཀྱི་མ་འོངས་པ་དང་ད་ལྟའི་མི་རབས་ཀྱིས་ཁྱེད་ཅག་ལ་གུས་འདུད་འབུལ་ཁོ་ཐག་ཡིན།བྱིས་པ་སྐྱེ་རུ་འཆུག་དང་ཆོག  རང་གིས་གཉོར་སྐྱོང་བྱེད་མི་ཐུབ་ན་སྐྱོན་མི་འདུག    རྨེ་སྤྲུལ་ཚང་གིས་ཀྱང་གཉོར་སྐྱོང་བྱེད་སྲིད་པ་རེད།ཕྲན་ཆུང་ལ་འབྲེལ་དང་ཆོག   མུ་ཆུང་རང་སྟེང་ན་ནུས་པ་ཆེན་པོ་མེད་ཀྱང་།བྱིས་པ་དེ་དག་ལ་བདག་པོ་ཞིག་འཚོལ་ཁོ་ཐག་ཡིན། ཁྱེད་ཅག་གིས་ཚེ་སྲོག་ཆུང་ཆུང་དག་མི་རིགས་ལ་སྐྱེས་སུ་འབུལ་ཐུབ་ན།ངེད་ཅག་གིས་ཚེ་སྲོག་ལ་དྲོད་པ་སྦྱིན་ཁོ་ཐག་ཡིན།སྒྲོལ་མ་ཚོ་བྱིས་པ་མ་གསོད།བྱམས་བརྩེ་ཟེར་བ་ཞིག་མེད་ན་ལས་འབྲས་ཟེར་བ་ཞིག་ཀྱང་དགོས་ཚོད་མི་འདུག   སྒྲོལ་མ་ལགས།བྱིས་པ་མ་གསོད།

ཆེས་གསར་བའི་དྲི་བ། ཟླ 11 5, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...