འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།རྨོངས་དད་ཀྱིས་རང་སྲོག་གཅོད་པ།

འདེམ་ཤོག 0

༄༅།།རྨོངས་དད་ཀྱིས་རང་སྲོག་གཅོད་པ།           

  དུང་དཀར་ཡོན་ཏན་རྒྱ་མཚོ། ཅོ་ནེ།                                       


བོད་ཀྱི་མི་གཤིས་དང་ཀུན་སྤྱོད་ནང་སེམས་ཀྱི་རིན་ཐང་ཇེ་ལེགས་སུ་གཏོང་བ་ལ་མེད་དུ་མི་རུང་བ་ནི་ལས་རྒྱུ་འབྲས་དང་འཆི་བ་མི་རྟག་པ།  དེ་བཞིན་གཞན་ཕན་དང་ལྷག་བསམ་བཅས་ཡིན་པ་ནི་སུ་ལའང་གསལ་བཤད་བྱེད་མི་དགོས་པ་ཞིག་ཡིན་ནའང་།  ང་རང་ཚོས་སེམས་ཀྱི་དྲི་མ་གཞན་ཞིག་ད་དུང་སེལ་མ་ཐུབ་པར་ལུས་འདུག་ལ།  དྲི་མ་དེས་མི་རིགས་ཀྱི་སྲོག་དབུགས་ཇེ་ཐུང་དུ་གཏོང་བཞིན་པའང་སུས་ཀྱང་རྟོགས་ཀྱིན་མེད།  དེ་ལྟ་བུའི་དྲི་མ་ངན་པ་དེ་ནི་གང་ཡིན་ནམ་ཞེས་ན།  དེ་ནི་བོད་ཡིག་ནི་ལྷའི་ཡི་གེ་ཡིན་པ་དང་།  དེ་ནི་དཔེ་དེབ་སྟེང་དུ་འབྲི་བ་དང་ཡང་ན་མཐོ་ས་ཞིག་ཏུ་འཇོག་པ་ལས་འོས་མེད་པར་འདོད་པ། གལ་སྲིད་དེ་ནི་རྐང་སྣམ་དང་ལྷམ།  ཉལ་ས་དང་ཉལ་གདན་ལྟ་བུ་སོགས་སུ་འབྲི་མི་རུང་ལ།  དེ་ལྟར་བྲིས་ཚེ་ཁྱོད་ནི་ཆོས་ལ་མི་དད་མཁན་དང་ཡང་ན་རྒྱུ་འབྲས་མེད་མཁན།  ཡང་ན་དཀོན་མཆོག་ལ་མི་དད་ཞིག་ཏུ་ངོས་བཟུང་ནས།  མི་ཚོས་དེའི་ལྟ་བ་དང་ཀུན་སྤྱོད་སོགས་གླེང་ནས་མར་འདྲུད་པ་ནི་ཐེ་ཚོམ་མེད་པ་ཞིག་རེད།  བོད་ཀྱི་སྤྱི་ཚོགས་ནི་འདི་འདྲ་ཞིག་རེད།  དེ་ནི་ནོར་འཁྲུལ་ཚ་ཤོས་དང་གླེན་རྟགས་ཁོ་ན་ལས་འོས་མེད།  མི་རིགས་དང་རྒྱལ་ཁབ་གང་ཞིག་གི་ཡི་གེ་དར་དགོས་ན་དེར་ཁོར་ཡུག་ཆེན་པོ་གསུམ་དང་འགེབ་སྲུང་དབང་ཆ་གསུམ་ཚང་དགོས་ཏེ།  ཁོར་ཡུག་ཆེན་པོ་གསུམ་ལས།  གཅིག་ནི་ཆོས་ལུགས་ཀྱི་བསམ་བློ་ལ་རྟེན་ནས་དར་སྤེལ་གཏོང་དགོས་པ།  གཉིས་པ་དེ་རྩོམ་རིག་སྒྱུ་རྩལ་ལ་རྟེན་དགོས་པ།  གསུམ་པ་དེ་དཔལ་འབྱོར་འགྲན་རྩོད་ཁྲོད་ཞུགས་དགོས་པ་དེ་ཡིན།  དེ་གསུམ་ལས་ཆེས་འཕེལ་སླ་ཞིང་ཁྱབ་རྒྱ་མྱུར་བ་ནི་ཚོང་ལས་དཔལ་འབྱོར་གྱི་ཕྱོགས་ལ་བཀོལ་བ་དེ་ཡིན།    འགེབ་སྲུང་དབང་གསུམ་ནི།  འདྲ་མཉམ་གྱི་དབང་ཆ།  བདག་དབང་གི་དབང་ཆ།  བཀོལ་སྤྱོད་ཀྱི་དབང་ཆ་བཅས་ཡིན་ལ།  འདི་དག་ལ་གཙོ་བོ་ཁྲིམས་ལུགས་ཀྱི་གོ་རྟོགས་སད་དགོས་པ་ནི་གནད་ཀྱི་དམ་པའོ།།                                                              


