འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།གླེན་ལྐུག་དུད་འགྲོ་འདི་དག་སྙིང་མ་རྗེ།

འདེམ་ཤོག 0

༄༅།།གླེན་ལྐུག་དུད་འགྲོ་འདི་དག་སྙིང་མ་རྗེ།                                  

གྱེར་ཚིག་དང་གྱེར་འདོན་མཁན།  ཅོ་ནེ་བ་དུང་ཡོན།                              

ཆོས་ལྡན་གྱི་བོད་པ་ཚང་།   རང་ལ་དྲིན་ཆེ་བའི་མ་རྒན་དྲིན་ཆེན་ལྟ་བུའི་དུད་འགྲོ་འདི་དག་ལ་མནར་གཅོད་མི་གཏོང་རོགས་ཞུ།  ཁོ་ཚོ་ནི་ཁྱེད་ཀྱི་ལང་ཚོ་དང་མདུན་ལམ་གནང་མཁན་གྱི་མ་མ་ལྟ་བུ་ཡིན་ཞེས་ནའང་དོན་ངོས་ཡིན།  ང་རང་ཚོ་དྲིན་ཕ་མས་སྐྱེས་ནས་མི་ཡུལ་ལ་ཐོན་དུས།  ཁྱེད་ཀྱིས་འོ་མ་དང་འབྲི་མར་སེར་པོ་ལ་རོལ་བཞིན་གཉོམ་ལག་རྒྱས་པ་ཡིན་ལ།   རྩིད་པའི་སྦྲ་ནག་ནི་ཁྱེད་ཀྱི་ཁང་ཁྱིམ་དང་།  བལ་ལའི་ཕྱིང་བ་ནི་ཁྱེད་ཀྱི་ཕ་གོས་སུ་བྱས་ནས།   ཁྱེད་རང་ནར་སོན་དུ་བཅུག་པ་ལོས་ཡིན།   ཁྱེད་རང་སློབ་ཆུང་ནས་སློབ་ཆེན།  སློབ་ཆེན་ནས་ད་ལྟའི་ལས་གནས་འདི་ཡོད་པའང་དུད་འགྲོ་དྲིན་མོ་ཆེ་འདི་དག་གི་བཀའ་དྲིན་ལོས་ཡིན།  བསམ་བློ་ཞིག་ཐོངས་དང་།  ལག་པ་བྲང་ཁར་སྦྱར་ནས་ཞིབ་འདང་རེ་རྒྱོབ་དང་།  ཁྱེད་ལ་ངོ་ཚ་ཟེར་བ་དང་ཁྲེལ་ཟེར་བ་དེ་ཡོད་དམ་མེད།                             


དྲིན་ཆེན་ལ་དྲིན་ལོག་བྱེད་པ་ནི་བྱམས་དང་སྙིང་རྗེ་ཡོད་ཟེར་བའི་མི་རིགས་འདིའི་ཁ་གཡང་ཙམ་ཡིན་ནམ་ཡང་ན་སྟོང་བཤད་ཁོ་ན་ཡིན།  ལྟོས་དང་།  ད་ལྟ་བོད་ཆོས་ལྡན་གྱི་ཞིང་ཁམས་ན་དམྱལ་བ་མི་ཡུལ་དུ་ཐོན་འདུག   གཟིགས་དང་དགོན་པའི་རུང་ཁང་།   བླ་མའི་གསོལ་ཁང་།  གྲྭ་བའི་ཐབ་ཁང་།  གྲོང་བའི་ཇ་ཁང་སོགས་ཐ་ན་ཆོས་སྟོན་དང་བག་སྟོན་སོགས་ཡོད་ཚད་དུ་བཤམས་ཤིང་བཟའ་བ་ནི་དྲིན་ཆེན་མ་ལོ་ལྟ་བུའི་གླེན་ལྐུག་དུད་འགྲོ་དེ་དག་གི་ཤ་ཁྲག་མ་ཡིན་ནམ།  སྲིན་པོའི་གྲོང་།  གདོན་གྱི་ཁམས།  འདྲེ་ཡི་ཚང་།  རིག་ན་སྙིང་འདར་ཞིང་དྲན་ན་མིག་ཆུ་ལྷུང་བའི་བྱ་སྤྱོད་འདི་དག་སུ་ཞིག་ལ་གཏུག་གམ།                                      མ་གྱུར་དུད་འགྲོ་འདི་དག་སྙིང་མ་རྗེ།  མགོ་ན་ཁང་བ་མེད།  ས་རྐྱང་གདན་གདན་དུ་བྱས།  ཁ་ཆར་གོས་སུ་བྱས།  ཐོག་འབྲུག་གློག་གསུམ་གྱི་ངར་ཁ་ནས་དུས་བཞིའི་ཚ་གྲང་གི་སྡུག་བསྔལ་ཇི་འདྲའི་ལྕི་ཡང་།  བཤད་སའི་གྲོགས་མེད།   ཞུ་སའི་མགོན་མེད།   རེ་སའི་སྐྱབས་མེད།   རིན་དང་འབད་བརྩོན་མི་དགོས་པའི་རི་ཆུ་ལ་བརྟེན་ནས་ནར་སོན་དུས།  སྡིག་ཅན་བོད་པ་ཚང་།  ཁ་བཤད་དོན་ལ་མི་གནས་པའི་ཁྲེལ་མེད་ཤ་གཟན་ཚང་།   ད་དུང་འཛམ་གླིང་ལ་ང་ཚོ་ནི་བྱམས་སྙིང་རྗེའི་བདག་པོ་ཡིན་ཟེར་བར་ཡ་མི་ང་བའི་མགོ་ནག་བོད་པ་ཚང་གི་མི་འདི་ཚོས།  མ་དྲིན་མོ་ཆེ་འདི་དག་གི་སྐེ་ལ་ཐག་པས་བསྡམ།  ཁ་ལ་ཁུག་མ་སྐོན།  སུག་བཞི་སྒྲོག་གིས་བཅིངས།  ནམ་གསོད་འདོད་ན་དེ་དུས་གསོད།  ནམ་ཟ་འདོད་ན་དེ་དུས་ཟ།                           


