འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

བཙུན་པ་ཞིག་ལ་བུད་མེད་མི་དགོས་ཐ་ཡིས་རྒྱོབས། བོད་ལ་སྐྱོད་ཀྱང་རང་སེམས་བརྟན་པའི་ཟིན་ཐོ།

འདེམ་ཤོག 0

བཙུན་པ་ཞིག་ལ་བུད་མེད་མི་དགོས་ཐ་ཡིས་རྒྱོབས།

 བོད་ལ་སྐྱོད་ཀྱང་རང་སེམས་བརྟན་པའི་ཟིན་ཐོ།

                            

 མགོན་སྣང་སྐྱེས།


དམའ་མོ་ས་ཡི་སྟེང་ན་མཐོན་པོ་གནམ་ཡོད།།

ཨ་སྔོན་ནམ་མཁའི་དབྱིངས་སུ་ཉི་ཟླ་གཉིས་ཡོད།།

ཉི་ཟླའི་འོད་ཀྱིས་གླིང་བཞིར་དྲོད་ཁོལ་བྱིན་ཡོད།།

རྟེན་དང་རྟེན་གཞི་བྱས་ཀྱང་ཆོས་ཉིད་རུལ་བོ།།


དགུ་ཆུ་ཟམ་པའི་འོག་ནས་ཤག་ཤག་བཞུར་བ།།

མ་ཕམ་གཡུ་མཚོ་ལྟ་བུའི་རེབ་གོང་མཁར་གྲོང་།།

འཛམ་གླིང་དཔལ་དུ་སྒྲོན་པའི་གསེར་ལྗོངས་ཡིན་མོད།།

ང་ལ་རེབ་གོང་བུ་མོ་གྲོགས་སུ་མི་དགོས།།


རྩེ་ཆུ་ལུང་ཆེན་བརྒྱད་ཀྱི་ཉིང་བཅུད་ཡིན་པ།།

གནམ་ལྕགས་འཁོར་ལོར་བསྒྱུར་བའི་རྩེ་རྫོང་ཕྱུག་མོ།།

ཕ་ས་ཕ་ཡུལ་ཡིན་པའི་ཞེན་ཆགས་ལུས་ཡོད།།

རྩེ་ཐང་བུ་མོ་ང་ལ་གྲོགས་སུ་མི་དགོས།།


རྨ་སོག་གཡང་གི་ར་བའི་སྦྲ་རྒན་ནང་ན།།

འོ་དཀྲུགས་འབྲོག་མོ་བྱི་རུའི་དམར་ཆུང་ཡིན་པ།།

ཁ་སེམས་འོ་མའི་གཏེར་བ་ཐང་ལ་འཁྱིལ་འང་།།

ང་ལ་རྨ་སོག་བུ་མོ་གྲོགས་སུ་མི་དགོས།།


ཀླུ་ཆུའི་མགོ་ཁུངས་དཀྲུགས་པའི་མེ་ཏོག་སྨུག་པོ།།

ནོར་དབང་གསེར་གྱི་རྒྱན་པའི་སྒེག་གི་བདག་མོ།།

ཅི་བསམ་རང་འགྲུབ་འཁོར་བའི་ཀླུ་རྒྱལ་རིགས་མོད།།

ང་ལ་ཀླུ་ཆུའི་བུ་མོ་གྲོགས་སུ་མི་དགོས།།


རྨ་ཡུལ་རྐོང་གསེེར་ཁ་མདོའི་རྣ་ལུང་ཆ་གཅིག།

དབྱངས་ཅན་ངག་ལ་བྱིངས་པའི་ཁུ་བྱུག་དམར་པོ།།

རྨ་ཆུའི་རླབས་རྒྱན་ལང་ཚོའི་མཆོད་པར་བཤམས་ཀྱང་།།

ང་ལ་རྨ་ཆུའི་བུ་མོ་གྲོགས་སུ་མི་དགོས།།


གེ་སེར་རྒྱལ་པོའི་སེམས་པ་དབང་མེད་ཤོར་བ།།

རྟ་ཕོ་རྐྱང་རྐྱང་གསེར་སྒའི་བདག་མོར་བསུས་པ།།

གླིང་དཀར་སྟོད་ཀྱི་ཨ་ཅག་འབྲོག་མོ་ཡིན་ཀྱང་།།

ང་ལ་མགོ་ལོག་བུ་མོ་གྲོགས་སུ་མི་དགོས།།


རྔ་ལྗོངས་སྟག་མོ་མཆོངས་སའི་ནགས་ཚལ་ལ་མོ།།