བོད་ཡིག་ནི་མི་རིགས་ཤིག་གི་ཆབ་དཔལ་རིག་གསུམ་རང་རྐྱ་ཐུབ་པར་བརྡ་སྤྲོད་བྱེད་ཀྱི་རི་མོ་ཞིག་ཡིན་པ་ལས་དེ་ནང་བསྟན་མིན་ལ་ལས་རྒྱུ་འབྲས་ཀྱི་བདག་པོའང་དེ་བས་མིན།                    

བསམ་བློ་ཞིབ་ཏུ་ཐོངས།  བོད་ཡིག་མེད་ན་སངས་རྒྱས་ཀྱི་བསྟན་པ་རྒྱ་མན་སོག་གསུམ་གང་ལའང་དར་ཆོག་ལ།  བོད་ཡིག་མེད་ན་ལས་རྒྱུ་འབྲས་ནི་འཛམ་གླིང་གི་མི་རེ་རེར་སྨིན་རྒྱུ་ཞིག་ཡིན་པའང་སེམས་ལ་ངེས་དགོས།  དེ་བས་ཁྱེད་རང་དོན་ངོ་མར་མི་རིགས་ལ་ཤ་ཚ་ན་བོད་ཡིག་ནི་རྐང་འབོབ་དང་རྐུབ་སྟེགས་སྟེང་དུ་བྲིས་ནའང་ཆོག་ལ།  སྨད་གཡོགས་དང་ལྷམ་སོགས་ཀྱི་སྟེང་དུ་དཔར་ནའང་ཆོག་གོ                                                    


གཟུངས་སྔགས་དང་ཆོས་ཀྱི་ནང་དོན་བརྗོད་བྱར་བྱས་པའི་བོད་ཡིག་དམའ་སར་འབྲི་བའམ་རྐང་བས་བགོམས་པ་སོགས་མི་བྱེད་པ་ནི་བོད་ཡིག་རང་གི་ངོ་སོ་ལ་བལྟས་པ་མ་ཡིན་པར།  དེའི་བརྗོད་བྱའི་རིན་ཐང་ལ་བལྟས་པའོ།།            


དེ་བཞིན་དུ་བརྗོད་བྱ་དང་བརྗོད་བྱེད་ཀྱི་དབྱེ་བ།  རིན་ཐང་།  དགོས་པ་སོགས་ལ་བརྟག་ཅིང་ངེས་པར་བྱེད་པ་ནི་མཁས་པའི་ལུགས་སོ།།                      

བརྗོད་བྱ་དང་བརྗོད་བྱེད་གཉིས་ངོ་བོ་གཅིག་ཏུ་བསྲེས་པ་ནི་རྨོངས་དད་ཁོ་ན་སྟེ།  བརྗོད་བྱ་དཀོན་མཆོག་གསུམ་པོ་ནི་ཡི་གེ་མ་ཡིན་ལ་བརྗོད་བྱེད་ཡི་གེ་དེའང་མཆོག་གསུམ་མ་ཡིན་པའི་གནས་ལུགས་ཤེས་དགོས་སོ།།                            

གནས་ལུགས་འདི་དག་ཤེས་པ་ཙམ་གྱིས་ག་ལ་ཆོག་སྟེ།  དམངས་ཚོགས་ལ་གོ་བརྡ་སྤྲོད་པར་བྱེད་པ་ནི་ཐབས་ཀྱི་མཆོག་གོ།།


 

ཆེས་གསར་བའི་དྲི་བ། ཟླ 12 26, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...