འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ཞེ་སྨྲེང་བའི་སྟོན་ཁ།

འདེམ་ཤོག 0

ཞེ་སྨྲེང་བའི་སྟོན་ཁ།
                        གངས་ཚ་འཇོམས།{མགོ་ལོག}

སྟོན་ཁ་ཚེས་མ་ཐག་རྩྭ་ཐང་གི་པང་ནས་ནར་སོན་པའི་འབྲོག་ཕྲུག་ཁྱོད།སྟོན་རླུང་གིས་དེད་པའི་སྡོང་ལོ་སེར་བོ་ནང་བཞིན་དབེན་འཇགས་ཀྱི་རྩྭ་ཐང་དང་ཁ་གྱེས་ཏེ་འདུ་འཛི་དང་འུར་ཟིང་དྲག་ཏུ་གཡོ་བའི་གྲོང་ཁྱེར་ལ་ལོག་དུས།བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་གོན་པ་སོགས་ལ་བསྒྱུར་བཅོས་མང་པོ་ཞིག་བཏང་ནས།

ང་ཚོ་ལ་ཅི་ཡང་མེད་པའི་ངང་ཚུལ་གྱིས་མི་རིགས་གཞན་གྱི་སྐད་དང་ཡི་གེ་གོན་པ་དག་ལ་ཡིད་ཀྱི་སྨོན་པ་དབང་མེད་དུ་འཆོར་གྱིན་འདུག  འདི་ནི་འུ་ཅག་གི་མི་རིགས་འདི་ཉམས་རྒྱུའི་སྔ་ལྟས་ཤིག་ཚང་པ་མ་རེད་དམ།རྒྱུ་མཚན།མི་རིགས་ཞིག་ཉམས་དང་མི་ཉམས་དེ་ནི་མི་རིགས་དེའི་སྐད་དང་ཡི་གེའི་དར་རྒུད་ལ་ལྟ་རྒྱུ་ཡིན་པ་ལས་ཕྱིའི་རྣམ་པ་ཙམ་ལ་ལྟ་རྒྱུ་ག་ལ་ཡིན།

དེའི་ཕྱིར།རང་མི་རིགས་འདིའི་སྐད་དང་ཡི་གེའི་དར་རྒུད་ནི་མཁས་པ་དང་སློབ་མ་གྲྭ་བ་སྙན་ངག་པ་སོགས་མི་མང་པོ་ཞིག་གིས།གྲོང་ཁྱེར་ན་གནས་སྡོད་བྱས་ཡོད་པ་དང་གྲོང་ཁྱེར་འགྲིམ་གྱིན་པ་མདོར་ན་གྲོང་ཁྱེར་བ་ཚོའི་ལག་ན་ཡོད་ཟེར་བའང་བདེན་ལྕོག་ལྕོག་གི་མགོ་བོ་གཡུག་ན་ཅིའི་མི་ལེགས།

ད་དུང་།བསིལ་རླུང་ཤུར་ཤུར་དུ་གཡུགས་པའི་སྟོན་གཞུང་འདིར་ལྗང་མདོག་གི་རྩྭ་ཐང་ནས་སྐྱ་ཆད་སྔོ་སྡུག་གི་གྲོང་ཁྱེར་ལ་བྲེལ་འཚུབ་ཀྱིས་བསྐྱོད་པའི་གནས་སྤོར་ཚོའི་ངོ་གདོང་མཐའ་དག་ཉི་འོད་ཀྱིས་གཙེས་ནའང་།གྲོང་ཁྱེར་ཟེར་བ་མཚན་མོའི་རྨི་ལམ་དུའང་རྨིས་ཀྱིན་འདུག་པ་ཕར་བལྟས་ཚོད་ཀྱིས་ཚོད་དཔག་བྱེད་ཐུབ་ཀྱིན་འདུག

ད་དུང་།འབྲོག་པའི་ན་གཞོན་སྐོར་ཞིག་གིས་གནས་སྤོར་སྡེ་བ་ཟེར་བའི་གློག་བརྙན་ཞིག་ཀྱང་འཁྲབ་སྟོན་བྱེད་ཀྱིན་འདུག་ལ།མང་ཚོགས་ཀྱིས་ཀྱང་དེ་ལ་དེ་ལྟར་དུ་བསྟོད་བསྔགས་ཕུལ་བཞིན་འདུག   འདི་དག་བསམ་གྱིན་བསམ་གྱིན་རེ་ཞིག་མགོ་བོ་སྒུར་ཏེ་ཞེ་སྨྲེང་ནི་ཞིག་རེད།

རྒྱུ་མཚན།ནམ་ཞིག་འབྲོག་ཐང་ན་སྦྲ་ནག་དང་ནོར་ལུག་གི་དྲི་ཙམ་ཡང་མི་བྲོ་བར་མ་ཟད་འབྲོག་པ་ཚོའི་འབྲོག་སྐད་དང་འབྲོག་གཤིས་བོར་ནས།གྲོང་ཁྱེར་གྱི་སྐྱུག་དྲི་བྲོ་བའི་བཅོས་མའི་གཤིས་ཀ་དག་རྒྱུད་ལ་མངའ་དུས་འབྲོག་ཐང་ནི་སྟོང་སང་ངེར་འཇམ་ཐང་ངེར་གྲག་འགུལ་མེད་པར་སྐྱ་ཐང་ངེར་ཡིད་སྐྱོ་བའི་འཁོར་ཡུག་ཤིག་ཏུ་ཆགས་འདུག

སྟོན་ཀའི་སྡོང་ལོ་ས་རུ་འཐོར་བའི་དུས་ཚིགས་འདིར་བདག་གིས་བསམ་གཞིགས་ཀྱི་རྒྱ་ཁྱོན་ཡངས་པོར་ཕྱེས་ནས་བཙའ་ཆགས་པའི་གནས་སྤོར་བ་ཚོའི་གདོང་ལ་ཕྱིལ་ཕྱིལ་འགའ་བྱེད་འདོད།ད་དུང་སྲོལ་རྒྱུན་རིག་གནས་ཀྱི་དྲི་ཙམ་ཡང་མི་བྲོ་བར་མ་ཟད་སྲོལ་རྒྱུན་རིག་གནས་ཞེས་གླེང་དུས་སྡང་མིག་བགྲད་པའི་མི་དེའི་རིགས་ལ་ཁ་ཁོག་མེད་པར་སྙིང་གཏམ་འགའ་ལབ་ཡོད།

༢༠༡༧-༡༡/༤ཉིན་གྲུབ།


 

ཆེས་གསར་བའི་དྲི་བ། ཟླ 11 20, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...