འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།ལུག་རྫི་དག་བཀའ་དྲིན་ཆེ།

འདེམ་ཤོག 0

༄༅།།ལུག་རྫི་དག་བཀའ་དྲིན་ཆེ།  
 

དུང་དཀར་ཡོན་ཏན་རྒྱ་མཚོ།  ཅོ་ནེ།                               
 

  བོད་མི་རིགས་ནི་སྤྱིར་བཤད་ན་ཞེ་སྡང་ཆེ་ལ་སྙིང་སྟོབས་ལྡན་པ།  སེམས་རྒྱ་དོག་ལ་ཕྱིར་འདང་མེད་པ་ཞིག་ཡིན་པའི་ཁར།  སྣ་མང་གི་གཞུང་ལུགས་དང་ལག་ལེན་གྱི་འདུ་ཤེས་བྲལ་བའི་མི་རིགས་རྐྱལ་སྟོང་ཞིག་ཀྱང་ཡིན་འདུག   མི་རིགས་གཞན་དང་ང་ཚོའི་བར་འདྲ་ས་ཞིག་ཡོད་པ་ནི་ཟ་ཤེས་ལ་གཏོང་ཤེས་པ་ཙམ་དང་།  མི་འདྲ་སའི་ཆ་ནི་མཐའ་ཡས་ཤིང་རྫོགས་ཏུ་མེད་པ་ཞིག་རེད།                              