དོན་ངོ་མར་བཤད་ན་བོད་ལ་བྱམས་དང་སྙིང་རྗེ་ལྡན་ཟེར་བ་ནི་སྐྱག་རྫུན་ཁོ་ན་རེད།   བོད་ཆོས་ལྡན་ཞིང་ཁམ་ཡིན་ཟེར་བའང་འཁྲབ་སྟོན་ཁོ་ན་རེད།   ངའི་མི་རིགས་འདི་དོན་ངོ་མ།  གཉོམ་ཆུང་ལ་ཐུབ་ཚོད།  བཙན་པོ་ལ་ངོ་དགའ།  སྐད་ཆ་བཤད་པར་འགན་མི་ཁུར་མཁན་གྱི་མི་རིགས་ཐ་ཤལ་ཞིག་རེད་ཨང་།                                            

སྲིན་པོ་གདོང་དམར་བོད་ཟེར་བའང་དོན་ལ་གནས་འདུག   ཁྱོད་ཚོའི་མགོ་ལུས་ཡན་ལག་དང་བཅས་པ་དུམ་བུར་གཏུབ་ནས་མེ་སྟག་ཚ་ཚ་མཆེད་ཅིང་།  ཆུ་འཁོལ་ལྷོག་ལྷོག་འཕྱུར་བའི་ཟངས་རྒན་ནང་དུ་གཙོས་ན་ག་འདྲ་ཡིན་པ་བསམ་བློ་བཏང་ཨེ་མྱོང་།  ཐུབ་ཚོད།  གཉའ་གནོན།   ཁྲེལ་མེད།  དོན་མེད་ཀྱི་ཉོག་གཏམ་ནི་བོད་མི་རིགས་ཀྱི་ཁྱད་ཆོས་སུ་གྲུབ་འདུག   ཁྱེད་ཀྱི་གློ་སྙིང་བྲང་གསུམ་གསོན་པོར་བཀོག་ནས་ཁྲག་དམར་གྱི་རྒྱ་མཚོ་བཞུར་དུ་བཅུག་ན་ག་འདྲ་ཡིན་ནམ།  ཁྱེད་ཚོས་མ་སེམས་ཅན་ཐམས་ཅད་ཅེས་མིག་བཙུམ་དོན་ཡང་དེ་ཡིན་ནམ།  བླ་མ་དང་དཀོན་མཆོག་མཁྱེན་ཞེས་ལག་གཉིས་ཐལ་མོ་སྦྱར་ནས་གསོལ་འདེབས་བྱེད་པའང་དེ་ཡིན་ནམ།  རང་མགོ་རང་གིས་མ་གཡོག་བོད་པ་ཚོ།                                     དཀོན་མཆོག་མཁྱེན།  འདི་ན་བྱམས་པ་དང་བརྩེ་བ་རྩེད་ཆས་བྱེད་པའི་མི་ཡུལ་གྱི་སྲིན་པོའི་གྲོང་ཞིག  འདི་ན་དྲིན་ལན་དང་དྲིན་བཟོ་མི་ཤེས་པའི་གདོན་འདྲེའི་ཚོགས་ཤིག   འདི་ན་ཡ་རབས་དང་སྤྱོད་བཟང་གི་མིག་ཟུང་ཞར་བའི་ཁྲམ་པ་སྐོར་ཞིག  འདི་ན་མ་ཎི་དང་སྐྱབས་འགྲོ་འདོན་བཞིན་གཞན་གྱི་སྡུག་བསྔལ་མི་སྒོམ་པར་ཤ་ཁྲག་ལ་གང་འདོད་དུ་སྤྱོད་བཞིན་པའི་སྲིན་པོའི་གནས་ཤིག   བོད་མི་རིགས་ཟེར་བ་འདི་རྗེས་ལུས་དང་ཡ་རྒྱས་མེད་པའང་འདི་ནས་མཐོང་ཐུབ།                       ༢༠༡༧-ཧོར་ཟླ་༢༠ཚེས་༡ཉིན།               


 

ཆེས་གསར་བའི་དྲི་བ། ཟླ 11 19, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...