འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།པོ་ཏ་ལ། དུང་དཀར་ཡོན་ཏན་རྒྱ་མཚོ།

འདེམ་ཤོག 0

༄༅།།པོ་ཏ་ལ།    

གྱེར་ཚིག   དུང་དཀར་ཡོན་ཏན་རྒྱ་མཚོ།                       
གྱེར་མཁན།  རིག་པའི་རྒྱ་མཚོ།    


    སྤུ་རྒྱལ་བཙན་པོའི་སྣང་བརྙན་སྲིད་རྩེར་སྒྲེང་སའི་ཕ་མཁར་སྨུག་པོ།  གདོང་དམར་ས་ཡ་དྲུག་གི་བློ་གྲོས་དང་སྙིང་སྟོབས་གཅིག་ཏུ་སྤུངས་སའི་རིག་གནས་ཀྱི་ཕོ་བྲང་།     བཙན་པོའི་དཔུང་གི་ཀི་སྒྲ་དང་རྣམ་ཤེས་འཁོར་སའི་དག་ཞིང་གསོན་པོ།   ཨ་མྱེ་ཡང་མྱེ་ཚོའི་རེ་བའི་རྨི་ལམ་གྱི་མཆོད་མེ་སྒྲོན་སའི་སྐྱབས་འཇུག་གི་ཞིང་ཁམས།   ཀྱེ་ཀྱེ   ཕོ་བྲང་ལགས།  པོ་ཏ་ལ།                                                         

 

ཐུ་བྷོད་ཆེན་པོའི་ཞི་རྒྱས་དབང་དྲག་གི་འཕྲིན་ལས་དེ་གོ་ལའི་རྩེ་ནས་འབར་དུས།  ཁྱེད་ནི་ཤམ་བྷ་ལའི་ཞིང་ཁམས་ཡིན།  ས་ཕག་རིན་གཙང་གི་སྡེ་གཟར་གྱི་ཡོ་ལང་རྒྱས་ནས།  ནང་འཁྲུག་གི་འཁོར་ལོ་སྐོར་སྐབས།  ཁྱེད་ནི་ཕྱོགས་ཞེན་དང་ཕྲག་དོག་བྲལ་བའི་གཞས་ཡས་ཀྱི་ཁང་བཟང་ཡིན།      ཀྱེ་ཀྱེ   ང་ལ་ལྷག་པ་ནི་ཁྱེད་ལས་མི་འདུག                                          


ཕ་སྐད་མ་ཡིག་གི་ཚེ་སྲོག་ཐོག་མར་སྤར་ཞིང་།  གདོང་དམར་ཤ་གཟན་ཚང་སྟག་འབྲུག་གི་ཁྲི་ལ་འགྱིང་ནས། ངར་སྐད་ཀྱིས་གོ་ལ་སྒུལ་ཞིང་།  སྟོབས་འབྱོར་གྱིས་མཚོ་མོ་འཁྱོམ་དུས།   ཁྱེད་ནི་སྲ་བརྟན་འགྱུར་མེད་ཀྱི་རི་རྒྱལ་ལྷུན་པོ་ཡིན།  པོ་ཏ་ལ།  ངའི་དུས་གསུམ་གྱི་རྣམ་ཤེས་འཁོར་ས།                                                                             
  གྲགས་སྙན་གྱིས་འཛམ་གླིང་གཡོ་ཞིང་།  རིན་ཐང་གིས་འཛམ་གླིང་ཟིན་པའི་ངའི་མེས་པོའི་བླ་མཁར་བརྗིད་པོ།  ཁྱེད་ནི་རེ་བ་དང་ཡིད་ཆེས་ཀྱི་ཀློང་ནས།  དམར་པོ་རིའི་རྩེ་མོར་བསྐྲུན་ཞིང་།  ཆོལ་གསུམ་བོད་མིའི་དཔའ་ངར་དང་དད་འདུན་གྱི་ཁྲོད་ནས་མི་ལོ་སྟོང་ཕྲག་ལ་གཟི་བརྗིད་ཀྱིས་འགྱིང་།  ཁྱེད་ཡོད་པས་ང་ཚོ་ཡོད་ལ།  ང་ཚོ་ཡོད་པས་ཁྱེད་ཀྱང་ཡོད་དོ།།                   


 

ཆེས་གསར་བའི་དྲི་བ། ཟླ 11 20, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...