 ༡ བོད་མི་རིགས་ལ་ཚད་ལྡན་གྱི་སློབ་གྲྭ་མང་པོ་མེེད་ལ།  ལྷག་པར་དུ་དཔལ་འབྱོར་རིག་པ་དང་།  དངོས་ལུགས་རིག་པ།  རྫས་འགྱུར་རིག་པ།  ས་ཁམས་རིག་པ།  སྤྱི་ཚོགས་རིག་པ།  མིའི་རིགས་རིག་པ།  ལག་རྩལ་རིག་པ།  ཁྲིམས་ལུགས་རིག་པ་སོགས་ཆེད་སྦྱོང་གི་ཁོར་ཡུག་ཅིག་གང་ན་ཡོད་དེ།  དེ་དག་སྦྱོང་བྱེད་ཀྱི་གཞུང་ལུགས་ཙམ་ཡང་མེད་དོ།།  གཅིག་ཡོད་པ་ནི་རྩོམ་རིག་དང་ཆོས་ལུགས་གཉིས་ཡིན།  བོད་ཀྱི་ཤེས་ཡོན་པ་ཟེར་ན་ཆེད་ལས་འདི་གཉིས་ལས་གཞན་པ་ཞིག་གང་ནའང་མེད།  འདི་ནི་འུ་ཚང་གི་གཟི་བརྗིད་རེད་དམ་ངོ་ཚ་རེད།  སློབ་ཆེན་པ་ཚོ་མཐར་ཕྱིན་སྐབས་དཔྱད་རྩོམ་ཡོད་ཚད་རྩོམ་རིགས་རིག་པའི་ཁོང་གཏོགས་ལས་བརྒལ་མི་ཐུབ་པ་འདི་ཇི་འདྲའི་སེམས་སྡུག་བྱེད་ཅིག   ཁྱེད་ཚོས་སྤྱི་ཚོགས་རིག་པ་དང་དངོས་ལུགས་རིག་པའི་ཕྱོགས་ནས་དཔྱད་རྩོམ་བྲིས་ཆོག་ཀྱང་།  ཁྱེད་ཚོའི་བསམ་བློ་ནི་རྩོམ་རིག་ལས་བརྒལ་མི་ཐུབ་པ་འདི་ཅི་ཡིན་ནམ།  རྩོམ་རིགས་དཔྱད་རྩོམ་དེ་དག་ཀྱང་བསྐྱར་དཔྱད་དང་ཡང་དཔྱད།  བསྐྱར་བཀོད་དང་ཡང་བཀོད་བྱས་ནས།  བོད་ཀྱི་མཁས་གྲུབ་ཚོའི་རྣམ་ཐར་དང་ལོ་རྒྱུས་དྭངས་ཤིང་གཙང་བ་དག་ལ་རང་བཟོ་དང་རྟོགས་བཟོ།  སྒྲོ་འདོགས་སོགས་ཀྱིས་ཇེ་བཟང་ཇེ་ལེགས་སུ་བཏང་ག་ལ་ཐུབ་སྟེ།  དེར་མི་རིགས་གཞན་གྱི་བརྡ་ཆད་དང་མཚོན་རྟགས་བཀོལ་ནས་ར་མ་ལུག་ཅིག་ཏུ་བཏང་འདུག  འདི་ནི་བོད་ཀྱི་རིག་གནས་ལ་བྱས་རྗེས་བཞག་པ་རེད་དམ་ཡང་ན་ཉོག་ཏུ་བཅུག་པ་རེད།                                         
 ༢ འུ་ཚང་གིས་རང་གི་ཆུ་བཞུར་ཆབ་ཁང་ལ་སྐྱོན་ཞུགས་ནའང་བཟོ་བཅོས་བྱེད་པའི་རིག་པ་ཙམ་ཡང་མེད་པ་མ་ཟད།  ཐ་ན་ཆུ་གཙག་འཕྲུལ་ཆས་ཙམ་ཡང་བཅོས་མི་ཐུབ་ན།  ད་དུང་སྙན་ངག་དང་རྩོམ་རིག   མི་རིགས།   སྐད་ཡིག   ཡར་རྒྱས།  གོང་འཕེལ། སྔོན་ཐོན།  ལྟ་བ་སོགས་ནི་ཁ་སྟོང་ནང་གི་ཚིག་སྟོང་ཡིན་པའང་མི་ཚོར་རམ།  བོད་མི་རིགས་དང་མི་རིགས་གཞན་གཉིས་ལ་ལག་ལེན་གྱི་སྟེང་ནས་མི་འདྲ་ས་ནི།  མི་རིགས་དང་རྒྱལ་ཁབ་གཞན་གྱི་དཔེ་ཁང་སོགས་སུ་ལག་ལེན་གྱི་ཐོག་ནས་དཔེ་ཆ་སྣ་ཚོགས་ཉོ་རྒྱུ་ཡོད་ལ།  བོད་ལ་སློབ་གསོ་ཙམ་གྱི་དཔེ་ཆ་ལས་གཞན་ཅི་ཡང་མེད་པ་དེ་རེད།  འདི་ནི་ང་ཚོའི་བར་ཁྱད་རེད།  བོད་ཀྱི་སྟོད་སྨད་བར་གསུམ་ནས་ཁྲི་ལ་བཞུགས་ནས་ཆོས་གསུངས་མཁན་དང་སློབ་གསོ་རྒྱག་མཁན་ཞིག་བཙལ་ཤོག་ཟེར་ན།  ལུང་བ་རེ་ན་ཆུ་མགོ་རེ་ཟེར་བ་བཞིན་སྡེ་བ་རེ་ན་ཕལ་ཆེར་རེ་རེ་ཡོད་སྲིད།  འོ་ཀྱང་ཆབ་ཁང་ལ་སྐྱོན་ཞུགས་འདུག་བཟོ་ལས་པ་ཞིག་ཁྲིད་ཤོག་ཟེར་ན་ཉིན་མོའི་སྐར་མ་ལྟ་བུ་རེད།  འདི་ནི་རིག་གནས་མ་དར་བའི་རྟགས་མཚན་རེད་ལ།  འཇོན་ཐང་དང་ལས་རིགས་སྣ་མང་གི་བསམ་བློའི་སྒོ་མོ་མ་ཕྱེ་པའི་ངན་རྟགས་རེད།  དེ་བས་བོད་ལ་མི་ལྷག་མང་སོང་བ་རེད།  མི་ཟེར་བ་འདི་མི་རིགས་དང་རྒྱལ་ཁབ་ཀྱི་ལས་དོན་ལ་རོགས་རམ་བྱེད་ཐུབ་མཁན་ཞིག་ཡིན་དགོས་རྒྱུ་ལ།  བོད་ཀྱི་མི་དམངས་ནི་མི་རིགས་ཀྱི་བསམ་བློ་བ་དང་ལ་རྒྱ་ཅན་ཚོའི་ཁུར་བོ་རུ་གྱུར་ཡོད་པ་འདིའི་རྒྱུ་རྐྱེན་གང་ལ་ཐུག་གམ།  དུས་རབས་ཉེར་གཅིག་པའི་ནང་དུ་བསམ་བློ་བ་ཚོ་ལུག་རྫི་ཇི་བཞིན་མི་རིགས་ཤིག་དེད་ནས་ཁ་ལོ་བསྒྱུར་དགོས་ཚུལ་འདི་དྲན་ན་ཇི་འདྲའི་གླེན་པ་ལའང་།  འདི་ནི་ཤེས་རིག་དང་རང་ཚུགས་མེད་པའི་དཔེ་གསོན་པོ་དེ་མ་ཡིན་ནམ།     


 

ཆེས་གསར་བའི་དྲི་བ། ཟླ 1 3 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...