འབྲོང་གི་ངུར་སྒྲས་ལྡིར་བའི་རྔ་ཡུལ་རྩྭ་ཐང་།།

མཛེས་མའི་ཁྱད་ཆོས་འབར་བའི་བུ་མོ་མོད་ས།།

རྔ་བའི་བུ་མོ་ང་ལ་གྲོགས་སུ་མི་དགོས།།


རོང་ལྗོངས་ཁ་བའི་རོང་མོའི་མགོ་དཀྲུས་གློ་ཁ།།

འོ་འཛིན་ཁ་བ་ས་རུ་ལྷུང་འདྲའི་བུ་མོར།།

གངས་ཅན་ལུང་ཁའི་མདོ་རུ་དཔལ་དར་སྒྲེངས་ཀྱང་།།

གསེར་རྟའི་བུ་མོ་ང་ལ་གྲོགས་སུ་མི་དགོས།།


དབང་ཕྱུག་མི་རུ་འགུག་པའི་བསླུ་བའི་གཞོང་བ།།

ཨ་སྔོན་པང་ལ་བཟུང་འདྲའི་མིག་གི་སྐད་ཆས།།

མི་རྣམས་གསོན་པའི་ཚེའང་ཤི་རུ་འཇུག་ཅིང་།།

བྲག་མགོའི་བུ་མོ་ང་ལ་གྲོགས་སུ་མི་དགོས།།


བུད་མེད་རྒྱལ་ཁབ་ཞེས་སུ་གྲགས་པའི་ཡུལ་ཞིག།

བཙུན་མ་ཤ་ཡག་གོས་ཡག་ཡིན་པའི་བཟོ་ཞིག།

ལང་ཚོ་རུམ་ལ་ཉར་བའི་འདོད་པའི་དྲོད་འཛོམས།།

དཀར་མཛེས་བུ་མོ་ང་ལ་གྲོགས་སུ་མི་དགོས།།


ནོར་བུ་གླིང་གའི་གཡུ་ཆུང་དྲུག་དཀར་ཞིག་ལ།།

ཆང་མ་ཡེ་ཤེས་མཁའ་འགྲོའི་སྲིད་ཤུགས་དར་བ།།

ཚངས་དབྱངས་དམ་ཚིག་ཆུ་བོའི་གཞུང་ལ་བསྐུར་མོད།།

ང་ལ་ལྷ་སའི་བུ་མོ་གྲོགས་སུ་མི་དགོས།།


ཆུང་དུས་མིག་ལ་ཐོག་ཅིང་སེམས་ལ་ཉར་བ།།

དཔེ་ཆའི་ནང་ནས་མ་རྙེད་འབྲི་དེབ་བྲིས་པ།།

རྡོ་ལ་དཀར་མོའི་ཡུལ་གྱི་སྒྲོལ་མ་ལ་སོགས།།

ད་ལྟ་ང་ལ་གྲོགས་སུ་གཏན་ནས་མི་དགོས།།


རབ་བྱུང་བཙུན་པའི་ཤ་ཚུགས་ཅན་གྱི་བན་ཆུང་།།

ཡིན་དུས་སུམ་རྟགས་བསླབ་རོགས་རྡོ་སྐྱིད་དང་ནི།།

འགར་གྱི་མི་སེམས་རྐུ་བའི་མཁའ་འགྲོའི་ཚོགས་ཀྱང་།།

ད་ལྟ་ང་ལ་གྲོགས་སུ་གཏན་ནས་མི་དགོས།།


དེང་སང་སྐད་འཕྲིན་ནང་གི་མཛའ་གྲོགས་གྱུར་བ།།

ང་རང་གྲོང་ལ་འབོད་པའི་ཨ་སྟག་དེ་ཚོ།།

མཛེས་སྡུག་བརྒྱ་འགྱུར་སྟོང་འགྱུར་ཡིན་པར་མཚར་ཀྱང་།།

ད་ནས་ང་ལ་གྲོགས་སུ་གཏན་ནས་མི་དགོས།།


འཁོར་བའི་ཉེས་དམིགས་བསམ་པའི་གཏིང་ལ་ཉར་ཏེ།།

ངེས་འབྱུང་བཅོས་མ་བཅོས་མིན་བཅོས་པར་བསྒྱུར་བ།།

དག་ཞིང་ལམ་དཀར་སྙེགས་པའི་གྲྭ་བཙུན་ང་ལ།།

བུད་མེད་གྲོགས་ཤིག་མི་དགོས་སྡུག་པའི་ངལ་རེད།།


 

ཆེས་གསར་བའི་དྲི་བ། ཟླ 12 11, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...